མཚོ་ལྷོ་ཁུལ་གྱིས་དམངས་ཀྱི་བདེ་ཐང་ལ་འགན་སྲུང་བྱས་པ།

ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།

    ཉེ་བའི་ལོ་འགའི་རིང་ལ། མཚོ་ལྷོ་ཁུལ་གྱིས་རྒྱུན་མཐུད་སྒོས་སན་མེན་སྨན་རྫས་བསྒྱུར་བཅོས་ཉམས་མྱོང་ཁྱབ་གདལ་དུ་བཏང་སྟེ། སྨན་རྫས་འཕྲོད་བསྟེན་གྱི་སྒྲིག་གཞིའི་བསྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་བར་མ་ཟད། སྲིད་ཇུས་ཀྱི་ཁ་ཕྱོགས་གཞིར་འཛིན་པ་དང་ཐོན་ཁུངས་ཁྱབ་ཚུལ་དོ་སྙོམས་ཡོང་བར་བྱེད་པ། འདེགས་སྐྱོར་གྱི་འགན་སྲུང་ལེགས་བཅོས་བྱེད་པ་དང་ནད་རིགས་སྔོན་འགོག་མཉམ་འདྲེས་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ཏེ། སྨན་བཅོས་སྒྲིག་གཞི་ཁྱོན་ཡོངས་ནས་མཉམ་སྐྲུན་བྱས་ཤིང་། རྫོང་དང་ཤང་། སྡེ་བ་བཅས་ཀྱི་སྨན་བཅོས་ཞབས་ཞུའི་རྣམ་པ་གསར་བ་བསྐྲུན་ཏེ། སྨན་བཅོས་སྒྲིག་གཞིའི་འཕེལ་རྒྱས་ཀྱི་གཞི་རྩ་ཇེ་བརྟན་དུ་བཏང་ནས་རོང་འབྲོག་མང་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་བྱས།

    མཚོ་ལྷོ་ཁུལ་གྱིས་རྫོང་དང་ཤང་། སྡེ་བ་བཅས་ཀྱི་སྒྲིག་གཞི་ཚགས་དམ་ཞིང་། གོང་འོག་གི་ཆ་འཕྲིན་མཉམ་སྤྱོད་ཐུབ་པའི་དམིགས་འབེན་གཞིར་བཟུང་སྟེ། ཤང་གྲོང་གི་འབྲེལ་འདྲིས་དང་རྫོང་གིས་ཤང་ལ་སྣེ་ཁྲིད་པ། ཤང་གིས་སྡེ་བར་སྣེ་ཁྲིད་པ་བཅས་ཀྱི་བྱ་བའི་སྒྲིག་གཞི་བསྐྲུན་པ་དང་། བྲང་གཟེར་ལྟེ་གནས་དང་སྨན་བཅོས་སྡེ་ཁག སྨན་བཅོས་ས་ཚིགས་བཅས་རིམ་པ་གསུམ་གྱི་སྨན་བཅོས་སྒྲིག་གཞི་བཙུགས་ཏེ། གཙོ་གནད་སྨན་བཅོས་ཆེད་ཚན་དང་མཐོ་སྒང་ས་ཁུལ་གྱི་སྨན་བཅོས་ཞབས་ཞུའི་ལས་གཞི102ལག་བསྟར་བྱས་ཤིང་། རྫོང་ཁོངས་ཀྱི་ཁོང་ནད་དང་བྱིས་ནད་ཚན་ཁག་གི་སྨན་བཅོས། སེམས་ཁམས་སྙོམས་སྒྲིག་གི་དོ་དམ་སོགས་ཞབས་ཞུ་ཁྱོན་ཡོངས་ནས་ཁྱབ་གདལ་དུ་བཏང་། གྲངས་ཀའི་སྙིང་དཔྱད་རླབས་རིས་དང་ཚོན་བརྟག་སྒྲིག་ཆས། རང་འགུལ་ཆ་རྡུལ་དཔྱད་ཆས་སྡེབ་སྒྲིག་ཚད་ཆ་སྙོམས་ཀྱིས100%ལ་སླེབས། དམངས་ཡོངས་ཀྱི་བདེ་ཐང་སྟེགས་བུ་དང་རྫོང་ཁོངས་ཀྱི་སྨན་བཅོས་སྒྲིག་གཞིའི་ཆ་འཕྲིན་མ་ལག་ཁྱོན་ཡོངས་ནས་རིམ་སྤར་དང་། ལས་གཞི267གྱི་ཞིབ་བཤེར་བརྟག་དཔྱད་ཕན་ཚུན་འབྲེལ་མཐུད་བྱས་ཏེ། ཁུལ་དང་རྫོང་། ཤང་བཅས་ཀྱི་རྒྱང་བསྟེན་སྨན་བཅོས་སྟེགས་བུ་ཡོངས་སུ་ཁེབས་པར་ཡོད་པ་དང་། དམངས་ཡོངས་ཀྱི་ལུས་པོའི་བདེ་ཐང་ལ་རིན་མི་དགོས་པར་བརྟག་དཔྱད་བྱས་ཏེ། ཁུལ་དང་རྫོང་། ཤང་བཅས་རིམ་པ་གསུམ་གྱི་ནད་རིགས་གཉིས་ཚད་ལྡན་རང་བཞིན་གྱི་སྔོན་འགོག་སྒྲིག་གཞི་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས། གཞི་རིམ་ཀྲུང་བོད་ལུགས་སྨན་རྫས་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་བཏང་པས། མཚོ་ལྷོ་ཁུལ་བདེ་བླག་གིས་རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ཚོད་ལྟའི་ཁུལ་གྱི་འཛུགས་སྐྲུན་ཁྲོད་ཚུད་པ་དང་། ཁུལ་ཡོངས་ཀྱི་རིམ་པ་གཉིས་ཡན་གྱི་སྨན་བཅོས་སྡེ་ཁག་ཁྱོན་ཡོངས་ནས་མངོན་འགྱུར་བྱས་ཏེ། གཙོ་གནད་མི་ཚོགས་ཀྱི་ཞབས་ཞུའི་ནུས་པ་སྔར་ལས་མཐོར་འདེགས་སུ་བཏང་། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།