མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས10ཉིན། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་ནང་དུ་སྨན་བཅོས་བྱེད་པར་ཡོང་བའི་གྲོང་མི་མང་ཚོགས་རྒྱུན་ཆད་མེད་པ། ཟི་ལིང་གྲོང་ཁྱེར་ཨུ་ལྷན་གྱི་ཤེས་ལྡན་མི་སྣ་གཞུང་དོན་ཁང་དང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་ནུ་ཚོགས་པའི་ཀྲུང་དབྱང་ཁག་25པའི་ཆིང་ལ་ཡོང་བའི་འབུམ་རམས་པ་ཞབས་ཞུའི་ཚོགས་པའི་འོས་འགན་སྨན་བཅོས་བྱེད་སྒོ་དེ་གར་འཚོགས་པ་རེད། རྒྱལ་ཡོངས་ཀྱི་ཀ་གསུམ་སྨན་ཁང་མང་པོ་ནས་ཡོང་བའི་འབུམ་རམས་པ་དང་ཆེད་མཁས་པ11གིས“འོས་འགན་སྨན་བཅོས་དང་སློབ་ཁྲིད་ཁང་བརྟག་པ། ནད་དཔེ་གྲོས་སྡུར་བཅས་ཀྱི་རྣམ་པའི་ཐོག་ནས་མང་ཚོགས་ལ་གནད་ལ་འཁེལ་བའི་བདེ་ཐང་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད།
ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས“ཤེས་ལྡན་མི་སྣ་ནི་ཐོན་ཁུངས་དང་པོ་ཡིན”ཞེས་པའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། འབུམ་རམས་པ་ཞབས་ཞུའི་ཚོགས་པ་དེ་སྨན་བཅོས་བྱ་གཞག་གི་གསར་གཏོད་ཐོད་བརྒལ་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་དུ་བརྩི་བཞིན་ཡོད། ད་སྔའི་བར་འབུམ་རམས་པ་ཞབས་ཞུའི་ཚོགས་པའི་ཁོངས་མི20ཟི་ལིང་གི་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་སུ་ཞུགས་ནས་རིག་ཚན་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། སྨན་བཅོས་ཞབས་ཞུའི་མ་ལག་ཇེ་ལེགས་སུ་གཏོང་རྒྱུ། ས་གནས་དེའི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད།
2025ལོར་འབུམ་རམས་པ་ཞབས་ཞུའི་ཚོགས་པའི་ཟི་ལིང་ལས་དོན་ས་ཚིགས་བཙུགས་པ་དེ་ནི་ཟི་ལིང་གྲོང་ཁྱེར་གྱི་སྨན་བཅོས་ཤེས་ལྡན་མི་སྣའི་ལས་དོན་གྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་རེད། གྲོང་ཁྱེར་ཏང་ཨུའི་ཤེས་ལྡན་མི་སྣ་གཞུང་དོན་ཁང་དང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གཉིས་ཀྱིས་མཉམ་ལས་དམ་ཟབ་བྱས་ཏེ་ནད་རིགས་ཚབས་ཆེན་འགོག་བཅོས་དང་།སྤྱི་པའི་འཕྲོད་བསྟེན་འཕྲལ་སྐྱོད། གཞི་རིམ་སྨན་བཅོས་ནུས་པ་ཇེ་ཆེར་གཏོང་བ་བཅས་འགག་རྩའི་ཁྱབ་ཁོངས་ཆེན་པོ་གསུམ་ལ་དམིགས་པ་དང་། འབུམ་རམས་པ་ཚོགས་པ་དང་ཚན་རིག་ཞིབ་འཇུག་རྣམ་གྲངས་དང་། ལག་རྩལ་ལས་སྟེགས། ཤེས་ལྡན་མི་སྣ་གསོ་སྐྱོང་མ་ལག་བཅས་མཉམ་སྐྲུན་མཉམ་སྤྱོད་བྱས་ཏེ། འབུམ་རམས་པ་ཚོགས་པ་དང་མཉམ་དུ་རིག་ཚན་མཉམ་སྐྲུན་དང་། ཚན་རིག་ཞིབ་འཇུག་འགག་སྒྲོལ། ལག་རྩལ་གཞན་བསྒྱུར། ཤེས་ལྡན་མི་སྣ་གསོ་སྐྱོང་། མཐོ་སྒང་གི་གསོ་རིག་ཞིབ་འཇུག་བཅས་མཉམ་ལས་ཆེན་པོ་ལྔ་གཏིང་ཟབ་ཏུ་སྤེལ་བ་དང་། ཟི་ལིང་གྲོང་ཁྱེར་གཞུང་གཉེར་སྨན་ཁང་གི་ཟི་ལིང་ལ་ཡོང་བའི་འབུམ་རམས་པ་ཞབས་ཞུའི་ཚོགས་པའི་ཆེད་དོན་ལས་ཀའི་ལམ་སྲོལ་དུས་མཉམ་དུ་བཙུགས་ཏེ། རིག་སྟོབས་ཐོན་ཁུངས་“ནུབ་ཐུབ་པ་དང་། བེད་སྤྱོད་ཡག་པོ་བྱེད་ཐུབ་པ། ཕན་འབྲས་དངོས་ཐོན་ཐུབ་པ་”འགན་སྲུང་བྱེད་དགོས།
ད་སྔའི་བར་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འབུམ་རམས་པ་ཞབས་ཞུའི་ཚོགས་པས་དཀའ་ངལ་ཆེ་བའི་ནད་དཔེ་ཚོགས་འདུ་བརྟག་དཔྱད་ཐེངས་94དང་། གཤགས་བཅོས་སློབ་སྟོན་ཐེངས78རིག་གཞུང་འཆད་ཁྲིད་ཐེངས29བཅས་ལེགས་གྲུབ་ཟིན་པ། རིག་གཞུང་སྤེལ་རེས་ལམ་སྲོལ་གཏིང་ཟབ་ཏུ་བཏང་བ་བརྒྱུད་ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་གྲགས་ཅན་དང་འབུམ་རམས་པ་ཞབས་ཞུའི་ཚོགས་པའི་ཁོངས་མི་གདན་འདྲེན་ཞུས་ནས་ས་ཁོངས་ལས་བརྒལ་བའི་རིག་གཞུང་སྤེལ་རེས་འཆད་ཁྲིད་ཆེ་གྲས་དང་ཧྲ་ལུང་ཐེངས་10ལྷག་ཙམ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་ས་གནས་དེ་གའི་སྨན་བཅོས་མི་སྣའི་རིག་གཞུང་མཐོང་རྒྱ་ནུས་ལྡན་ངང་ཆེ་རུ་ཕྱིན་པ། “བདེ་སྲུང་དང་སྨན་བཅོས”མཉམ་འདྲེས་ལམ་སྲོལ་གསར་གཏོད་བྱས་ཏེ་འབུམ་རམས་པ་ཞབས་ཞུའི་ཚོགས་པའི་ཁོངས་མི་སྒྲིག་འཛུགས་བྱས་ཏེ་ཟི་ལིང་གྲོང་ཁྱེར་ཁྲེང་ཤར་ཁུལ་གྱི་ས་བབ་གསེར་གྱི་ས་མཐོའི་བདེ་སྲུང་དཔེ་སྟོན་རྟེན་གཞིར་བསྐྱོད་དེ་ས་མཐོའི་ཀྲུང་བོད་གསོ་རིག་གི་འོས་འཚམ་ལག་རྩལ་དངོས་སུ་ཉམས་ལེན་བྱས་ནས་ཀྲུང་ལུགས་དང་ནུབ་ལུགས་ཟུང་འབྲེལ་འཕེལ་རྒྱས་གཏོང་རྒྱུར་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ་རེད། འབུམ་རམས་པ་ཞབས་ཞུའི་ཚོགས་པའི་ཟི་ལིང་ལས་དོན་ས་ཚིགས་ཀྱི་ལམ་སྲོལ་མུ་མཐུད་འཐུས་ཚང་དུ་ཕྱིན་པ་དང་ཆབས་ཅིག་ཟི་ལིང་གི་འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ“རིག་སྟོབས་ཀྱི་སྒུལ་ཤུགས་”སྔར་བས་ཟབ་ཏུ་བཏང་ནས་རིག་ཚན་གྱི་ཞན་ཆ་ཁ་གསབ་དང་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུར་རོགས་རམ་བྱས་ཏེ་མང་ཚོགས་དེ་བས་མང་བ་ཞིག་ལ་སྒོ་འགྲམ་དུ་སྤུས་ལེགས་དང་སྟབས་བདེ་བའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱས་ཏེ་བདེ་ཐང་གི་ཟི་ལིང་དང་བདེ་སྐྱིད་ཀྱི་དབྱར་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུར་སྲ་བརྟན་གྱི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུ་རེད།