ཟླ9པའི་ཚེས15ཉིན། རང་རྒྱལ་གྱི་སྡོད་ཁང་བོགས་གཏོང་བྱེད་སྒོ་་ཚད་ལྡན་དུ་གཏོང་བའི་ཆེད་དོན་སྲིད་འཛིན་ཁྲིམས་སྲོལ་ཐོག་མ་སྟེ། 《སྡོད་ཁང་བོགས་གཏོང་སྲོལ་ཡིག》དངོས་སུ་ལག་བསྟར་བྱ་རྒྱུ་རེད། 《སྲོལ་ཡིག》ནང་བོགས་གཏོང་བོགས་ལེན་བྱེད་སྒོ་དང་། སྡོད་ཁང་བོགས་གཏོང་ཁེ་ལས། གཉེར་སྐྱོང་ལས་ཁུངས་ཀྱི་བྱ་སྤྱོད་སོགས་ལ་བླང་བྱ་གསལ་པོ་བཏོན།《སྲོལ་ཡིག》གིས་བོགས་གཏོང་མཁན་དང་བོགས་ལེན་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཇི་ལྟར་བྱེད་ཅེ་ན།
- བོགས་གཏོང་ཐད་སྤྱོད་པའི་སྡོད་ཁང་ལ་བླང་བྱ་ཁ་གསལ་བཏོན་པ་ནི།བོགས་གཏོང་དུ་སྤྱོད་པའི་སྡོད་ཁང་ངེས་པར་དུ་འཛུགས་སྐྲུན་དང་མེ་གསོད་སོགས་འབྲེལ་ཡོད་གཏན་འབེབས་དང་བཙན་ཤེད་རང་བཞིན་གྱི་ཚད་གཞི་དང་མཐུན་དགོས་པ་དང་། མི་ལུས་བདེ་འཇགས་དང་བདེ་ཐང་ལ་གནོད་པ་ཡོད་མི་ཆོག ·
- ཐབ་ཚང་དང་། གསང་སྤྱོད། རབ་གསལ། བགྲོད་ལམ། ས་འོག་མཛོད་ཁང་། རླངས་འཁོར་འཇོག་ཁང་སོགས་སྡོད་གནས་མིན་པའི་བར་སྟོང་བོགས་གཏོང་བྱས་ནས་གནས་སྡོད་ལ་སྤྱོད་མི་ཆོག
- གན་རྒྱའི་དོ་དམ་ལ་ཤུགས་སྣོན་པའི་ཐད་ནས།
- བོགས་གཏོང་མཁན་དང་བོགས་ལེན་མཁན་གྱིས་མིང་ངོ་མ་སྤྱད་ནས་སྡོད་ཁང་བོགས་གཏོང་གན་རྒྱ་འཇོག་དགོས་པ་མ་ཟད། སྡོད་ཁང་བོགས་གཏོང་གན་རྒྱ་དེ་ས་ཁོངས་གང་དེའི་ས་ཁང་བདག་ཁོངས་དོ་དམ་སྡེ་ཁག་ལ་ཐོ་འགོད་བྱེད་དགོས།
- བོགས་ལེན་མཁན་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་གནད་ལ་འཁེལ་མེད་པའི་གནད་དོན་ལ་དམིགས་ནས།《སྲོལ་ཡིག》ནང་སྡོད་ཁང་བོགས་གཏོང་གན་རྒྱའི་ནང་ངེས་པར་དུ་གཏའ་འཇོག་མ་དངུལ་ཀྱི་གྲངས་འབོར་དང་། ཕྱིར་སྤྲོད་དུས་ཚོད། གཏའ་འཇོག་དངུལ་འཐེན་པའི་གནས་ཚུལ་སོགས་ཀྱི་དོན་ཚན་གསལ་བོར་འགོད་དགོས་པ་མ་ཟད། བོགས་གཏོང་མཁན་གྱིས་ལུགས་མཐུན་གྱི་རྒྱུ་མཚན་མེད་ན་གཏའ་འཇོག་དངུལ་འཐེན་འཕྲི་མི་ཆོག་ཅེས་གཏན་འབེབས་བྱས་འདུག
