ཟླ8པའི་ཚེས25ཉིན་ནས་ཚེས29བར། ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱི་གསོ་སྦྱོང་འཛིན་གྲྭ་མཚོ་ཤར་གྲོང་ཁྱེར་ཏང་གི་སློབ་གྲྭ་རུ་སྤེལ། ཞིང་ཆེན་དང་གྲོང་ཁྱེར། ཁུལ་བཅས་ཀྱི་སྲིད་གྲོས་ཨུ་ཡོན་དང་དམངས་གཙོའི་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལས་ཁུངས་བཅས་ཀྱི་ལས་བྱེད་མི་སྣ92གསོ་སྦྱོང་ལ་ཞུགས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཏཱ་ཡེ་མགོ་རྩོམ་མཛད་སྒོར་ཞུགས་པ་དང་། གསོ་སྦྱོང་འཛིན་གྲྭ་ལེགས་པར་སྤེལ་བའི་སྐོར་ལ་ཞིབ་ཕྲའི་བླང་བྱ་བཏོན་པར་མ་ཟད། “ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློ་གཅིག་བསྡུས་བྱེད་པ་རྒྱུན་འཁྱོངས་དང་། བགྲོད་ལམ་གསར་བའི་སྟེང་རང་ཞིང་གི་མི་དམངས་སྲིད་གྲོས་ལས་རིགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག་གཏོང་བ”གཞིར་བཟུང་ནས་སློབ་ཁྲིད་བྱས།
ཐེངས་འདིའི་གསོ་སྦྱོང་འཛིན་གྲྭས་ཨུ་ཡོན་གྱི་བྱང་ཚད་དང་ནུས་པ་མཐོར་འདེགས་གཏོང་བ་ལ་དམ་པོར་དམིགས་ཏེ། ཀྲུང་དབྱང་གི་གཏན་ཕབ་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་སློབ་སྦྱོང་སློབ་གསོ་དང་། མི་དམངས་སྲིད་གྲོས་ཀྱི་གཞུང་ལུགས་དང་ལམ་ལུགས། ཨུ་ཡོན་གྱིས་འགན་འཁུར་བར་ངེས་པར་མཁོ་བའི་ཤེས་བྱ་སོགས་ཀྱི་ནང་དོན་གཙོར་བཟུང་ཡོད་ཅིང་། ཆེད་དོན་རོགས་ཁྲིད་དང་དཔེ་གཞི་དབྱེ་ཞིབ། ཡུལ་དངོས་སློབ་ཁྲིད། ཁག་བགོས་ཞིབ་འཇུག་སོགས་རྣམ་པ་མི་འདྲ་བར་བརྟེན་ནས། སྔར་ལས་ལྷག་པའི་སྒོ་ནས་ཨུ་ཡོན་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་བྱ་བར་ཤུགས་བསྣོན་པ་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་དོན་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། མི་དམངས་སྲིད་གྲོས་ཀྱི་ངོ་བོའི་འགན་ནུས་ཤེས་པར་བྱེད་པ་དང། འགན་ནུས་ཁོང་དུ་ཆུད་པར་བྱེད་པའི་ཐབས་ལམ་ལ་བྱང་ཆ་ལྡན་པར་བྱས་ཏེ། སྲིད་གྲོས་ཨུ་ཡོན་གྱི་བྱང་ཚད་དང་འགན་འཁུར་ནུས་པ་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་།
གསོ་སྦྱོང་ལ་ཞུགས་པའི་ཨུ་ཡོན་རྣམས་ཀྱིས་བསྟན་དོན། ཐེངས་འདིའི་གསོ་སྦྱོང་མགོ་རྩོམ་སར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཕུགས་བསམ་དང་དད་མོས་སྲ་བརྟན་གཏོང་བ་དང་། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། མི་དམངས་སྲིད་གྲོས་རྩ་འཛུགས་ཀྱི་ཆབ་སྲིད་རང་བཞིན་དང་སྲིད་གྲོས་ཨུ་ཡོན་གྱི་ཆབ་སྲིད་འགན་འཁྲི་གལ་ཆེན་ཡིད་ལ་དམ་པོར་བཟུང་ནས། “རྒྱལ་ཁབ་ཀྱི་དོན་དུ་འགན་འཁུར་བ་དང་། མི་དམངས་ཀྱི་དོན་དུ་འགན་ཁུར་བའི”བརྩེ་སེམས་བརྟན་སྲུང་བྱས་ཏེ། ལས་རིགས་མི་འདྲ་བའི་ཨུ་ཡོན་གྱི་ཁྱད་སྟོབས་དང་གཙོ་གཞིའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བསྟན།