གསེར་ཆེན་རྫོང་གིས་ཆུ་ལོག་འགོག་བཅོས་ཀྱི་འཕྲལ་བསྟུན་དངོས་ཟོག་རིགས41དང་དངོས་པོ་འབུམ་གཅིག་དང་ཁྲི་བདུན་ལྷག་མར་སྤྲད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས12ཉིན། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་ནས་རྒྱུས་ལོན་པ་ལྟར་ན། ཆུ་ལོག་བྱུང་འགོ་བརྩམས་པ་ནས་བཟུང་། གུང་ཧོ་རྫོང་གིས་འཐབ་ཕྱོགས་དང་པོའི་ཆུ་ལོག་འགོག་པའི་འཕྲལ་བསྟུན་དངོས་ཟོག་རིགས41དང་དངོས་པོའི་གྲངས་འབུམ་གཅིག་དང་ཁྲི་བདུན་ལྷག་བཀོད་སྒྲིག་བྱས་ཡོད་པར་མ་ཟད། ཚོང་ཁང4དང་དངོས་ཟོག་གསོག་འཇོག་གྲོས་མཐུན་བཞག་ནས། ཕྱོགས་གསུམ་པའི་བར་དུ་ངལ་ལས་དང་ཛ་དྲག་སྐྱེལ་འདྲེན། འཕྲུལ་ཆས་སྒྲིག་ཆས་བཀོད་གཏོང་བཅས་ཀྱི་གྲོས་མཐུན་བཞག་སྟེ། འཕྲལ་བསྟུན་རྣམ་པའི་འོག་གི་འཚོ་བའི་དངོས་ཟོག་དང་སྒྲིག་ཆས་མཁོ་སྤྲོད་ལ་འགན་ལེན་ནན་མོ་བྱས།

ཆུ་ལོག་འགོག་པའི་གནད་འགག་གི་དུས་སྐབས་སུ་སླེབས་པར་བརྟེན། གསེར་ཆེན་རྫོང་གིས་རྫོང་གི་འཕྲལ་བསྟུན་དང་གནམ་གཤིས། ཆུ་བེད། རང་བྱུང་ཐོན་ཁུངས་སོགས་སྡེ་ཁག་གི་ཆ་འཕྲིན་མཉམ་སྤྱོད་དང་། མཉམ་འབྲེལ་གྲོས་མོལ་ལམ་སྲོལ་བཙུགས་ནས། ཆར་ཆུ་དང་ཆུའི་གནས་ཚུལ། ཆུ་ལོག་གི་གནས་ཚུལ་བཅས་ཀྱི་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱས་ནས། དུས་ཐོག་ཏུ་ཉེན་བརྡའི་ཆ་འཕྲིན་ཁྱབ་སྒྲོག་བྱས། ཆུ་ལོག་བྱུང་བ་ནས་བཟུང་གནམ་གཤིས་ཉེན་བརྡའི་ཆ་འཕྲིན་གལ་ཆེན་ཐེངས150གནད་ལ་འཁེལ་བའི་སྒོ་ནས་ཁྱབ་སྒྲོག་བྱས་པ་དང་། ཆུ་ལོག་སྔོན་འགོག་གི་འཕྲལ་བསྟུན་སྔོན་ཇུས་བཟོ་བཅོས་འཐུས་ཚང་དུ་བཏང་བ་དང་། རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་རྩ་འཛུགས་བྱས་ནས་ཆུ་ལོག་སྔོན་འགོག་འཕྲལ་བསྟུན་ནང་སྦྱོང་ཐེངས53བྱས་པ་དང་། ནང་སྦྱོང་ནང་ཞུགས་མཁན་མི་ཐེངས500ལྷག་ཡོད་པར་བརྟེན། འཕྲལ་བསྟུན་ཉེན་སྐྱོབ་དཔུང་ཁག་གི་དངོས་འཐབ་དང་མཐུན་སྦྱོར་གཞོགས་འདེགས་ནུས་པ་སྔར་ལས་ཆེ་རུ་བཏང་།

དུས་མཚུངས་སུ། གསེར་ཆེན་རྫོང་གིས་རྫོང་གི་འཕྲལ་བསྟུན་དང་གནམ་གཤིས། ཆུ་བེད། སྡོད་ཁང་འཛུགས་སྐྲུན། རང་བྱུང་ཐོན་ཁུངས་སོགས་སྡེ་ཁག་མང་པོ་རྩ་འཛུགས་བྱས་ཏེ། རྫོང་ཡོངས་ཀྱི་ཆུ་ལོག་དང་ས་གཤིས་གནོད་འཚེ་འབྱུང་ཉེན་ཆེ་བའི་གནས། གྲོང་ཁྱེར་གྱི་ཆུ་ལོག་སྔོན་འགོག་དང་ཆུ་ཕྱིར་འབུད་སོགས་ཀྱི་གནས་ལ་དྲ་འཐེན་རྣམ་པའི་ཞིབ་བཤེར་བྱས་པ་དང་། ཞིབ་བཤེར་བྱས་པའི་འགལ་རྐྱེན་གནད་དོན་སྣ་ཚོགས་ལ་དུས་ཐོག་ཏུ་ཡུལ་དངོས་ནས་བཅོས་སྒྲིག་བྱས་ཏེ། འགལ་རྐྱེན་ཅི་རིགས་མེད་པར་བཟོ་རྒྱུར་སྐུལ་འདེད་བཏང་བ་དང་།ཡུལ་དངོས་སུ་བཅོས་སྒྲིག་བྱེད་མི་ཐུབ་ཚེ་འགན་འཁུར་མི་སྣ་ཁ་གསལ་བཟོས་ནས་སྔོན་འགོག་བྱེད་ཐབས་སྤྱད་དེ། འགལ་རྐྱེན་ཚོད་འཛིན་ཐུབ་པར་འགན་ལེན་ནན་མོ་བྱས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།