མཚོ་སྔོན་ཞིང་ཆེན་གྱི་ལོ་སྟོད་ནང་ཕྱི་ཕྱོགས་ཚོང་དོན་མགྱོགས་མྱུར་འཕར་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། 2025ལོའི་ལོ་སྟོད་དུ་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་དངུལ་རྩའི་སྒྲིག་གཞི་དང་མཉམ་འབྲེལ་བྱས་ཏེ་སྲིད་ཇུས་གསར་གཏོད་དང་།དངུལ་རྩའི་རྒྱབ་སྐྱོར།གནད་ལ་འཁེལ་བའི་ཞབས་ཞུ་བཅས་ལ་མཐུན་སྦྱོར་ངང་སྟོབས་ཤུགས་བཏང་བ་བརྒྱུད་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་མགྱོགས་མྱུར་འཕར་རྒྱུར་སྐུལ་འདེད་བཏང་བ་དང་དམིགས་ཚད་མང་པོ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་སྒོ་འབྱེད་རྣམ་པའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཤུགས་ཆེན་བསྣན་ཡོད།

ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བ་དང་རྒྱལ་སྤྱིའི་ཁྲོམ་རའི་ཆ་འཕྲིན་བསྡུ་ལེན་ཐབས་ལམ་ཚད་ཡོད་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད།མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ཀྲུང་གོ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་ཀྲུང་ཤིན་འགན་སྲུང་ཧྲའན་ཤིས་ཡན་ལག་ཀུང་སི་སོགས་དངུལ་རྩའི་སྒྲིག་གཞི་བདུན་དང་མཉམ་འབྲེལ་བྱས་ཏེ“སྲིད་དངུལ་ཁང་འགན་སྲུང་ཁེ་ལས”ཀྱི་རྒྱུན་ལྡན་ཅན་གྱི་སྦྲེལ་མཐུད་ལམ་སྲོལ་བཙུགས་ནས་དངུལ་རྩའི་ཁྱབ་ཁོངས་ཀྱི་ཕྱི་ཕྱོགས་ཚོང་དོན་བརྟན་པོ་ཡོང་བའི་ལས་དོན་བྱེད་ཤུགས་ཆེ་རུ་བཏང་ཡོད། དངུལ་རྩའི་སྒྲིག་གཞིས་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་།དངུལ་རྩའི་ཐོག་ཕྱི་ཕྱོགས་ཚོང་དོན་བརྟན་ལྷིང་བྱེད་པའི་ལས་ཀའི་ཕྱོགས་སྟོན་པར་འགྲེམས་བྱེད་པ།ཕྱི་ཕྱོགས་ཚོང་དོན་ཉེན་ཁའི་ཉེན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཕྱིར་གཏོང་ཡིད་རྟོན་འགན་བཅོལ་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་།ཉོ་ཚོང་མ་དངུལ་བསྡུ་སྒྲིལ་དང་།དངུལ་ཁང་གི་ཡིད་རྟོན་བཅུས།རྒྱལ་མཚམས་ལས་བརྒལ་བའི་དངུལ་རྩའི་ཞབས་ཞུ།དངུལ་བརྗེས་འཛའ་ཐང་ཉེན་ཁ་གཡོལ་རྒྱབ་སྐྱོར་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ཁེ་ལས་ཀྱིས་སྣ་མང་ཅན་གྱི་རྒྱལ་སྤྱིའི་ཁྲོམ་ར་གསར་འབྱེད་བྱེད་པར་རོགས་རམ་བྱས་ནས་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་དགོས།