སྡོད་ཁང་བོགས་གཏོང་ཁེ་ལས་ཞེས་པ་ནི་རང་ཉིད་ཀྱི་སྡོད་ཁང་སམ་ཡང་ན་ཁྲིམས་ལྟར་ལས་གཉེར་དོ་དམ་བྱེད་དབང་ཐོབ་པའི་མི་གཞན་ཀྱི་སྡོད་ཁང་ལ་བརྟེན་ནས་སྡོད་ཁང་ཀྱི་བོགས་གཏོང་གཉེར་སྐྱོང་ཀྱི་ལས་སྒོ་སྤེལ་བའི་ཁེ་ལས་ལ་ཟེར། 《སྲོལ་ཡིག》ནང་གཏན་འབེབས་གསལ་པོར་བསྟན་ཡོད་པ་སྟེ།·སྡོད་ཁང་བོགས་གཏོང་ཁེ་ལས་རང་ལ་ངེས་པར་དུ་ལས་གཉེར་གཞི་ཁྱོན་དང་འཚམ་པའི་མ་དངུལ་དང་། ལས་ཀ་བྱེད་མཁན་དང་དོ་དམ་བཅས་ཀྱི་ནུས་པ་ལྡན་དགོས་མ་ཟད། ཁང་པ་དོ་དམ་སྡེ་ཁག་ལ་ལས་འགོ་ཚུགས་པའི་ཆ་འཕྲིན་སྤྲོད་དགོས།
- ཁྱབ་སྒྲོག་བྱས་པའི་སྡོད་ཁང་གི་ཆ་འཕྲིན་ངེས་པར་དུ་བདེན་པ་དང་། ཡང་དག ཆ་ཚང་བཅས་ཡིན་དགོས་ཤིང་། རྫུས་མ་ངམ་ལོག་འཁྲིད་རང་བཞིན་གྱི་སྡོད་ཁང་ཆ་འཕྲིན་དང་། བོགས་གཏོང་བྱེད་རྩིས་ཡོད་པའི་སྡོད་ཁང་གི་ཆ་འཕྲིན་གལ་ཆེན་འདོན་སྤྲོད་མི་བྱེད་པ་དང་སྦ་གསང་བཅས་བྱེད་མི་ཆོག་པ་རེད།སྡོད་ཁང་བོགས་གཏོང་ཁེ་ལས་གྱིས་སྡོད་ཁང་བོགས་གཏོང་གི་ཡིག་ཚགས་འཛུགས་དགོས་པ་དང་། ནང་ཁུལ་གྱི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་ལས། མི་གཞན་གྱི་སྒེར་གྱི་ཆ་འཕྲིན་ཁྲིམས་འགལ་གྱིས་བསྡུ་རུབ་དང་། བཀོལ་སྤྱོད། ལས་སྣོན། བརྒྱུད་གཏོང་བཅས་བྱས་མི་ཆོག
གཞན་ཡང་། ལག་ལེན་ཁྲོད་རང་བྱུང་མིས་བོགས་མར་བསྒྱུར་བའི་ལས་སྒོ་སྤེལ་བ་མ་ཟད་གཞི་ཁྱོན་ཅུང་ཆེ་བའི་གནས་ཚུལ་གནས་པ་ལ་བསམ་གཞིགས་བྱས་ཏེ།《སྲོལ་ཡིག》ནང་ད་དུང་རང་བྱུང་མིས་མི་གཞན་གྱི་སྡོད་ཁང་བོགས་གཏོང་བྱས་ཏེ་སྡོད་ཁང་གི་བོགས་གཏོང་གཉེར་སྐྱོང་ལས་སྒོ་སྤེལ་བ་དེ། གཉེར་སྐྱོང་གཞི་ཁྱོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གཙོ་གཉེར་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་སོགས་དང་མཉམ་དུ་འབྲེལ་ཡོད་སྡེ་ཁག་གིས་གཏན་འབེབས་བྱས་པའི་ཚད་གཞིར་བསླེབས་ཚེ། སྲོལ་ཡིག་དེའི་སྡོད་ཁང་བོགས་གཏོང་ཁེ་ལས་སྐོར་གྱི་གཏན་འབེབས་སྤྱོད་དགོས།
བརྒྱུད་འགོད།
རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།