ཟླ8པའི་ཚེས12ཉིན། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་འཕྲིན་བཅར་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མང་ཚོགས་ཀྱིས་ཚུར་སྣང་བྱས་པ་མང་བའི་གནད་དོན་ལ་དམིགས་ཏེ། མཚོ་ཤར་གྲོང་ཁྱེར་འཕྲིན་བཅར་ཅུའུ་ཡིས་དོན་དངོས་ཐོག་ལེགས་སྒྲིག་དོན་ཚན་ཉེར་དྲུག་བཏོན་ནས། སྦྲེལ་ཐག་ཧྲིལ་བོའི་འཕྲིན་བཅར་བྱ་བའི་ཆུ་ཚད་མཐོ་རུ་བཏང་ནས་མང་ཚོགས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་ནན་མོ་བྱས། ཟླ8པའི་ཚེས12ཉིན་བར། གྲོང་ཁྱེར་ཡོངས་སུ་འཕྲིན་བཅར་ཁྱོན་སྡོམ949ཡོད་ལ། དུས་ལྟར་བདག་སྤྲོད་བྱས་ཚད་དང་། དུས་ལྟར་ཐག་གཅོད་བྱས་ཚད་བརྒྱ་ཆའི་བརྒྱར་སླེབས། ཐེངས་དང་པོའི་ཞུ་གཏུག་འཕྲིན་བཅར་ཐག་གཅོད་བྱས་ཚད་བརྒྱ་ཆའི93.17ལ་སླེབས་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། མང་ཚོགས་ཀྱིས་ཚུར་སྣང་བྱས་པའི་གནད་དོན་མང་ཆེ་ཤོས་ཁང་བའི་གླ་ཆ་དུས་ལྟར་མ་འཕྲོད་པ་དང་བཤིག་སྤོར་བར་བརྒལ་གྲོན་དངུལ་མ་བྱིན་པ། ཞིང་པ་ཞོར་ལས་པའི་གླ་ཆ་ཆད་འགྱངས་བྱས་པ་སོགས་ཀྱི་གནད་དོན་རེད། གནད་དོན་འདི་དག་ཐག་གཅོད་བྱེད་ཆེད་དང་མང་ཚོགས་གང་སར་རྒྱུགས་མི་དགོས་པར་སྔ་མོ་ནས་ཐག་གཅོད་བྱེད་ཆེད། མཚོ་ཤར་གྲོང་ཁྱེར་དང་རྫོང་དང་ཆུའུ་མཉམ་འགུལ་བྱས་ཏེ། གྲོང་ཁྱེར་དང་རྫོང་གི་འགོ་ཁྲིད་ཀྱིས་རང་འགུལ་གྱིས་འཕྲིན་བཅར་དང་ལེན་དང་གཞི་རིམ་དུ་བསྐྱོད་པ། གྱོད་དོན་འགན་ལེན་བཅས་བྱས་ནས། གཅིག་བསྡུས་སྒོས་འཕྲིན་བཅར་གྱོད་དོན་གཙང་སེལ་འགུལ་སྤྱོད་སྤེལ་ཏེ། སྔོན་ཆད་ཀྱི་ཤུལ་བཞག་གནད་དོན་གཙང་སེལ་བྱས། འཕྲིན་བཅར་བྱ་བའི་ཁྲིམས་སྐྱོང་རྣམ་པའི་བྱེད་སྒོའི་སློབ་སྦྱོང་འཛིན་གྲྭ་སྒྲུབ་སྟེ། ལས་བྱེད་མི་སྣ་རྩ་འཛུགས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི“གྲངས་ནུས་འཕྲིན་བཅར”ཆ་འཕྲིན་མ་ལག་གི་བཀོད་སྤྱོད་ལ་སློབ་སྦྱོང་བྱས་ནས། འཕྲིན་བཅར་གོ་རིམ་སྔར་ལས་ཚད་ལྡན་དང་སྔར་ལས་ནུས་ལྡན་དུ་བཏང་བར་མ་ཟད། མི་དམངས་ཀྱིས་ཁྲིམས་མཐུན་དང་དཔྱོད་ཤེས་ཀྱི་སྒོ་ནས་རེ་ཞུ་བྱེད་པར་སྣེ་ཁྲིད་བྱས།
མཚོ་ཤར་གྲོང་ཁྱེར་འཕྲིན་བཅར་ཅུའུ་ཡི་ལས་བྱེད་མི་སྣའི་གསར་འགོད་པར་བཤད་རྒྱུར། རྒྱུན་མཐུད་ངང་འཕྲིན་བཅར་ཞུ་ཡིག་གི་གྱོད་གཞི་བསགས་པའི་རྒྱུན་ལྡན་རང་བཞིན་ལ་སྐུལ་འདེད་གཏོང་ཆེད། ལས་བྱེད་མི་སྣའི་གཅིག་བསྡུས་སྟོབས་ཤུགས་བཅོས་བསྒྱུར་བྱ་བའི་བྱེད་ཐབས་བཅོས་བསྒྱུར་དང་། ཡིག་སྐུར་ཚད་ལྡན། དྲ་ཐོག་གི་འཕྲིན་བཅར་བརྒྱུད་རིམ་དང་སྒྲིག་ལམ། རྒྱུན་ལྡན་རང་བཞིན་གྱི་སྒོ་ནས་ཡིག་སྐུར་ཞུ་གཏུག་གི་བྱེད་སྒོ་ཚད་ལྡན་དུ་གཏོང་བའི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་དང་། ཡང་བསྐྱར་འཚམས་འདྲི་བྱེད་པའི་རྒྱུ་རྐྱེན་གཙོར་བཟུང་ནས་དབྱེ་ཞིབ་བྱས་ཏེ་ཡིག་སྐུར་ཞུ་དོན་དག་ཐེངས་གཅིག་གིས་ཐག་གཅོད་བྱེད་ཚད་མཐོ་རུ་བཏང་། གཙོ་གནད་དང་དཀའ་གནད་གནད་དོན་ལ་བྱེད་ཐབས་ནུས་ལྡན་སྤྱོད་པ།་དང་། མགོ་ཁྲིད་ཀྱིས་གྱོད་གཞིའི་འགན་གཙང་ལེན་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། གཞི་རིམ་དུ་འགལ་བའི་མྱུ་གུ་འབུས་པའི་སྐབས་སུ་སེལ་བར་བརྩོན་ལེན་བྱས། དེ་དང་མཉམ་དུ་འགན་འཁྲི་འཁུར་བའི་ལས་ཁུངས་ལ་ཁ་གསལ་བཟོས་ནས་གྱོད་གཞི་རེ་རེ་དང་ཐབས་ཇུས་གཅིག་གནད་ལ་འཁེལ་བའི་སྒོ་ནས་ནུས་ཤུགས་བཏོན་ཏེ་ཐག་གཅོད་བྱས་མེད་པའི་རིགས་ལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཐག་གཅོད་བྱས་ཟིན་པ་རྣམས་ཀྱི་ཕན་འབྲས་སྲ་བརྟན་དུ་བཏང་སྟེ། དོན་དག་རེ་རེ་གོ་རིམ་ཆ་ཚང་བར་བརྒྱུད་ནས་མང་ཚོགས་ལ་དྲང་བདེན་དང་དྲང་བཞག་ཚོར་དུ་བཅུག