མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས22ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ལིས་མེན་དང་དབྱང་ཧྥིན་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོས་ཀང་། ཝང་ཅིན་ཀྲའེ། དྲུང་ཡིག་ཆེན་མོ་ཁྲིན་ཏུང་ཁྲང་། དེ་མིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་བསྡོམས་པས་མི55གྲོས་ཚོགས་ལ་ཞུགས་པ་དང་། ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད། ཝུའུ་ཞའོ་ཅུན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་འགོ་འཛིན་བྱས།
གྲོས་ཚོགས་སྟེང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཐེངས་འདིའི་གྲོས་ཚོགས་ལ་ཕུལ་བའི་འབྲེལ་ཡོད་མི་དོན་གནས་ཚུལ་སྐོར་གྱི་གསལ་བཤད་ལ་ཉན་པ་དང་། བསྐོ་འཇོག་བྱ་རྩིས་ཡོད་པའི་མི་སྣས་གཏམ་བཤད།
གྲོས་ཚོགས་སྟེང་སྔ་ཕྱིར་དུ《མཚོ་སྔོན་ཞིང་ཆེན་གྱི་སྲོག་ཆགས་ཀྱི་རིམས་འགོག་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་དང་། 《མཚོ་སྔོན་ཞིང་ཆེན་གྱི་རྒན་པའི་ཁེ་དབང་འགན་སྲུང་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ། 《མཚོ་སྔོན་ཞིང་ཆེན་གྱི་ཡིག་ཚགས་སྲོལ་ཡིག(འཆར་ཟིན)》སྐོར་གྱི་གསལ་བཤད། 《མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་སྲོལ་ཡིག(འཆར་ཟིན)》སྐོར་གྱི་གསལ་བཤད། 《ཟི་ལིང་གྲོང་ཁྱེར་གྱི་གྲོང་སྲིད་སྒྲིག་ཆས་དོ་དམ་སྲོལ་ཡིག(བཟོ་བཅོས)》སྐོར་གྱི་གསལ་བཤད། 《མཚོ་ཤར་གྲོང་ཁྱེར་གྱི་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ལོ་ཏོག་གི་སོན་རྫས་ཐོན་ཁུངས་སྲུང་སྐྱོབ་སྲོལ་ཡིག》སྐོར་གྱི་གསལ་བཤད། 《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་འཚོ་བའི་གད་སྙིགས་དོ་དམ་སྲོལ་ཡིག》སྐོར་གྱི་གསལ་བཤད་བཅས་ལ་ཉན།
ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དབྱང་ཧྥིན་ཁྲུན་གྱིས《མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ》ཕུལ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཅིན་ཀྲའེ་ཡིས《ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས〉ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ》ཕུལ། གྲོས་ཚོགས་སྟེང་ཞིང་ཆེན་མི་དམངས་སྲིད་གཞུང་གི2024ལོའི་ཞིང་ཆེན་རིམ་པའི་ནོར་སྲིད་ངེས་རྩིས(འཆར་ཟིན)སྐོར་གྱི་སྙན་ཞུ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི2024ལོའི་སྲིད་གཞུང་གི་བུ་ལོན་དོ་དམ་གནས་ཚུལ་སྐོར་གྱི་སྙན་ཞུ། ཞིང་ཆེན་མི་དམངས་སྲིད་གཞུང་གི2024ལོའི་ཁེ་ལས་ཀྱི་རྒྱལ་དབང་རྒྱུ་ནོར(ས་གནས་དངུལ་རྩའི་ཁེ་ལས་ཚུད་མེད)དོ་དམ་བྱས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ་བཅས་ལ་ཉན། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིས་ཧུང་ཡ་ཡིས་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཁོར་ཡུག་དང་བཟའ་བཏུང་། སྨན་རྫས་བཅས་ཁྱབ་ཁོངས་ཀྱི་ནག་ཉེས་ལ་རྡུང་རྡེག་བཏང་བའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ། གྲོས་ཚོགས་སྟེང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་ཡོངས་ཀྱི་ཆུའི་ཐོན་ཁུངས་ཀྱི་མཁྲེགས་གཤིས་ཚོད་འཛིན་ལམ་ལུགས་དོན་འཁྱོལ་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ཕྱི་དོན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་བཏང་བའི་གནས་ཚུལ་སྐོར་གྱི་སྙན་ཞུ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་འཐུས་མིའི་གྲོས་གཞི་སྒྲུབ་སྐུལ་གནས་ཚུལ་སྐོར་གྱི་སྙན་ཞུ། ཞིང་ཆེན་དམངས་སྲིད་ཐིང་དང་། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་འཐུས་མིའི་གྲོས་གཞི་སྒྲུབ་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན།
གྲོས་ཚོགས་སྟེང《མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་སྲོལ་ཡིག(འཆར་ཟིན)》སྐོར་གྱི་གྲོས་ཞིབ་བསམ་འཆར་དང་། 《 ཟི་ལིང་གྲོང་ཁྱེར་གྱི་གྲོང་སྲིད་སྒྲིག་ཆས་དོ་དམ་སྲོལ་ཡིག(བཟོ་བཅོས)》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《མཚོ་ཤར་གྲོང་ཁྱེར་གྱི་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ལོ་ཏོག་གི་སོན་རྫས་ཐོན་ཁུངས་སྲུང་སྐྱོབ་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་འཚོ་བའི་གད་སྙིགས་དོ་དམ་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ། 2024ལོའི་ཞིང་ཆེན་རིམ་པའི་ནོར་སྲིད་ངེས་རྩིས(འཆར་ཟིན)སྐོར་གྱི་ཞིབ་བཤེར་མཇུག་འབྲས་སྙན་ཞུ། 2024ལོའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དབང་མ་རྩའི་དོ་དམ་གནས་ཚུལ་གྱི་ཕྱོགས་བསྡུས་སྙན་ཞུ། ཞིང་ཆེན་དམངས་འཐུས་ཚོག་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་དམངས་ཆེན་འཐུས་མིའི་གྲོས་གཞི་སྒྲུབ་སྐུལ་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་པར་འགྲེམ་བྱས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིའུ་མེ་ཕིན་དང་། ཧྲིན་ཀྲང་གཞོན་པ་ལིས་ཧུང་ཡ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགན་འཁུར་བ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགན་འཁུར་བ་སོགས་གྲོས་ཚོགས་ལ་ཟུར་ཞུགས་བྱས།