ད་ལོའི་ལོ་སྟོད་དུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་བཟོ་ལས་དཔལ་འབྱོར་ཐད་གྲུབ་འབྲས་མི་དམན་པ་བླངས་ཡོད་པ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་དང་ཁེ་ལས་ཀྱི་འཕར་སྣོན་རིན་ཐང་དུས་མཉམ་ལས80.2%འཕར་ཡོད་པ་དང་། འཕར་ཚད་སྔོན་ལོའི་དུས་མཉམ་ལས་བརྒྱ་ཆའི་གྲངས་གནས89.6ཡིན་པ་དང་། ཁུལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་བཅུ་ཡིས་བསྡོམས་པའི་གློག་འདོན་ཚད་སྟོང་ཝ་དུང་ཕྱུར་བདུན་དང་བྱེ་བ་གཉིས་ས་ཡ་བཞི་དང་། གཟན་རྩྭ་ཏུན1222ཐོན་སྐྱེད་བྱས་པས། བཟོ་ལས་ཀྱི་སྤྱིའི་ཐོན་རིན་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་གསུམ་ལ་སླེབས་ཡོད་པ་དང་། དུས་མཉམ་ལས48.9% འཕར་ཡོད་པས། ཁུལ་ཡོངས་ཀྱི་བཟོ་ལས་སྤུས་ཚད་མབའི་འཕེལ་རྒྱས་ལ་སྒུལ་ཤུགས་དྲག་པོ་བསྩལ་ཡོད།
རྐང་ཚ་རྫོང་གིས“3+6” བྱ་བའི་རྐྱེན་སྲོལ་མ་ལག་གཏིང་ཟབ་ཏུ་བཏང་སྟེ། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ལྟ་ཞིབ་ཚད་ལེན་དང་གཟའ་འཁོར་རེའི་བཀོད་གཏོང་རྒྱུན་འཁྱོངས་བྱས་ཏེ། “ཁེ་ལས་གཅིག་ལ་སྲིད་ཇུས་གཅིག་དང་གནད་འཁེལ་ཞབས་ཞུ”ལྟར། འཕར་སྣོན་རིན་ཐང་ཅུང་མཐོ་བའི་ནུས་ཁུངས་གསར་པའི་ཁེ་ལས་ཀྱི་ལྟ་ཞིབ་ཚད་ལེན་དང་བཀོད་གཏོང་ཇེ་དྲག་ཏུ་བཏང་ནས། ལས་སྣོན་ཁེ་ལས་དྲ་ཐོག་དང་དྲ་འོག་ནས་དུས་མཉམ་དུ་ཚོང་གཉེར་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། དུས་ཐོག་ཏུ་ལས་གཞི་འཛུགས་སྐྲུན་དང་རྒྱུ་ཆ་ཉོ་སྒྲུབ། ཁྲོམ་རའི་བྲིན་འཚོང་སོགས་ཀྱི་ཐད་འཕྲད་པའི་དཀའ་གནད་ཐག་གཅོད་བྱས་ནས། ཐོན་སྐྱེད་རྒྱ་སྐྱེད་པ་དང་ཕན་འབྲས་ཆེ་རུ་གཏོང་བ། གཅིག་གྱུར་བྱེད་དགོས་པ་གང་ལེགས་ཀྱིས་གཅིག་གྱུར་བྱེད་པར་ཁག་ཐེག་བྱ་དགོས།
གཙོ་གནད་ཁེ་ལས་ཀྱི་ཞབས་ཞུའི་བྱ་བ་ནན་ཏན་སྒོས་ལེགས་པོར་སྒྲུབ་ནས། ཁེ་ལས་ཀྱིས་ལས་སྒྲུབ་ཁྲོད་འཕྲད་པའི་རྩ་གནད་དང་དཀའ་གནད་ལ་ཧུར་ཐག་གིས་ཁ་གཏད་འཇལ་ཏེ། ཁེ་ལས་ཀྱིས་ཁེ་ལས་ཀྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་ཡག་པོ་བྱེད་པར་མཛུབ་ཁྲིད་བྱས། ལོ་སྟོད་དུ་རྫོང་ཡོངས་ཀྱི་སྲིད་གཞུང་དང་ཁེ་ལས་ཀྱི་སྦྲེལ་མཐུད་ཚོགས་འདུ་བསྡུས་པ་དང་། དངུལ་ཁང3དང་ཁེ་ལས12ཀྱིས་སྒོར་བྱེ་བ་གཅིག་དང་ས་ཡ་དགུ་འབུམ་ལྔའི་གན་རྒྱ་བཞག་ལ། རིམ་རྩིས་བྱས་ན་རྣམ་པ་གསར་པའི་ཞིང་ཕྱུགས་ལས་ཀྱི་ཚོང་གཉེར་བྱེད་མཁན་གྱི་ཁ་གསབ་སྐྱེད་ཀ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་དྲུག་ཁྲི་དྲུག་དང་སྟོང་གསུམ་ལྷག་ཡིན་པ་དང་། ཁེ་ལས་ཆུང་བའི་ཀུན་ཕན་དངུལ་རྩའི་དངུལ་བུན262བསྐྱིས་པའི་བསྡོམས་འབོར་སྒོར་བྱེ་བ་བདུན་དང་ས་ཡ་བཞི་ཡིན་པས། ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལ་རོགས་འདེགས་བྱས།
ཤ་བོ་རིན་མཚོས་བསྒྱུར།