རྒྱལ་མཚམས་ལས་བརྒལ་བའི་དངུལ་རྩའི་ཞབས་ཞུའི་ཐད་བཟོ་ཚོང་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས“ཕྱི་དངུལ་གྱི་སྒྲིག་སྲོལ་དང་མཐུན་པའི་ནུས་པ་དང་ཆེད་ལས་ཞབས་ཞུའི་ནུས་པ”མཐོ་རུ་གཏོང་རྒྱུར་དམིགས་ནས“མཚོ་འགྲམ་དང་།རྒྱལ་མཐུན་བཅས་ཀྱི་སྣ་མང་ཅན་གྱི་ཞབས་ཞུའི་རྣམ་པ་བསྐྲུན་ཏེ།“གྲངས་འཛིན་ལས་སྟེགས་དང་།མཚམས་སྦྱོར་སྦྲེལ་མཐུད་དང་དངུལ་རྩའི་ཐོན་རྫས”བཅས་ཀྱི་ཡུལ་ལྗོངས་ཡོངས་ཀྱི་ཞབས་ཞུའི་སྣོད་བཅུད་ཆགས་པ་དང་།ཁེ་ལས་ལ་རྒྱལ་མཚམས་ལས་བརྒལ་བའི་བསྡོམས་རྩིས་དང་།ཉོ་ཚོང་དངུལ་བསྡུར།དངུལ་བརྗེས་འཛའ་ཐང་ཉེན་ཁ་གཡོལ་བཅས་ཀྱི་གཅིག་གྱུར་གྱི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད། ལོ་སྟོད་དུ་དངུལ་ཁང་དེས་ཞིང་ཆེན་ནང་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་རྒྱལ་སྤྱིའི་བསྡོམས་རྩིས་ཨ་སྒོར་དུང་ཕྱུར་1.08བསྒྲུབས་པའི་ནང་རྒྱལ་མཚམས་ལས་བརྒལ་བའི་མི་དམངས་ཤོག་སྒོར་གྱི་བསྡོམས་རྩིས་སྒོར་དུང་ཕྱུར་1.41བྱས་པ་མ་ཟད།དངུལ་བརྗེས་འཛའ་ཐང་གི་ཉེན་ཁ་དོ་དམ་དྲིལ་བསྒྲགས་དང་ངོ་སྤྲོད་བྱེད་སྒོ་བརྒྱུད་ཁེ་ལས་2ལ་མི་དམངས་ཤོག་སྒོར་གྱི་ཕྱི་དངུལ་དུས་དབང་ལས་སྒོ་སྒྲུབ་རོགས་བྱས་ནས་དངུལ་བརྗེས་འཛའ་ཐང་གི་ཉེན་ཁ་ནུས་ལྡན་ངང་གཡོལ་ཐུབ་པ་རེད། ཀྲུང་གོ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཞིང་ཆེན་ནང་ཁུལ་གྱི་རྒྱལ་སྤྱིའི་བསྡོམས་རྩིས་ཁྲོམ་རའི་ཐོབ་སྐལ་གྱི་སྔོན་ཐོན་གནས་བབ་མུ་མཐུད་རྒྱུན་འཁྱོངས་བྱས་ནས་ཕྱི་ཕྱོགས་ཚོང་དོན་ཁེ་ལས་121ལ་རྒྱལ་སྤྱིའི་བསྡོམས་རྩིས་ཨ་སྒོར་དུང་ཕྱུར་2.1བསྒྲུབས་ཡོད་།

