རྨ་ལྷོ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གྱ་བཞིའི་སློབ་མ་ཁྲི་གསུམ་ལྷག་གིས་བཅུད་ལྡན་གུང་ཟས་ཚ་མོར་རོལ་ཐུབ་པར་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9པའི་ཚེས2ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་བཅའ་སྡོད་ལམ་ལུགས་སློབ་འབྲིང་གི་སློབ་མ་གཅོད་པ་སྐྱབས་ཀྱི་ཟ་མ་ལེན་ཞོར་གདོང་ལ་འཛུམ་གྱིས་ཁེངས་ནས་ད་སྐབས་ཉིན་རེའི་གུང་ཟས་མི་འདྲ་ལ། ཤ་དང་སྔོ་ཚལ། ཁུ་ཐང་བཅས་ཡོད་པས། ཁྱིམ་གྱི་ཟ་མ་ལས་རིགས་མང་བ་དང་། གུང་ཟས་ཚ་མོ་དེས་ཕོ་བ་དྲོས་པར་མ་ཟད་སེམས་རྩ་འཁོལ་མོ་ཞིག་རེད་ཅེས་ཟ་མར་རོལ་བའི་ཚོར་བ་གླེང་གིན་འདུག སློབ་སྐབས་གསར་བར། རྨ་ལྷོ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གྱ་བཞིའི་སློབ་མ་ཁྲི་གསུམ་དང་སྟོང་བརྒྱད་ལྔ་བརྒྱ་དགུ་བཅུ་ཡིས་དུས་ལྟར་བཅུད་ལྡན་གུང་ཟས་ཚ་མོར་རོལ་ཐུབ་པར་གྱུར།

རྨ་ལྷོ་ཁུལ་གྱིས་ཕྱོགས་ཡོངས་ནས་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་རྨ་ལྷོའི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགུལ་སྐྱོད་ཆེན་མོ་བཅུར་སྐུལ་འདེད་གཏོང་བའི་སྐོར་གྱི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྲ་ཆས་ཀྱི་རྨང་གཞི་སྲ་བརྟན་གཏོང་བ་དང་རྐྱེན་སྲོལ་གྱིས་རམ་འདེགས་བྱེད་པ། བདེ་འཇགས་ཀྱི་ཚད་མཐའ་སྲུང་བ་བཅས་ཟུར་སྣེ་གསུམ་ནས་ཤུགས་བཏོན་པ་བརྒྱུད། སྟོན་དུས་སློབ་སྐབས་ཀྱི་ཞིང་སྡེའི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་སྒྱུར་འཆར་གཞི་ནུས་མཐོ་སྒོས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་།

མིག་སྔར། ཁུལ་ཡོངས་ཀྱི་སློབ་གྲྭ་སོ་སོའི་ཟ་ཁང་གི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ཡོངས་སུ་འགྲུབ་ནས། ཚན་རིག་དང་མཐུན་པའི་སྒོ་ནས་གཡོས་སྦྱོར་ཁུལ་དང་ཟས་གྲབས་ཁུལ། ཟ་མ་བཟའ་ཁུལ་སོགས་ཀྱི་ཁུལ་ཁོངས་བཀོད་སྒྲིག་བྱས་ཡོད་ལ། ཟས་བཙོ་རླངས་འཁོར་དང་དུག་སེལ་སྒམ། དྲོད་སྲུང་ཟས་སྟེགས་སོགས་སྒྲིག་བཀོད་སྒྲིག་ཆས་ཚང་མ་འཛོམས་ཡོད། དེ་དང་ཆབས་ཅིག  ཁུལ་དང་གྲོང་ཁྱེར། རྫོང་བཅས་ཀྱི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་ཁོངས་གཏོགས་ལས་མིའི་རྫོང་འབྲེལ་སློབ་སྲུང་གི་སྤྱི་འདོམས་རྐྱེན་སྲོལ་གསར་གཏོད་བྱས་པ་དང་། འབྲེལ་གཏུག་འགོ་ཁྲིད་པས་ཟས་རིགས་ཚད་ལེན་དང་ཚལ་རིགས་བཟོ་བ་ནས་ཟ་མ་བགོ་བའི་བརྒྱུད་རིམ་རེ་རེར་ཞིབ་བཤེར་བྱས་པར་མ་ཟད། དྲ་ཐོག་གི་སྟེགས་བུའི་འགུལ་རྣམ་བརྒྱུད་དེ་ཞིང་ཆེན་སློབ་གསོ་ཐིན་གྱི་ཆེད་ཚན་ལ་སྦྲེལ་མཐུད་བྱས། གསར་དུ་ཁ་སྣོན་བྱེད་པའི་འཆར་གཞིའི་སློབ་གྲྭ་ཉེར་ལྔར་དམིགས་ནས། ཡོངས་བསྒྲགས་དམིགས་འགུག་དང་ཁ་གསབ་གྲོས་ཆོད་ཟུང་འབྲེལ་གྱི་རྣམ་པ་སྤྱད་དེ་ཟས་རིགས་རྒྱུ་ཆ་གསར་བའི་མཁོ་འདོན་ལ་འགན་སྲུང་བྱས་པ་དང་། མཇུག་མཐར་སློབ་མ་རྣམས་ཀྱིས་མིང་ཐོ་འགོད་པའི་ཉིན་མོར་སློབ་གྲྭ་གཅིག་ཀྱང་མི་ཆད་པ་དང་མི་གཅིག་ཀྱང་མི་ལུས་པར་ཟ་མ་འདོན་སྤྲོད་བྱས། སློབ་གཙོས་ཟ་མ་ཟ་རོགས་བྱེད་པའི་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་། ཟས་ཐུན་ཚང་མར་སློབ་གྲྭའི་འགོ་ཁྲིད་དང་སློབ་མ་ཟས་ཅོག་གཅིག་ཏུ་འཛོམས་ནས། ཟ་མ་ཟོས་པའི་ཕྱིར་ལྡོག་བསམ་ཚུལ་ལ་ཉན།

ཟས་རིགས་བདེ་འཇགས་ནི་སློབ་རའི་ཟ་མའི་མཚམས་ཐིག་ཡིན། རྨ་ལྷོ་ཁུལ་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་དང་འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཁག་གིས་མཉམ་འབྲེལ་སྒོས་སློབ་རའི་ཟ་མའི་ཆེད་དོན་གསབ་སྦྱོང་ཐེངས་དྲུག་ལ་སྤེལ་ཞིང་། དེ་རིམ་པ་སོ་སོའི་སློབ་གསོའི་སྡེ་ཁག་གི་འགན་བགོས་འགོ་ཁྲིད་དང་སློབ་གྲྭའི་སློབ་གཙོ། ཟས་རིགས་བདེ་འཇགས་ཀྱི་སྤྱི་གཉེར་བ། ཟ་ཁང་གི་བདེ་འཇགས་མི་སྣ་དང་ལས་ཞུགས་མི་སྣ་ཡོངས་ལ་ཁྱབ་པ་དང་། སློབ་གྲྭའི་ཟ་ཁང་གི་ཟས་རིགས་འདོན་སྤྲོད་ཀྱི་སྤུས་ཚད་ཇེ་ལེགས་འགྲོ་བར་སྐུལ་འདེད་གཏོང་ཆེད་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།