ཁྲི་ཀ་རྫོང་གིས་གླུ་གཞས་མཉམ་ལེན་ཁྲོད་ནས་ལོ་རྒྱུས་ལ་ཕྱིར་དྲན་བྱས།

ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།

  ཟླ9པའི་ཚེས23ཉིན། ལོ་ངོ་བརྒྱད་ཅུའི་བསྟོད་གླུ་ཏང་ལ་འབུལ། བགྲང་བྱ་དོན་དྲུག་ཀྲུང་གོའི་གཟི་བརྗིད་ཡིན་ཞེས་པའི་རྨ་ཆུའི་མཉམ་ལེན་དེ་ཁྲི་ཀ་རྫོང་ཆུ་འཁོར་ཐང་ཆེན་དུ་བསྡུས་ཤིང་། རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་གྲུབ་པའི་རུ་ཁག18ཀྱི་མི1600ལྷག་བྱ་འགུལ་ལ་ཞུགས་ནས། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་དྲན་གསོ་ཞུ་བ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ76འཁོར་བར་རྟེན་འབྲེལ་ཞུས།

    ཁྲི་ཀ་རྫོང་གི་འཐབ་ཕྱོགས་སོ་སོ་ནས་ཡོང་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་ལེན་རུ་ཁག་གྲུབ་ཡོད་ཅིང་། ཁོ་ཚོའི་ཁྲོད་དུ་སྤོབས་པའི་ཁེངས་བའི་ཆུང་འབྲིང་སློབ་མ་དང་། ལྷག་བསམ་གྱིས་འགན་ནུས་སྒྲུབ་པའི་དམག་མི། ངལ་རྩོལ་ལ་དགའ་བའི་རོང་འབྲོག་པ། ཕ་ཡུལ་ལ་དུངས་པའི་ལས་འཁྱུར་ངལ་གསོའི་བློ་མཐུན། ཤང་གྲོང་སོ་སོ་དང་སྡེ་ཁག་སོ་སོ། ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་བཅས་འདུས་ནས། ཁོ་ཚོས་བརྩེ་བ་ཟབ་མོས་རླབས་ཆེན་མེས་རྒྱལ་ལ་བཅངས་བའི་དགའ་བ་དང་སྨོན་འདུན་མཚོན་པར་བྱས།

    འཁྲབ་སྟོན་ནི་བྱིས་པའི་མཉམ་ལེན་ཁྲོད་དུ་མགོ་བརྩམས་ཤིང་། བསྡོམས་པས་ལེའུ་ལྔ་རུ་བགར་ནས་རིམ་པ་བཞིན་འཁྲབ་སྟོན་བྱས་ལ།གྱེར་འདོན་དང་མཉམ་ལེན། མཉམ་སྒྲོག་རོལ་མོ་བཅས་ཀྱི་ལམ་ནས་བརྩེ་བའི་ཕྱུག་པའི་སྒྱུ་རྩལ་གྱི་གཏམ་རྒྱུད་ཅིག་བརྗོད་པ་རེད།

    ཁྲི་ཀ་རྫོང་རྨ་སྲིབ་བཅའ་སྡོད་ལམ་ལུགས་སློབ་གྲྭའི་སློབ་མ་ཀྲིག་ཅྰ་བིན་གྱིས་བཤད་རྒྱུར། དུས་རབས་གསར་བའི་སློབ་འབྲིང་སློབ་མ་ཞིག་ཡིན་པའི་ཆ་ནས། ང་ཚོས་སྔོན་རབས་པ་དག་གི་མཛད་རྗེས་ཡིད་ལ་དམ་པོར་བཟུང་སྟེ། རྒྱལ་གཅེས་ཀྱི་བརྩེ་བ་དེ་སློབ་སྦྱོང་གི་སྒུལ་ཤུགས་སུ་བསྒྱུར་ནས་མེས་རྒྱལ་དར་རྒྱས་ཡོང་བར་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

    བྱ་འགུལ་གྱི་སྐབས་སུ། འཁྲབ་སྟོན་པ་དང་ལྟད་མོ་བ་ཡོངས་ཀྱིས་མེས་རྒྱལ་ལ་བསྟོད་གླུ་འབུལ་ཞེས་པའི་གླུ་དབྱངས་དེ་མཉམ་ལེན་བྱས་ནས། མེས་རྒྱལ་ལ་བཅངས་བའི་བརྩེ་བ་དང་ཞི་བདེའི་རེ་སྨོན། འབྱུང་འགྱུར་གྱི་འདུན་མ་བཅས་གཞི་གཅིག་ཏུ་འདྲེས་ནས་རྨ་ཆུའི་འགྲམ་ངོགས་སུ་རླབས་ཀྱི་ཕྲེང་བ་བཞིན་སྐྱོམས་པ་རེད།

    ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་མི་དམངས་སྲིད་གཞུང་གི་ལས་བྱེད་མི་སྣ་ཉི་མ་གཡང་སྐྱིད་ཀྱིས་བཤད་རྒྱུར།ཐེངས་འདིའི་འཁྲབ་སྟོན་ནི་ང་ལ་མཚོན་ན་རིག་རྩལ་བྱ་འགུལ་ཁོ་ན་ཞིག་མིན་པར་བསམ་བློའི་གོ་རྟོགས་མཐོར་འདེགས་གཏོང་བའི་གོ་སྐབས་ཤིག་ཡིན་ཟེར།

    རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་རྨ་ཆུའི་མཉམ་ལེན་ཆེན་མོས་མི་རིགས་རོལ་དབྱངས་ལོ་རྒྱུས་སྙན་རྩོམ་བརྗོད་དོན་དུ་བཟུང་ནས།སྒྱུ་རྩལ་གྱི་ལམ་ནས་གསར་བརྗེའི་གཞི་རྒྱུ་འཚོལ་ཞིབ་བྱས་པས། ཁྲི་ཀ་རྫོང་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་དགའ་བསུ་ཆེན་པོ་ཐོབ་ལ།བྱ་འགུལ་ནི་སྒྱུ་རྩལ་གྱི་གསོལ་སྟོན་ཁོ་ན་ཞིག་མིན་པར། དེ་བས་ཀྱང་བསམ་བློའི་གོ་རྟོགས་མཐོར་འདེགས་གཏོང་བའི་ཏང་གི་སློབ་ཁྲིད་ཞིག་ཡིན་པས། ཁྲི་ཀའི་མི་དམངས་ཀྱི་རྒྱལ་གཅེས་ཀྱི་བརྩེ་བ་དང་ཡར་རྒྱས་འབད་འབུངས་ཀྱི་དུས་རབས་ཀྱི་རྣམ་པ་མངོན་ནས་ས་གནས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བ་དང་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་བསམ་པའི་སྒུལ་ཤུགས་བསྩལ་བ་རེད།  

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།