ཐུན་རིན་གྲོང་ཁྱེར་གྱི་མི་སྟོང་ལྷག་ཙམ་གྱིས་རིན་མེད་ལུས་བརྟག་གི་ལག་ཁྱེར་སྒྲུབ་པའི་ཞབས་ཞུ་ལོངས་སྤྱོད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས4ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ཅཱ་ལི་ཧྥུའུ་ཚོང་ཁང་གི་འགན་འཛིན་པ་དཀོན་མཆོག་ནོར་བུ་དགའ་སྤྲོ་ཆེན་པོས་བཤད་རྒྱུར།“སྔོན་ཆད་ལུས་པོར་བརྟག་དཔྱད་དང་ལས་བཟོ་བའི་བདེ་ཐང་ལག་ཁྱེར་སྒྲུབ་པར་མ་དངུལ་སྤྲོད་དགོས་པ་དང་དུས་ཚོད་མང་པོ་དལ་འགོར་བྱེད་དགོས་ལ། ལས་བཟོ་བ་ལས་གནས་ནས་ཁ་བྲལ་ན་ད་དུང་ཚོང་ལས་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད།  ད་ལྟ། ཐུན་རིན་གྲོང་ཁྱེར་གྱིས་ཟ་ཁང་དུ་ལས་ཞུགས་བྱེད་པའི་མི་སྣར་རིན་མེད་ལུས་བརྟག་དང་། རིན་མེད་སྒོས་བདེ་ཐང་ལག་ཁྱེར་སྒྲུབ་པའི་དམངས་ཕན་བྱ་སྤྱོད་སྤེལ་ནས། ས་ཆ་གཅིག་ཏུ་བསྒྲུབ་ཆོག་པ་དང་ཚོང་གཉེར་ལ་འགོར་འགྱངས་མི་བྱེད་པས་དངོས་གནས་སྟབས་བདེ་བ་ཞིག་རེད ”ཟེར། བྱ་སྤྱོད་འདི་ནི་ཐུན་རིན་གྲོང་ཁྱེར་གྱིས་དམངས་ཀྱི་འདོད་བློར་ཉན་པ་དང་དོན་དངོས་སྒྲུབ་པ། དཀའ་ཁག་སེལ་བ་བཅས་ཡིན་པས། སློབ་སྦྱོང་སློབ་གསོ་ལས་དམངས་ཚིས་དྲོད་འཁོལ་མངོན་པའི་གསོན་ཉམས་དོད་པའི་སྣང་ཚུལ་ཞིག་རེད།

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་ནས་བཟུང་། ཐུན་རིན་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས“དོན་དངོས་སྒྲུབ་པ་དང་དཀའ་གནད་སེལ་བ” སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་ཚད་འཇལ་བའི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། མང་ཚོགས་ཀྱི་བསམ་འཆར་གཅིག་བསྡུས་བྱས་པའི་གནད་དོན་ལ་དོ་སྣང་ཆེན་པོ་བྱས་ཏེ། ལས་ཡུལ་དང་པོར་ཟབ་ཞུགས་བྱས་ནས་གནས་ཚུལ་དངོས་འཚོལ་བ་དང་། སྡེ་ཁག་མཉམ་འགུལ་བྱས་ཏེ་ནུས་ཤུགས་གཅིག་ཏུ་བསྡུ་བ།    གནད་འཁེལ་འཆར་འགོད་བྱེད་ཐབས་དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ། ཕན་ནུས་མཐོ་བའི་སྒོ་ནས་བཟའ་བཏུང་སོགས་ལས་རིགས་ཀྱི་ལས་བཟོ་བར་རིན་མེད་ལུས་བརྟག་དང་རིན་མེད་སྒོས་བདེ་ཐང་ལག་ཁྱེར་སྒྲུབ་པའི་དམངས་ཕན་སྲིད་ཇུས་ལག་བསྟར་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་།

ཐུང་རིན་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་གྲོང་ཁྱེར་ཡོངས་ཀྱི་བཟའ་བཏུང་ལས་ཁུངས་ལ་ཕྱོགས་ཡོངས་ནས་འཚམས་འདྲི་བྱས་པ་དང་། ཚོང་གཉེར་མཁན་གྱིས་བདེ་ཐང་ལག་ཁྱེར་སྒྲུབ་སྐབས་འཕྲད་པའི་དཀའ་ཁག་དང་དུས་ཚོད་ཆུད་ཟོས། ཚོང་གཉེར་གྱི་ཤུགས་རྐྱེན་བཅས་ལ་རྒྱུས་ལོན་ཞིབ་ཕྲ་བྱས།     མི་སྒེར་གྱི་བཟོ་ཚོང་འཐུས་མི་གཅིག་ཏུ་བསྡུས་ནས་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། བདེ་ཐང་ལག་ཁྱེར་སྒྲུབ་པའི་བརྒྱུད་རིམ་ཇེ་ལེགས་སུ་གཏོང་བའི་བསམ་འཆར་དང་གྲོས་གཞིར་ཉན། ལྟེ་བའི་དགོས་མཁོ་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་དང་།    ཐབས་ཇུས་ལག་བསྟར་བྱེད་པར་དམངས་འདོད་ཀྱི་རྨང་གཞི་བརྟན་པོ་འཛུགས་དགོས།

གནད་དོན་གྱི་གཙོ་གནད་ཡང་དག་བཙལ་ཏེ།   ལས་བཟོ་བའི་བཤད་པའི་བདེ་ཐང་ལག་ཁྱེར་སྒྲུབ་པའི་དུས་ཡུན་རིང་བ་སོགས་འབུར་ཐོན་གནད་དོན་ལ་དམིགས་ནས། ཐུན་རིན་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་འཕྲོད་བསྟེན་བདེ་ཐང་ཅུའུ་ལ་མཉམ་འབྲེལ་བྱས་ཏེ། ཟས་རིགས་དང་སྨན་རྫས་ཚོང་གཉེར། བཟའ་བཏུང་ཞབས་ཞུ་སོགས་མངའ་ཁོངས་གྱི་ལས་བཟོ་བར་རིན་མེད་ལུས་བརྟག་དང་རིན་མེད་ཀྱིས་བདེ་ཐང་ལག་ཁྱེར་སྒྲུབ་པའི་ཞབས་ཞུའི་སྟེགས་བུ་བཙུགས་ནས། སྔོན་ལ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་ཏུ་ཐོ་འགོད་རེ་ཞུ་ལེགས་འགྲུབ་བྱས་རྗེས། ལས་ཞུགས་མི་སྣས་འབྲེལ་ཡོད་རྒྱུ་ཆ་སོགས་འཁྱེར་ནས་སྨན་ཁང་དུ་རིན་མེད་བརྟག་དཔྱད་བྱས་ཆོག་པ་དང་། མཇུག་མཐར་བདེ་ཐང་ལག་ཁྱེར་བླངས་ཆོག

མིག་སྔའི་བར་དུ། འབྲེལ་ཡོད་མངའ་ཁོངས་ཀྱི་ལས་ཞུགས་མི་སྣ1184ལ་རིན་མེད་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། རིམ་རྩིས་བྱས་ན་བསྡོམས་པའི་སྒོར་འབུམ་གཅིག་དང་ཁྲི་བདུན་སྟོང་གཅིག་ལྷག་ལ་སླེབས། བྱེད་ཐབས་དེའི་བདེ་ཐང་འཛིན་ཡིག་སྒྲུབ་པ་དེ་དམངས་ཚིས་ཀྱི་དཀའ་གནད་ནས་དམངས་ཕན་གྱི་གསལ་ཆ་རུ་བསྒྱུར་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།