མཚོ་ལྷོ་ཁུལ་གྱིས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱེད་པའི་གཅིག་བསྡུས་སྒྲོག་སྤེལ་བྱེད་སྒོ་སྤེལ་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན ཟླ7པའི་ཚེས16ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱེད་པའི་གཅིག་བསྡུས་དྲིལ་སྒྲོག་བྱེད་སྒོ་སྤེལ་ནས།“སྲིད་ཇུས་དྲིལ་སྒྲོག་དང་། ཡུན་རིང་ལྟ་སྐུལ་ལྟ་སྐོལ། གནད་ལ་འཁེལ་བའི་ཞབས་ཞུའི”རྣམ་པ་བརྒྱུད་ཁེ་ལས་ཀྱིས་ལས་བཟོ་ཚད་ལྡན་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པས་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱ་རྒྱུའི་ཁྲིད་སྟོན་བྱས། 

སྲིད་ཇུས་དྲིལ་སྒྲོག་རུ་ཁག་ཆུང་གྲས་ཀྱིས་ཕྱི་ཟས་སྡེབ་སྐྱེལ་ས་ཚིགས་དང་མྱུར་སྐྱེལ་ཟོག་འགྲེམས་ས་ཚིགས་སོགས་ལས་ཞུགས་ཚོགས་པ་གསར་པ་འདུ་འཛོམས་བྱ་ཡུལ་དུ་གཏིང་ཟབ་ཏུ་ཕྱིན་ནས་ངལ་རྩོལ་གླ་ཕོགས་དང་། ངལ་གསོ་དང་གུང་གསེང་། ལས་རིགས་གནོད་འཚེ་འགན་སྲུང་སོགས་ཞབས་ཞུའི་གནད་འགག་ལ་དམིགས་པ་དང་། ཁེ་དབང་སྲུང་སྐྱོང་དཔེ་མཚོན་གྱོད་དཔེ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ།ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ངལ་གསོ་དང་ངལ་རྩོལ་གླ་ཕོགས་ཁེ་དབང་འགན་སྲུང་མཛུབ་ཁྲིད་》《ངལ་རྩོལ་སྒྲིག་སྲོལ་སྤྱི་སྒྲོག་མཛུབ་ཁྲིད་སོགས་སྲིད་ཇུས་ཡིག་ཆ་དྲིལ་སྒྲོག་དང་འགྲེལ་བཤད་བྱས་ཏེ།ལས་སྟེགས་ཀྱི་ལས་བཟོ་འབྲེལ་བ་ངོས་འཛིན་དང་།གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་སྤྱད་འཐུས་པ།ཁྲིམས་བཀོད་དུས་ཆེན་གྱི་གླ་ཕོགས་སྤྲོད་རྒྱུ་སོགས་གླེང་མང་བའི་གནད་དོན་ལ་ས་གནས་ས་ཐོག་ཏུ་ལན་འདེབས་ཏེ།མི་སྤྱོད་མཁན་སྡེ་ཚན་གྱིས་ངལ་རྩོལ་འགན་སྲུང་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་བྱེད་པའི་འདུ་ཤེས་སྔར་བས་ཆེ་རུ་བཏང་སྟེ།རྒྱ་ཆེའི་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པས་ཁྲིམས་ལུགས་བྱེད་ཐབས་སྤྱད་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་ནུས་པ་ནུས་ལྡན་ངང་ཆེ་རུ་གཏོང་དགོས། 

ངལ་རྩོལ་པས་བཏོན་པའི་དུས་ཚོད་ལས་བརྒལ་ནས་ལས་སྣོན་བྱེད་པ་དང་།ངལ་གསོ་མི་འདང་བ།གླ་ཕོགས་དུས་ཐོག་ཏུ་སྤྲོད་མི་ཐུབ་པ་སོགས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས།“སྐབས་བསྟུན་གཉིས་དང་ཡོངས་སྒྲོག་གཅིག”ལྟ་སྐུལ་དོ་དམ་ཚད་ལྡན་དུ་གཏོང་བའི་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཞིབ་བཤེར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་བ་དང་ཧྲུན་ཧྥུང་དང་མེ་ཐོན་སོགས་ས་གནས་དེ་གའི་ལས་སྟེགས་ཁེ་ལས་གསུམ་ལ་ལས་བཟོ་ཞིབ་བཤེར་བྱས་ཏེ་མཉེན་གཤིས་ཁྲིམས་འཛིན་ཐོག་ནས་ཁེ་ལས་ལ་ཡིག་ཐོག་གྲོས་མཐུན་5ཁ་གསབ་མིང་རྟགས་འགོད་རྒྱུར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་“མི་ཤུགས་དང་སྤྱི་ཚོགས་དང་བཟོ་ཚོགས+ཁེ་ལས”ཕྱོགས་གསུམ་གྱི་གྲོས་མོལ་མཐུན་སྦྱོར་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་ནས་ངལ་རྩོལ་འབྲེལ་བའི་མཐུན་སྦྱོར་པའི་ནུས་པ་འདོན་སྤེལ་བྱས་ཏེ་ཞབས་ཞུའི་འགན་སྲུང་བྱེད་ཐབས་ཕྱོགས་ཡོངས་ནས་འཐུས་ཚང་དུ་བཏང་ནས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ངལ་རྩོལ་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་དགོས། 

བདེ་ཐང་མཚོ་སྔོན་གྱི་བྱ་སྤྱོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས་མ་དངུལ་གྲབས་གསོག་དང་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ།གྲང་བསིལ་སྐྱེལ་སྤྲོད་བྱེད་ཚད་དང་འཚམས་འདྲི་བྱེད་ཤུགས་ཆེ་རུ་གཏོང་བ་དང་།མྱུར་སྐྱེལ་པ་དང་ཕྱི་ཟ་སྡེབ་སྐྱེལ་མཁན་ལ་འཐུང་ཆུ་དང་།ཞི་ཀུའུ།འགོག་སྲུང་ཡོ་བྱད་བཅས་ཀྱི་“གྲང་བསིལ་ལག་རྟགས་ཐུམ་”80སྤྲད་པ་དང་།བཟོ་ཚོགས་ས་ཚིགས་ལ་དྲོད་ཚད་མཐོ་བའི་གནམ་གཤིས་ཀྱིས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ལུས་ཁམས་བདེ་ཐང་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་བ་དང་།ཏང་དང་སྲིད་གཞུང་གི་ཐུགས་ཁུར་རྒྱ་ཆེའི་ངལ་རྩོལ་པའི་སེམས་སུ་སྐྱེལ་དགོས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།