2025ལོའི་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་ཚན་རིག་ཁྱབ་གདལ་ཟླ་བའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས8ཉིན་གྱི་སྔ་དྲོད“སྤྱི་ཚོགས་ཚན་རིག་གིས་མཚོ་སྔོན་གསར་པར་ནུས་པ་སྤྲད་ནས་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་འབྲི་དགོས”བརྗོད་བྱ་གཙོ་བོར་བྱས་པའི་2025ལོའི་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་ཚན་རིག་ཁྱབ་གདལ་ཟླ་བའི་བྱེད་སྒོ་འགོ་ཚུགས་མཛད་སྒོ་དང“ཧྲན་ཙུང་ཆུ་ཁུངས་མཛེས་པའི་མཚོ་སྔོན་”ཞེས་པའི་སྤྱི་ཚོགས་ཚན་རིག་སློབ་ཁྲིད་ཁང་ཤིས་ཉིང་དུ་འགོ་ཚུགས་པ་རེད། ཐེངས་འདིའི་བྱེད་སྒོ་ནི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ལྷན་དྲིལ་སྒྲོག་པོས་གཙོ་གཉེར་དང་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲུབ་འགན་འཁུར་བ་ཞིག་ཡིན་པ་དང་དེའི་དམིགས་ཡུལ་ནི་སྤྱི་ཚོགས་ཚན་རིག་ཁྱབ་གདལ་གཏོང་རྒྱུ་དེ་སྒུལ་ཤུགས་སུ་བྱས་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་འདོན་རྒྱུ་དེ་ཡིན། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་དང་།གྲོང་ཁྱེར་དང་ཀྲོའུ་ཏང་ཨུ་དྲིལ་སྒྲོག་པའི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། ཞིང་ཆེན་རིམ་པའི་སྤྱི་ཚོགས་ཚན་རིག་ཁྱབ་སྤེལ་རྟེན་གཞིའི་འཐུས་མི། མཐོ་སློབ་མཁས་དབང་སོགས་མི150ལྷག་མཉམ་འཛོམས་བྱས་ནས་སྤྱི་ཚོགས་ཚན་རིག་ཁྱབ་སྤེལ་གྱི་ལེའུ་གསར་པ་མཉམ་དུ་བྲིས་ཡོད།

སྤྱི་ཚོགས་ཚན་རིག་ཁྱབ་གདལ་གཏོང་རྒྱུ་དེ་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་རྒྱུ་དང་སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ལས་གཞི་ཞིག་ཡིན་པའི་ངོས་ནས་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་འཕེལ་རིམ་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱི་ཡོད། ཞིང་ཆེན་ཡོངས་ཀྱི་ལས་རིགས་ཁག་གིས་སྤྱི་ཚོགས་ཚན་རིག་ཁྱབ་གདལ་བྱ་གཞག་ནང་མཉམ་ལས་བྱས་ཏེ་དུས་རབས་ཀྱི་རང་བཞིན་དང་ས་ཁོངས་ཀྱི་ཁྱད་ཆོས་གཉིས་ལྡན་གྱི་ཁྱབ་གདལ་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ་སྤྱི་ཚོགས་ཚན་རིག་ཁྱབ་གདལ་ལས་དོན་སྤུས་རྟགས་ཅན་དང་། རྒྱུན་སྲོལ་ཅན། ལམ་ལུགས་ཅན་བཅས་སུ་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས། མང་ཚོགས་ཀྱི་འཚོ་བ་དང་ཐག་ཉེ་བ་དང་འཕེལ་རྒྱས་ཀྱི་དོན་དངོས་དང་འབྲེལ་མཐུད་བྱེད་པའི་གསར་གཏོད་བྱེད་ཐབས་བརྒྱུད་སྤྱི་ཚོགས་ཡོངས་ཀྱི“སྤྱི་ཚོགས་ཚན་རིག་སློབ་སྦྱོང་དང་། སྤྱི་ཚོགས་ཚན་རིག་བེད་སྤྱོད། སྤྱི་ཚོགས་ཚན་རིག་དར་སྤེལ་བཅས་བྱེད་པའི་རྣམ་པ་ཟབ་མོ་རིམ་བཞིན་ཆགས་པ་བྱེད་དགོས། ཚན་རིག་ཁྱབ་གདལ་ཟླ་བའི་བྱེད་སྒོའི་དུས་ཡུན་ཟླ་བ་གཅིག་ཡིན་པ་དང་གཙོ་རའི་བྱེད་སྒོ་1དང་ཚན་རིག་ཁྱབ་གདལ་བྱ་འགུལ་རབ་དང་རིམ་པ10སྤེལ། “འབར་མདེལ་གཉིས་དང་སྐར་མ་གཅིག”གི་སྙིང་སྟོབས་ལས་ཁུངས་ཀྱི་དམར་པོའི་སློབ་གསོ་ནང་ཞུགས་པ་ནས་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའི་རིག་གནས་ཀྱི་བཞའ་སིམ་བར། ཁྱབ་ཁོངས་མང་པོའི་རིགས་པའི་གཞུང་ལུགས་ཁྱབ་གདལ་ལག་ལེན་བྱེད་པ་ནས་ཧོ་ཧོང་རིག་གནས་ཚོན་ལྡན་རྫ་ཆས་ཤེས་བྱ་སློབ་གྲྭའི་ཤེས་རིག་རྒྱུན་འཛིན་བར་བྱེད་སྒོའི་ནང་དོན་ནི་རིགས་པའི་གཞུང་ལུགས་ཁྱབ་སྤེལ་དང་།དམར་པོའི་རིག་གནས།ཤེས་རིག་རྒྱུན་འཛིན།སྤྱི་ཚོགས་བཅོས་སྐྱོང་སོགས་ཕྱོགས་མང་དང་ཟབ་མོ་མཉམ་འདྲེས་བྱས་ཏེ། སློབ་གྲྭ་དང་། སྡེ་ཁུལ། ཁེ་ལས། གྲོང་གསེབ་སོགས་ལ་ཁྱབ་པ་དང་། མང་ཚོགས་དང་། ལས་ཁུངས་ལས་བྱེད་པ། གཞོན་ནུ་ལོ་ཆུང་སློབ་མ། སྤྱི་ཚོགས་ཚན་རིག་ལས་དོན་པ་སོགས་ཚོགས་པ་མི་འདྲ་བར་ཁ་ཕྱོགས་ནས། སྤྱི་ཚོགས་ཚན་རིག་ཁྱབ་སྤེལ་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་སྤྱི་ཚོགས་འཕེལ་རྒྱས་ལ་བསམ་བློའི་“གསོན་ཆུ”བསྣན་ཡོད།

