མཚོ་སྔོན་གྱིས་གསོ་སྐྱོང་བྱེད་སྟངས་གསར་གཏོད་བྱས་ནས་དགེ་རྒན་གྱི་ཕྱོགས་བསྡུས་བྱང་ཚད་མཐོ་བཏང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས8ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་ནས་རྒྱུས་ལོན་བྱས་པ་ལྟར་ན། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་དགེ་རྒན་གསོ་སྐྱོང་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་སློབ་ཁྲིད་དང་མི་གསོ་སྐྱོང་གི་ཕྱོགས་བསྡུས་བྱང་ཚད་ཇེ་མཐོར་བཏང་། 2021ལོ་ནས་བཟུང་རྒྱལ་པོའི་གསོ་སྐྱོང་དང་ཞིང་ཆེན་གྱི་གསོ་སྐྱོང་མ་དངུལ་སྒོར་དུང་ཕྱུར3བཏང་ནས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཁྲི10ལྷག་གསོ་སྦྱོང་བྱས་ཏེ་ཞིང་ཆེན་དང་། གྲོང་ཁྱེར(ཁུལ)རྫོང་སློབ་གྲྭ་བཅས་རིམ་པ་བཞིའི་དགེ་རྒན་གསོ་སྐྱོང་དང་གསོ་སྦྱོང་རྒྱབ་སྐྱོར་མ་ལག་བཙུགས།

མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་དགེ་རྒན་དཔུང་ཁག་འཛུགས་པ་དམིགས་ཡུལ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཞིང་ཆེན་ནང་ཁུལ་གྱི་དགེ་འོས་སློབ་གྲྭ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འོས་འགན་སློབ་གསོ་དང་། ་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་ཁྲིམས། མཐོ་རྒྱུགས་ཕྱོགས་བསྡུས་བཅོས་སྒྱུར། དེ་བཞིན་སློབ་གྲྭ་ཆུང་འབྲིང་གི་སློབ་གསོ་སློབ་ཁྲིད་ཀྱི་དགོས་མཁོ་དངོས་དང་ཟུང་འབྲེལ་བྱས་ཏེ་དགེ་འོས་སློབ་གྲྭས་དུས་ཐོག་ཏུ་སློབ་ཁྲིད་འཆར་གཞི་ལེགས་སྒྲིག་དང་གསོ་སྐྱོང་བྱེད་སྟངས་ཇེ་ལེགས་སུ་གཏོང་བར་མཛུབ་ཁྲིད་བྱས། མཚོ་སྔོན་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མའི་སློབ་གསོའི་ལྟ་སྦྱོང་དང་། དངོས་སྦྱོང་། ཞིབ་འཇུག་སློབ་སྦྱོང་བཅས་ཀྱི“སྦྱོང་བརྡར་གསུམ”སྦྲེལ་པར་བཀོད་སྒྲིག་བྱས་ཤིང་། མཚོ་སྔོན་མི་རིགས་སློབ་ཆེན་གྱིས“12345”ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་བཙུགས་ནས་ཕྱོགས་བསྡུས་བྱང་ཚད་གསོ་སྐྱོང་བྱ་བ་དེ“དགེ་རྒན་ཕུལ་བྱུང་འཆར་གཞི”ཡི་དགེ་འོས་སློབ་མ་གསོ་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། དགེ་འོས་རིགས་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་དངོས་ཡོད་ཀྱི་དགོས་མཁོ་དང་སྔར་བས་མཐུན་པར་སྐུལ་འདེད་བཏང་།

དེ་དང་ཆབས་ཅིག་མཚོ་སྔོན་གྱིས་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་ལ་ཤུགས་བསྣན་ནས་་རིམ་དབྱེ་ལག་བསྟར་བྱས་ཏེ། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྲགས་ཅན་དང་སློབ་གཙོ་གྲགས་ཅན་གསོ་སྐྱོང་དང་། རྐང་འཛིན་འཚར་ལོངས། ནུས་པ་མཐོར་འདེགས་བཅས་གསོ་སྦྱོང་འཆར་གཞི་ཆེན་པོ་གསུམ་མུ་མཐུད་ལག་བསྟར་བྱས།“ཅི་ཞིག་དཀོན་པ་དང་ཅི་ཞིག་སྦྱོང་དགོས་པ”ཕྱོགས་སྟོན་དུ་བྱས་ཏེ། གསོ་སྦྱོང་དམིགས་འབེན་གནད་ལ་འཁེལ་བ། བྱ་ཡུལ་གནད་ལ་འཁེལ་བ། སློབ་ཚན་གནད་ལ་འཁེལ་བ། དོ་དམ་གནད་ལ་འཁེལ་བ། ཕན་འབྲས་གནད་ལ་འཁེལ་བ་བྱས།

