མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས(མཚོ་ཤར་གྲོང་ཁྱེར)རྣམ་གྲངས་སྤྱོད་འགོ་ཚུགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས(མཚོ་ཤར་གྲོང་ཁྱེར)རྣམ་གྲངས་དངོས་སུ་སྤྱོད་འགོ་ཚུགས་པས་ཞིང་ཆེན་རིམ་པའི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་དང་། མར་འཛུགས། སྣུར་སྲིང་བཅས་མངོན་འགྱུར་བྱུང་བ་མཚོན་པ་དང་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དང་དེའི་མཐའ་འཁོར་ས་ཁོངས་ཀྱི་སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་ནུས་ལྡན་བྱས། ལྟེ་གནས་དེ་བསྐྲུན་པ་དེས་མཚོ་ཤར་གྲོང་ཁྱེར་གྱི་ས་ཁོངས་སྨན་བཅོས་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཕྱོགས་ཡོངས་ནས་ཇེ་མཐོར་ཕྱིན་པ་མ་ཟད། “མང་ཚོགས་ཀྱིས་སྒོ་འགྲམ་དུ་སྤུས་ལེགས་སྨན་བཅོས་ལོངས་སྤྱོད་བྱེད་པའི”འདུན་པ་གྲུབ་འབྲས་ཐོབ་པའི་ངང་མངོན་འགྱུར་བྱུང་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས(མཚོ་ཤར་གྲོང་ཁྱེར)འཛུགས་སྐྲུན་རྣམ་གྲངས་2023ལོའི་ཟླ་10ཚེས་8ཉིན་དངོས་སུ་ལས་འགོ་བཙུགས་ནས་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་2.85ཟིན་ཡོད། ལྟེ་བའི་འཛུགས་སྐྲུན་ལ་ས་འོག་ཐོག་ས་2དང་ས་སྟེང་ཐོག་ས12ཡོད་པ་དང་ནང་ཁུལ་དུ་ཀྲུང་ལུགས་གསོ་རིག་ཚན་ཁག་དང་། བདེ་ཐང་གསོ་རིག་ཚན་ཁོ།འབྱིན་རྔུབ་དང་ནད་ཚབས་ཆེ་བའི་གསོ་རིག་ཚན་ཁོ།གཉིད་གསོ་རིག་ལྟེ་གནས།ས་མཐོའི་བདེ་ཐང་གསོའི(དམིགས་བསལ་དགོས་མཁོངས)ནད་ཁང་སོགས་ལྟེ་བའི་ལས་སྒོའི་ཁང་པ་ཚུད་ཡོད། གཞན་ཡང་རྣམ་གྲངས་དེའི་ནང་ད་དུང་སྨན་བཅོས་སྙིགས་རྫས་དང་རྒྱུན་གཏན་གྱི་གད་སྙིགས་ཉར་ཚགས་ཁང་སོགས་ཞོར་གཏོགས་སྒྲིག་བཀོད་ལེ་ལག་ཏུ་བསྐྲུན་པ་མ་ཟད། སྨན་བཅོས་སྒྲིག་ཆས་དང་ཆ་འཕྲིན་ཅན་གྱི་མ་ལག་དུས་མཉམ་དུ་བཀོད་སྒྲིག་བྱས་ཡོད།

རྣམ་གྲངས་འདིས་མཚོ་སྔོན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་ཕྱིར་གཏོང་སྨན་ཁང་དུ་བྱེད་པ་དང་མཚོ་ཤར་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པ་བརྟེན་སྨན་ཁང་དུ་བྱས་ཏེ“ཆེད་མཁས་པ་གཞི་རིམ་དུ་བསྐྱེད་པའི་ལག་རྩལ་སྙོམས་སྤོའི”རྣམ་པ་སྤྱད་དེ་མང་ཚོགས་ཀྱི་ས་ཁོངས་ལས་བརྒལ་བའི་སྨན་བཅོས་ཀྱི་དཀའ་གནད་གཙོ་གནད་ཐོག་ཐག་གཅོད་བྱས་ནས་ས་ཁོངས་ཀྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་གི་ཡོད། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས་བསྐྲུན་ནས་བེད་སྤྱོད་བྱས་པ་དེས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་དོ་སྙོམས་བཀོད་སྒྲིག་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་དང་། ཕྱོགས་བསྡུས་རྣམ་པའི་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་མགྱོགས་སུ་གཏོང་བ།ས་ཁོངས་ཀྱི་སྨན་བཅོས་འཕེལ་རྒྱས་ཞབས་ཞུའི་མཐོ་ཚད་གསར་པ་གཏོད་རྒྱུར་རོགས་རམ་བྱེད་པ་དང་། ས་ཁོངས་ཀྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ། མང་ཚོགས་ལ་སྤུས་ཚད་མཐོ་བའི་བདེ་ཐང་འགན་སྲུང་མཁོ་འདོན་བཅས་བྱ་རྒྱུ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།