མཚོ་བྱང་ཁུལ་གྱིས་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་འཕར་ཚད་ལྡབ་འགྱུར་གྱིས་འཕར།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས6ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་བྱང་ཁུལ་གྱིས་ལས་ཀའི་བྱེད་ཐབས་ཆེན་པོ་བཞི་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱས་ནས། ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ཀྱི་སྒུལ་ཤུགས་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་ཡོད། ད་ལོའི་ཟླ1པ་ནས་ཟླ8པའི་བར། མཚོ་བྱང་ཁུལ་གྱི་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་ཕྱིར་གཏོང་ལས་སྒོས་སྒོར་ས་ཡ་དགུ་དང་འབུམ་བརྒྱད་ཁྲི་གསུམ་སྟོང་གསུམ་བདུན་བརྒྱ་མངོན་འགྱུར་བྱས་ནས་ལྡབ9.4འཕར་ཏེ། ལོ་རྒྱུས་ཀྱི་མཐོ་ཤོས་བསྐྲུན་པར་མ་ཟད། འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ནས། གཞི་ཁྱོན་དང་སྤུས་ཚད་གཉིས་ཀྱི་ཐད་ནས་མཆོང་སྐྱོད་མངོན་འགྱུར་བྱས།

མཚོ་བྱང་ཁུལ་གྱིས“སྲིད་གཞུང་དང་ཁེ་ལས་འགག་སྒོའི”མཐུན་སྦྱོར་ཞབས་ཞུའི་ལམ་སྲོལ་གསར་གཏོད་བྱས་ཏེ། ནུབ་མཚོ་འགག་སྒོའི་ཕྱི་ཕྱོགས་ཚོང་དོན་ཞབས་ཞུའི་ལྟེ་གནས་སྦྲེལ་ལམ་དུ་བཅུག་ནས། ཁེ་ལས་ལ་བརྒྱུད་རིམ་ཧྲིལ་བོའི་མཛུབ་སྟོན་མཁོ་འདོན་བྱས།  འགག་སྒོ་དང་མཉམ་འབྲེལ་སྒོས་སྲིད་ཇུས་སྒྲོག་འགྲེལ་ཚོགས་འདུ་བསྡུས་ནས། འགག་སྒོར་སྙན་ཞུ་འབུལ་བའི་བརྒྱུད་རིམ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། ཕྱིར་གཏོང་གི་ཁྲལ་ཕྱིར་སློག་པ། སྒོ་ཁྲལ་ཇེ་དམའ་དང་མེད་པར་གཏོང་བ་སོགས་སྲིད་ཇུས་ཀྱི་གཙོ་གནད་ལ་གོ་རིམ་ལྡན་པའི་སྒོ་ནས་གསལ་འགྲེལ་བྱས་ཏེ། ཁེ་ལས་ཀྱིས་སྲིད་ཇུས་ཀྱི་ཁེ་ཕན་གང་ལེགས་སྒོས་ཤེས་རྟོགས་ཐུབ་རྒྱུར་རོགས་རམ་བྱས།  ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱི“མྱུ་གུ་གསོ་སྐྱོང་དང་སྟོབས་ཤུགས་ཆེ་རུ་གཏོང་བའི”བཟོ་སྐྲུན་ལག་བསྟར་བྱས་ཏེ། ཁུལ་ཡོངས་ཀྱི་བཟོ་ལས་དང་ཞིང་ཕྱུགས་ལས་ཁེ་ལས་ལ་དྲ་འཐེན་རྣམ་པའི་ཞིབ་དཔྱད་དང་གྲ་སྒྲིག་བྱས་ཏེ།“ ཁེ་ལས་ཀྱི་འདོད་མོས་དང་བསྟུན་པ་དང་ཁེ་ལས་གསོ་སྐྱོང་བྱེད་པ། ཁེ་ལས་ཚད་ལྡན་དུགཏོང་བ”བཅས་རིམ་པ་གསུམ་གྱི་རྩིས་ཐོ་བཙུགས་ནས།“ཁེ་ལས་གཅིག་ལ་སྲིད་ཇུས་གཅིག་འདོན་རྒྱུ”གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱས།  སྔོན་ཐོན་ས་ཁུལ་དུ་ལྟ་སྐོར་སློབ་སྦྱོང་བྱེད་པར་བསྐྱོད་རྒྱུ་རྩ་འཛུགས་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཁེ་ལས་ཀྱིས་རྒྱལ་མཚམས་ལས་བརྒལ་བའི་ཉོ་ཚོང་སྒྲིག་སྲོལ་མགྱོགས་མྱུར་ངང་ཁོང་དུ་ཆུད་པར་རོགས་རམ་བྱེད་ཀྱིན་ཡོད། མིག་སྔའི་བར་མཚོ་བྱང་ཁུལ་དུ་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་ཐོབ་ཐང་ཡོད་པའི་ཁེ་ལས15ཡོད་ལ། མདོག་ལྡན་ལྕགས་རིགས་ཕྱིར་གཏོང་མེད་པའི་རྣམ་པར་འགྱུར་བ་བཟོས།

ལྗང་མདོག་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་བྱ་རྒྱུ་དེ་གཞི་འཛིན་སར་བྱས་ཏེ། ནུབ་མཚོའི་འགག་སྒོ་ལས་ཁུངས་དང་མཉམ་འབྲེལ་བྱས་ནས། འགག་སྒོའི་ཞབས་ཞུ་ཇེ་ལེགས་སུ་བཏང་སྟེ། ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་དེ“མངའ་ཁོངས་ཞིབ་བཤེར་གྱི་གེགས་མེད་བགྲོད་ལམ”ནང་འཇུག་དགོས། ད་ལོ་ནས་བཟུང་། མཚོ་བྱང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཞིང་ཆེན་ཕྱི་ནང་དུ་ཕྱིར་ཚོང་བྱས་ཏེ། ཡོང་འབབ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཉིས་ས་ཡ་བཞི་ལ་སླེབས་ཡོད་ཅིང་། དེ་དུས་མཚུངས་ལས60.6%འཕར་ཡོད།“མདོ་ལ་རི་བོའི་འདབས་རོལ་གྱི་རྩྭ་ས་བཟང་པོའི”ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་ནུས་ལྡན་ངང་ཆེ་རུ་ཕྱིན་ནས། ཁེ་ལས་ཀྱིས་ཞང་ཀང་དང་ཨའོ་མོན་དང་ཡ་གླིང་ཤར་ལྷོའི་ཁྲོམ་ར་རྒྱ་བསྐྱེད་རྒྱུར་རྨང་གཞི་བརྟན་པོ་བཏིངས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།