མཚོ་སྔོན་རོགས་སྐྱོར་གྱི་རོགས་ལས་གཏིང་ཟབ་ཏུ་གཏོང་བའི་ཐད་ལ་ཁ་གཏད་ཀྱིས་མཚོ་སྔོན་རོགས་སྐྱོར་དང་ཤར་ནུབ་མཉམ་ལས་ཀྱི་ལམ་སྲོལ་ཟུངས་ནུས་བྱེད་ཐབས་བེད་སྤྱད་ཏེ།    མཚོ་སྔོན་ཞིང་ཆེན་གྱིས“ཕྱོགས་གཉིས་ཚོགས་པ་སྒྲིག་པའི”ཤེས་ལྡན་མི་སྣ་གསོ་སྐྱོང་ལམ་སྲོལ་འདོན་སྤེལ་ཡག་པོ་བྱས་པ་དང་། ལོ་ལྟར་གསོ་སྐྱོང་གི་མི་མངོན་པའི་སྟོབས་ཤུགས་དང་རིན་ཐང་ལྡན་པའི་ཕུལ་བྱུང་དོ་དམ་ལས་བྱེད་པ་དང་རྐང་འཛིན་དགེ་རྒན50བདམས་ནས་ཁ་གཏད་རོགས་སྐྱོར་གྱི་སློབ་གྲྭར་བསྐྱོད་དེ། ལས་གནས་དང་མཉམ་དུ་སློབ་སྦྱོང་དང་གནས་སྐབས་སྦྱོང་བརྡར་སོགས་བརྒྱུད་ནས་་ས་གནས་དེའི་ཤེས་ལྡན་མི་སྣའི་སློབ་ཁྲིད་དང་དོ་དམ་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏང་དགོས། མཚོ་སྔོན་རོགས་སྐྱོར་དགེ་རྒན་གྱི་ཤེས་ལྡན་མི་སྣའི་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱས་ཏེ། ཆེད་དོན་འཆད་ཁྲིད་སྤེལ་བ་དང་། ཡོངས་སྒྲོག་དཔེ་སྟོན་སློབ་ཚན་འཛུགས་པ། “གྲོང་གསེབ་ཏུ་སློབ་གསོ་སྐྱེལ་བ”སོགས་ཀྱི་རྣམ་པ་བརྒྱུད་ས་ཁུལ་དེའི་ཤེས་ལྡན་མི་སྣ་གསོ་སྐྱོང་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་གི་འགྱེད་འཕྲོ་ཕན་ནུས་ཇེ་ཆེར་གཏོང་བ། “སློབ་གྲྭ་གཅིག་ལ་རོགས་སྐྱོར་བྱེད་པ་དང་ས་ཁུལ་གཅིག་ལ་དཔེ་སྟོན་བྱེད་པ”བཅས་བརྒྱུད་སྤྱི་ཡོངས་ནས་རང་ཞིང་གི་རྨང་གཞི་སློབ་གསོའི་ཆུ་ཚད་ཇེ་མཐོར་གཏང་བར་སྐུལ་ཁྲིད་བྱས།

གྲངས་འཛིན་ཅན་གྱི་ནུས་ལྡན་དགེ་རྒན་དཔུང་ཁག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས། ལག་ལེན་གྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས“1+6+N”བློ་རིག་སློབ་གསོའི་གྲངས་འཛིན་གྱི་འཕེལ་རྒྱས་མ་ལག་བཏོད་པ་དང་། རྒྱལ་ཁབ་ཀྱི་སློབ་གྲྭ་ཆུང་འབྲིང་གི་བློ་རིག་སློབ་གསོའི་སྟེགས་བུ་ཁྱོན་ཡོངས་ནས་བཀོལ་སྤྱོད་བྱས། ད་ཡོད་ཀྱི་དགེ་རྒན་གྲགས་ཅན་ལས་དོན་ཁང་གི་ཐོན་ཁུངས་མཉམ་འདྲེས་ཐོག་རིག་ཚན་དབྱེ་ནས་དྲ་ཐོག་གི་དགེ་རྒན་གྲགས་ཅན་ལས་དོན་ཁང་བཙུགས་ཏེ། གྲངས་འཛིན་བྱང་ཚད་མཐོར་འདེགས་དང་ཆེད་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་དགེ་རྒན་གྲགས་ཅན་ཐོན་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱས་པ་དང་།  དུས་རབས་གསར་པའི་བླང་བྱ་གསར་པ་དང་འཚམ་པའི་དགེ་རྒན་གྱི་སློབ་ཁྲིད་ནུས་པ་ཇེ་ཆེ་བཏང་། ཚད་ལེན་ཚོད་ལྟ་དང་གསོ་སྐྱོང་གཞི་གཅིག་ཅན་གྱི་གསོ་སྐྱོང་ལམ་སྲོལ་བཙུགས་ནས་སློབ་གསོའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་དང་སློབ་ཁྲིད་བྱེད་ཐབས་བསྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་ལོ་གསུམ་རེར་འཁོར་ཡུན་གཅིག་བྱས་ཏེ། ཚོད་ལྟ་རྫོང8དང་བློ་རིག་སློབ་གྲྭའི་དཔེ་སྟོན་སློབ་གྲྭ50བསྐྲུན་ནས་ལག་རྩལ་ཤེས་ཤིང་སློབ་གསོ་ལ་བྱང་ཆ་་ཡོད་པའི་མི་སྔར་ལས་མང་པོ་གསོ་སྐྱོང་བྱས་ནས་རིག་ནུས་དུས་རབས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་དགོས་མཁོ་ལ་འཚམ་པར་བྱས།    

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།