ཐེམ་ཆེན་རྫོང་གིས་མ་དངུལ་སྒོར་དུང་ཕྱུར་གཉིས་དང་ས་ཡ་བཞི་འབུམ་བརྒྱད་བཏང་ནས་ཕྱུགས་ཁང་དྲུག་བརྒྱ་ཉི་ཤུ་སྒྱུར་བཀོད་རིམ་འཕར་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ད་ལོར་ཐེམ་ཆེན་རྫོང་གིས་ཕྱུགས་ཁང་རྙིང་བ་སྒྱུར་བཀོད་བྱེད་པ་དེ་འབྲོག་ལས་དེང་རབས་ཅན་ལ་སྐུལ་འདེད་དང་འབྲོག་དམངས་ཀྱི་ཡོང་སྒོ་འཕར་བའི་གནད་འགག་ཏུ་བརྩིས་ནས། སྒོར་དུང་ཕྱུར་གཉིས་དང་ས་ཡ་བཞི་འབུམ་བརྒྱད་གྱི་ཆེད་སྤྱོད་མ་དངུལ་བཀོལ་ནས། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་གྱི་འབྲོག་ལས་ཨུ་ཡོན་ལྷན་ཁང་རེ་གཉིས་ཀྱི་ཕྱུགས་ཁང་དྲུག་བརྒྱ་ཉི་ཤུ་ཁྱོན་ཡོངས་ནས་ཞིག་གསོ་རིམ་འཕར་བྱས།

འབྲོག་ལས་དེང་རབས་ཅན་གྱི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་ཆེད། འབྲོག་དམངས་ཀྱི་གསོ་སྤེལ་ཁོར་ཡུག་ལེགས་སྒྱུར་བྱས་ནས། མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་ལམ་བུ་རྒྱ་སྐྱེད་བཏང་། ད་ལོ་ནས་བཟུང་། ཐེམ་ཆེན་རྫོང་གིས་འབབ་འཕར་ཕྱུག་འགྱུར་གྱི་སྲིད་ཇུས་དང་ཟུང་འབྲེལ་བྱས་ནས། ཁྱོན་ཡོངས་ནས་བོད་ལུག་དང་ནོར་ནག་གསོ་སྤེལ་ར་བ་ལེགས་སྒྱུར་བྱེད་པའི་བཟོ་སྐྲུན་གྱི་བྱ་བ་སྒྲུབ་ནས། ཚན་རིག་འཆར་འགོད་དང་སྲིད་ཇུས་ཀྱི་འདེགས་སྐྱོར། ལག་རྩལ་མཛུབ་སྟོན་བྱས་པ་བརྒྱུད། གསོ་སྤེལ་ཁོར་ཡུག་ལེགས་སྒྱུར་བྱས་ནས། ཐོན་སྐྱེད་ཀྱི་ཕན་འབྲས་མཐོར་འདེགས་སུ་བཏང་སྟེ། འབྲོག་ལས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགུལ་ནུས་གསར་པ་བསྣན།

བཟོ་སྐྲུན་ལེགས་སྒྱུར་གྱི་སྐུལ་སྤེལ་བྱ་བར་ཁག་ཐེག་བྱ་ཆེད། ལས་གཞི་ལག་ལེན་གྱི་དུས་སྐབས་སུ། ཐེམ་ཆེན་རྫོང་གིས་འབྲོག་ལས་གསོ་སྤེལ་སྒྲིག་ཆས་ཀྱི་ལག་ལེན་འཆར་འགོད་ཀྱི་བླང་བྱ་ལྟར། འབྲོག་དམངས་ཀྱིས་རེ་ཞུ་བྱེད་པ་དང་ཡུལ་དངོས་སུ་གནས་ཚུལ་འདྲི་བརྩད་བྱེད་པ་བཅས་ཀྱི་རྣམ་པ་ལ་བརྟེན་ནས། ནུས་ཤུགས་ཡོད་རྒུས་ནོར་ལུག་གསོ་སྤེལ་ར་བའི་སྒྱུར་བཀོད་རིམ་འཕར་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱེད་ཐབས་གལ་ཆེན་ཡིན་པ་མ་ཟད། འབྲོག་དམངས་ཕྱུག་འགྱུར་གྱི་ལམ་བུ་ལེགས་པོ་ཞིག་ཀྱང་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།