མཚོ་བྱང་ཁུལ་གྱི་ཚོང་འགུག་དངུལ་འདྲེན་ཐད་ནས་རག་པའི་མ་དངུལ་སྒོར་དུང་ཕྱུར14.5ཟིན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ད་ལོའི་ཚུན་དུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས “ལས་མི་ཡོངས་ཀྱིས་ཚོང་འགུག་དང་། གནད་ལ་འཁེལ་བའི་ཞབས་ཞུ། ཕན་ནུས་ཆེ་བའི་དོན་འཁྱོལ”བཅས་ཀྱི་བྱ་བའི་རྣམ་པ་ཆགས་པར་སྐུལ་འདེད་བཏང་བ་དང་། ཚོང་འགུག་དངུལ་འདྲེན་གྱི་ནུས་པ་འདོན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་བླངས་ཡོད། མིག་སྔའི་བར། མཚོ་བྱང་ཁུལ་གྱི་ཚོང་འགུག་ལས་གཞི་སྣ45ཡི་མ་དངུལ་སྒོར་དུང་ཕྱུར14.5དམིགས་སར་འབྱོར་བ་དང་། དུས་མཉམ་ལས25%འཕར་བ་རེད།

མཚོ་བྱང་ཁུལ་གྱིས་ཁྱད་ཆོས་ལྡན་པའི་ཐོན་ལས་ཕྲེང་འབྲེལ་གྱི་ཚོང་འགུག་དཔེ་རིས་གནད་ལ་འཁེལ་བའི་སྒོ་ནས་བྲིས་ཏེ། གཙོ་གནད་མངའ་ཁོངས་ཀྱི་ཚོང་འགུག་གི“བྱ་སྤྱོད་བཅུ”སྤེལ་ནས“ཁུལ་རིམ་པའི་གཅིག་གྱུར་འཆར་འགོད་དང་། ཕྱོགས་མང་མཉམ་འགུལ། གླིང་ཁུལ་གྱིས་དང་ལེན”བཅས་་བྱེད་པའི་ཚོང་འགུག་རྣམ་པ་གསར་པ་བསྐྲུན། ཚོང་འགུག་དང་ལས་གཞི་སྦྲེལ་མཐུད་ལྟ་ཞིབ་བྱ་འགུལ་ཐེངས70ལྷག་ལ་སྤེལ་བ་དང་། ཞིང་ཆེན་དང་གྲོང་ཁྱེར12ཀྱི་ཁེ་ལས100ལྷག་ལ་རང་འགུལ་ངང་འཚམས་འདྲི་དང་འབྲེལ་གཏུག་བྱས་པ་དང་། ཁུལ་དུ་རྟོག་ཞིབ་བྱེད་དུ་ཡོང་བའི་ཚོང་པ60ལྷག་སྣེ་ལེན་བྱས། མིག་སྔའི་བར། ལས་གཞི45ལ་གན་རྒྱ་བཞག་པ་དང་། གན་རྒྱ་བཞག་པའི་མ་དངུལ་སྒོར་དུང་ཕྱུར305.1ལ་བསླེབས་པ་དང་། དེའི་ནང་སྐབས26པའི“མཚོ་སྔོན་ཚོང་གཏམ་གྲོས་ཚོགས“སྟེང་གན་རྒྱ་བཞག་པའི་ལས་གཞི12ཡོད་ལ། གན་རྒྱ་བཞག་པའི་མ་དངུལ་སྒོར་དུང་ཕྱུར129.2ཟིན་པས། ལོ་བཅུའི་རིང་གི་ཟིན་ཐོ་གསར་པ་བཏོད།

ལྗང་མདོག་འཕེལ་རྒྱས་ལ་དམིགས་ནས། ནུས་ཁུངས་གསར་པ་དང་དེང་རབས་ཞིང་ཕྱུགས་ལས། སྐྱེ་ཁམས་ཡུལ་སྐོར། དམར་པོའི་སློབ་སྦྱོང་སོགས་གཙོ་གནད་ཁྱབ་ཁོངས་འབུར་དུ་དོད་ཏེ། ལྗང་མདོག་དང་ཐཱན་ཉུང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་ནང་འདྲེན་བྱེད་པར་དོ་སྣང་བྱས། མིག་སྔའི་བར་དུ། ལྗང་མདོག་རྩིས་ནུས་དང་ནུས་ཁུངས་གསར་པའི་ལས་གཞི15ལ་གན་རྒྱ་བཞག་པ་དང་། མ་དངུལ་སྒོར་དུང་ཕྱུར233.4གཏོང་འཇོག་བྱས། དེང་རབས་ཞིང་ཕྱུགས་ལས་དང་སྐྱེ་ཁམས་ཡུལ་སྐོར་ལས་གཞི15ཡོད་པ་དང་། མ་དངུལ་སྒོར་དུང་ཕྱུར7.5གཏོང་འཇོག་བྱས། གཙོ་གནད་ལས་གཞིས་བཟུང་བའི་བསྡུར་ཚད71.4%ལ་བསླེབས། དེ་ལས་གཞན། ཐོན་ལས་ཕྲེང་འབྲེལ་གྱི་ཡུན་རིང་ལམ་ལུགས་དང་གན་རྒྱ་འཇོག་པའི་ལས་གཞིའི་འགུལ་རྣམ་དོ་དམ་རྩིས་ཐོ་བཙུགས་ནས། གན་རྒྱ་བཞག་པའི་རྣམ་གྲངས་ལག་བསྟར་དང་།འཛུགས་སྐྲུན།ཐོན་སྐྱེད་བྱེད་འགོ་ཚུགས་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ཕྱོགས་ཡོངས་ནས་ཐག་གཅོད་ཡག་པོ་བྱས། “ལས་ཆོད་ཆེ་བའི་སྒོ་ནས་བྱ་བ་སྣ་གཅིག་སྒྲུབ་ཐུབ་པའི”ལས་ཀ་ཁག25བསྡུ་སྒྲིལ་ལེགས་སྒྲིག་བྱས་པ་དང་། སྲིད་དོན་ཞབས་ཞུའི་དོན་ཚན300ལྷག“སྒེའུ་ཁུང་གཅིག་ནས་ཚང་མ་སྒྲུབ་ཐུབ་པ”མངོན་འགྱུར་བྱས་པས། ཁེ་ལས་ཐོ་འགོད་ཞིབ་བཤེར་ཆོག་མཆན་འགོད་པའི་དུས་ཚོད་ཉིན་གཅིག་ཏུ་ཇེ་ཐུང་དུ་བཏང་བ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།