མཚོ་སྔོན་གྱིས་དམངས་ཡོངས་ཀྱི་དཔེ་ཀློག་ཁྱབ་གདལ་གཏོང་མཁན་གྱི་གསོ་སྦྱོང་འཛིན་གྲྭ་བསྒྲུབས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས27ཉིན་ནས་ཚེས29ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་ཡོངས་ཀྱི་དཔེ་ཀློག་ཁྱབ་གདལ་གཏོང་མཁན་གྱི་གསོ་སྦྱོང་འཛིན་གྲྭ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འཚོགས། ལྟ་ཀློག་ཁྱབ་བརྡལ་ལྟེ་གནས་དང་ས་ཚིགས། དེ་བཞིན་རྫོང་དང་ཆུས་ཀྱི་དྲིལ་སྒྲོག་རིག་གནས་སྡེ་ཁག་བཅས་ནས་ཡོང་བའི་ལས་སྒོའི་རྐང་འཛིན་པ56ཐེངས་འདིའི་གསོ་སྦྱོང་ནང་ཞུགས།

ད་ཐེངས་ཀྱི་གསོ་སྦྱོང་ནི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་དཔེ་མཛོད་ཁང་དང་མཚོ་སྔོན་སློབ་ཆེན་གྱི་རྒྱུན་མཐུད་སློབ་གསོ་སློབ་གླིང་གིས་མཉམ་དུ་འགན་སྒྲུབ་བྱས། གསོ་སྦྱོང་གིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དང་། དམངས་ཡོངས་ཀྱི་ལྟ་ཀློག་ཁྱབ་གདལ་མ་ལག་འཛུགས་པ། ལྟ་ཀློག་བྱེད་སྒོའི་ཇུས་འགོད་དང་རྩ་འཛུགས་ལག་ལེན། སྨྱན་སྦྱོར་གསར་པའི་ལྟ་ཀློག་བྱེད་ཐབས་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་ཏེ། ཞིང་ཆེན་ནང་ཁུལ་གྱི་ལྟ་ཀློག་ཁྱབ་གདལ་སྐོར་གྱི་མཁས་ཅན་དང་འཐབ་ཕྱོགས་དང་པོའི་ལས་ཀ་བྱེད་མཁན་གདན་འདྲེན་ཞུས་ནས་སློབ་ཁྲིད་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།