གྲངས་འཛིན་དངུལ་རྩ་མགྱོགས་མྱུར་བེད་སྤྱོད་བྱས་ནས་ཕྱི་ཕྱོགས་ཚོང་དོན་རིམ་སྤོར་སྔར་བས་ནུས་པ་ཐོན་ཡོད། འགྲིམ་འགྲུལ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས“གྲངས་འཛིན་དངུལ་རྩ+”སྒུལ་ཤུགས་སུ་བྱས་ཏེ“རང་འགུལ་ངང་དངུལ་བུན་གཏོང་བའི”རྣམ་པ་ལག་བསྟར་བྱས་ཏེ“ཁེ་ལས་སྟོང་དང་དུད་ཚང་ཁྲི་ལ་འཚམས་འདྲི་བྱེད་པའི”བྱེད་སྒོ་སྤེལ་བ་དང་།ཁེ་ལས་ཀྱི་མ་དངུལ་དགོས་མཁོ་འཚོལ་ཞིབ་བྱས་ཏེ།ཕྱི་ཕྱོགས་ཚོང་དོན་ཁེ་ལས་10ལ་“དྲ་ཐོག་གཏའ་འཇོག་དངུལ་བུན་”“ལས་རིགས་འགྲེམས་སྤེལ་མགྱོགས་བུན་”“ཚོང་ལ་ཕན་པའི་དངུལ་བུན་”སོགས་མ་དངུལ་བསྡུ་སྒྲིལ་ཇུས་གཞི་སྙོམ་སྒྲིག་བྱས་ཏེ།བསྡོམས་པས་དངུལ་བུན་གཏོང་ཚད་སྒོར་ཁྲི་1306ལ་ཆོག་མཆན་སྤྲད་པ་དང་།དངོས་སུ་སྒོར་ཁྲི་1198.4དངུལ་བུན་བཏང་བ་རེད། ཀྲུང་གོ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་མཚོ་སྔོན་གྲོས་མོལ་ཚོགས་འདུའི་རིང་ཧྲེང་ཡོན་ས་གདན་སོགས་ཕྱི་ཕྱོགས་ཚོང་དོན་ཁེ་ལས་5དང་མ་དངུལ་བསྡུ་སྒྲིལ་དངུལ་བུན་གྱི་གྲོས་མཐུན་བཞག་པ་དང་བསྡོམས་འབོར་སྒོར་ཁྲི་8900ཟིན་ནས་ཁེ་ལས་ཀྱི་མ་དངུལ་གནོན་ཤུགས་ནུས་ལྡན་ངང་ཆུང་དུ་བཏང་བ་རེད། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས“གོ་ལ་ཧྲིལ་པོའི་མཚམས་སྦྱོར་ཁྲིའི”ལས་སྟེགས་ལ་བརྟེན་ནས་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཆུང་ཆུང་དང་ཆུང་ཆུང་ལ་རྒྱལ་མཚམས་ལས་བརྒལ་བའི་མཚམས་སྦྱོར་དང་དངུལ་རྩའི་རྒྱབ་སྐྱོར་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ་རིམ་རྩིས་ཐོག་ཁེ་ལས་52ལ་དངུལ་བུན་སྒོར་ཁྲི་5846.86སྤྲད་པ་དང་།ཁེ་ལས་49ལ་དངུལ་བུན་སྒོར་ཁྲི་3331.26སྤྲད།

གཞན་ཡང་རྒྱལ་ཁབ་གསར་སྤེལ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ནུབ་རྒྱུད་གཏེར་ལས་ཚོགས་པའི(ཤང་ཀང་)ཚད་ཡོད་ཀུང་སིའི་ཕྱི་རྒྱལ་གྱི་མི་དམངས་ཤོག་སྒོར་འཁོར་རྒྱུག་མ་དངུལ་དངུལ་བུན་རྣམ་གྲངས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་།ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་ཧྲའན་ཤིས་ཞིང་ཆེན་ཡན་ལག་དངུལ་ཁང་གིས་མཚོ་སྔོན་ནུབ་རྒྱུད་མཱེ་ལས་རིགས་ཀྱི་མཱེ་ཐོན་རྫས་ཕྱིར་གཏོང་ལ་དོ་ཁུར་བྱས་ཏེ་ཕྱིར་གཏོང་ཡིད་རྟོན་དངུལ་བུན་འཁོར་རྒྱུག་དངུལ་བུན་སྙོམ་སྒྲིག་བྱ་རྒྱུ་དང་འབྲེལ་ལོ་འཁོར་གྱི་ཡིད་རྟོན་དངུལ་བུན་ཇུས་གཞིའི་ནང་བཅུག་ནས་ཁེ་ལས་ཀྱིས་ཐོན་སྐྱེད་མ་དངུལ་ཁ་གསབ་བྱ་རྒྱུར་རོགས་རམ་བྱ་རྒྱུའི་འཆར་གཞི་ཡོད།

གོམ་སྟབས་རྗེས་མར་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་དངུལ་རྩའི་སྒྲིག་གཞི་དང་མཉམ་དུ་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སྒྱུར་བྱས་ཏེ།“སྲིད་ཇུས་+ཚོང་རྒྱུའི”འཁོར་ལོ་གཉིས་ཀྱི་སྐུལ་འདེད་བརྒྱུད་དངུལ་རྩའི་སྒྲིག་གཞིས་དངུལ་རྩའི་གསར་གཏོད་སྒུལ་ཤུགས་སུ་བྱེད་པ་དང་།ཕྱོགས་བསྡུས་ཞབས་ཞུའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ།བྱེད་ཐབས་མང་པོ་མཉམ་སྤེལ་བྱས་ནས་ཕྱི་ཕྱོགས་ཚོང་དོན་ཁེ་ལས་བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱས་ཏེ།ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་སྔར་ལས་དྲག་པོ་འདོན་སྤྲོད་བྱ་རྒྱུ་རེད། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།