ཚན་རིག་ཁྱབ་གདལ་ཟླ་བའི་བྱེད་སྒོ་གཙོ་བོ་ཡིན་པའི་སྤྱི་ཚོགས་ཚན་རིག་འཆད་ཁང་དེ་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཚན་རིག་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་། ཡོན་ཀྲང་། དགེ་རྒན་ཆེ་མོ་བ་སུའོ་ཏོན་ཀྲི་གདན་འདྲེན་ཞུས་ནས《མཚོ་སྔོན་གྱི་ལོ་རྒྱུས་རིག་གནས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་གཏིང་ཟབ་ཏུ་གཏོང་བའི་གཏམ་རྒྱུད་བཤད་དགོས》ཞེས་པའི་འཆད་ཁྲིད་དེ་ས་ཁམས་བར་སྟོང་གི་ས་ཆ་གལ་ཆེན་གྱི་མཚོ་སྔོན་དང་མཚོ་སྔོན་གྱི་ལོ་རྒྱུས་རིག་གནས་ཐོན་ཁུངས་དང་དེའི་ཁྱད་ཆོས་དང་མི་རིགས་མཐུན་སྒྲིལ་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་རོགས་རམ་བྱེད་པའི་ལྟ་ཕྱོགས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་གཏིང་ཟབ་ཏུ་གཏོང་བའི་རིགས་པའི་གཞུང་ལུགས་ཀྱི་ནང་དོན་རྒྱུད་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས་ཏེ། མཚོ་སྔོན་གྱི་གནའ་བོའི་རིག་གནས་རྗེས་ཤུལ་སྔོག་འདོན་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་རྒྱུན་འཛིན་སོགས་གསོན་ཉམས་ལྡན་པའི་དཔེ་མཚོན་དང་ཟུང་འབྲེལ་བྱས་ཏེ། སྲོལ་རྒྱུན་གྱི་རིག་གནས་རྒྱུད་རྩ་གསེད་བཀྲོལ་ནས་དེང་རབས་ཀྱི་ལག་ལེན་གསར་གཏོད་བར་གྱི་ཐབས་ལམ་ཆ་ཚང་མངོན་པ་དང་། སྤྱི་ཚོགས་ཚན་རིག་ལས་དོན་པ་རྣམས་ལ་རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་དང་ལག་ལེན་གྱི་རིན་ཐང་གཉིས་ལྡན་གྱི་ཆེད་ལས་མཛུབ་ཁྲིད་མཁོ་འདོན་བྱས་ཏེ། ཀྲུང་ཧྭ་ཤེས་རིག་སྣ་མང་གཅིག་གྱུར་གྱི་གནས་བབ་ཁྲོད་ཀྱི་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་གནས་བབ་གསོན་ཉམས་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས་ཡོད།

ཐེངས་འདིའི་སྤྱི་ཚོགས་ཚན་རིག་ཁྱབ་གདལ་ཟླ་རེའི་བྱེད་སྒོ་དེ་ཟླ8པའི་ཟླ་སྟོད་བར་རྒྱུན་མཐུད་བྱ་རྒྱུ་ཡིན་པ་དང་།བསམ་བློའི་གཏིང་ཟབ་ཚད་དང་མང་ཚོགས་ཞུགས་ཚད་གཉིས་ལྡན་གྱི་བྱེད་སྒོ་རབ་དང་རིམ་པ་བརྒྱུད་སྤྱི་ཚོགས་ཚན་རིག་རིག་གཞུང་གི་ཕོ་བྲང་ནས་རྒྱ་ཆེ་བའི་སྤྱི་ཚོགས་སུ་སྔར་བས་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་ཚན་རིག་གི་གྲུབ་འབྲས་དེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་ལེན་སྒུལ་ཤུགས་སུ་དངོས་སུ་བསྒྱུར་ནས་དུས་རབས་གསར་པ་དང་མཚོ་སྔོན་གསར་པའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་མཉམ་དུ་འབྲི་རྒྱུ་རེད། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།