མཚོ་སྔོན་ཞིང་ཆེན་གྱིས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་རེས་སྐོར་གསར་པ་ལག་བསྟར་བྱེད་འགོ་ཚུགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་ཞིང་ཆེན་གྱིས《ནུས་ཤུགས་ཡོད་རྒུས་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱེད་པའི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི(2025ལོ་ནས་2027ལོ་བར)》(གཤམ་གྱིས《བྱ་སྤྱོད་ཇུས་གཞི》ཞེས་བསྡུས་པ་རེད)པར་འགྲེམས་བྱས་ཏེ། མུ་མཐུད་དུ་ཁྲོམ་རའི་ཡིད་ཆེས་ཆེ་རུ་གཏོང་བ་དང་། ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་གྱི་གསོན་ཤུགས་སྐུལ་སྤེལ་བཅས་ལ་དམིགས་ནས། “3+4+10+N”སྡེབ་སྒྲིག་རང་བཞིན་གྱི་སྲིད་ཇུས་བྱེད་ཐབས་བཏོན་ཏེ། ཚོང་གཉེར་ཁོར་ཡུག་གི་འབྲེལ་ཐག་ཧྲིལ་པོ་ཇེ་ལེགས་སུ་གཏོང་བ་དང་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བར་རིམ་འཇུག་སྐུལ་འདེད་བཏང་སྟེ། “མ་དངུལ་བཏང་ནས་ལས་རིགས་དར་སྤེལ་གཏོང་བ། མཚོ་སྔོན་ལེགས་འདེམས་བྱེད་པའི”སྤུས་རྟགས་གསར་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

《བྱ་སྤྱོད་ཇུས་གཞིའི》ཚོང་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་པའི་དམིགས་འབེན་དང་ཟུང་འབྲེལ་བྱས་ཏེ། ཁྲིམས་སྐྱོང་གི་སྙིང་སྟོབས་དང་། རྒྱུད་རིམ་ལྡན་པའི་བསམ་གཞིགས། སྒོ་འབྱེད་ཀྱི་རྣམ་འགྱུར་བཅས་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་མགྱོགས་མྱུར་མཉམ་འདྲེས་བྱེད་པ་དང་། སྲིད་གཞུང་གི་ཡིད་རྟོན་ཁ་ཆད་ལག་བསྟར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཕྱི་རྒྱལ་གྱི་ཚོང་པས་མ་འཇོག་བྱེད་པར་སྐུལ་འདེད་གཏོང་བའི་སྐུལ་ལྕག་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་སོགས་ལ་གཙོ་གནད་ཐོག་དམིགས་ཏེ། ཁེ་ལས་ཀྱིས་མཐོང་ཐོས་དགའ་བའི་སྲིད་ཇུས་དང་བྱེད་ཐབས་ཁག་གཅིག་བཏོན་ཏེ། སྤྱི་ཚོགས་ཡོངས་ཀྱི་ལས་གཏོད་གསར་གཏོད་ལ་བརྟན་ལྷིང་། དྲང་གཞག གསལ་བ། སྔོན་དཔག་བྱེད་ཐུབ་པའི་ཁོར་ཡུག་ཧུར་ཐག་གཏོད་དགོས།

《བྱ་སྤྱོད་ཇུས་གཞིའི》ནང་གཉེར་སྐྱོང་བྱེད་པོས་བསམ་འཆར་དྲག་པོ་བཏོན་པའི་དཀའ་གནད་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་དོ་སྣང་དམ་ཟབ་བྱས་ཏེ་འཕེལ་རྒྱས་ཀྱི་དགོས་མཁོ་དང་། ཁེ་ལས་ཀྱི་རེ་འདོད། དམངས་ཀྱི་བསམ་འདུན་བཅས་གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་མཐུད་བྱས་ཏེ། གཟིགས་སྐྱོང་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཞབས་ཞུའི་སྟེགས་བུ་འཛུགས་པ། ཐོན་ལས་ཁྱུ་ཚོགས་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ། ཁེ་ལས་དང་འབྲེལ་བའི་ཁྲིམས་འཛིན་ཚད་ལྡན་གཏོང་བ་སོགས་ལ་གཙོ་གནད་ཐོག་དམིགས་ཏེ་ཁེ་ལས་ལ་ཕན་པའི་སྲིད་ཇུས་མྱུར་སྐྱེལ་དང་། ཁེ་ལས་ལ་རོགས་རམ་བྱེད་པའི་ཐོན་ཁུངས་སྦྲེལ་མཐུད། ཁེ་ལས་ལ་སྐུལ་འདེད་གཏོང་བའི་ནུས་པ་མཐོར་འདེགས་གཏོང་བ། ཁེ་ལས་དང་འབྲེལ་བའི་ཁྲིམས་འཛིན་ཚད་ལྡན་ཅན་བཅས་ཀྱི་བྱ་སྤྱོད་“བཞི་”ལག་བསྟར་བྱས་ཏེ། ལྷག་བསམ་ཟོལ་མེད་ཀྱིས་ཁེ་ལས་ལ་དཀའ་གནད་ཐག་གཅོད་དང་དོན་དག་དངོས་བསྒྲུབས་ཡོད།

《བྱ་སྤྱོད་ཇུས་གཞིའི》ནང་ཁེ་ལས་ལ་ཕྱོགས་ཡོངས་དང་། འདུས་གྲུབ་རྣམ་པ། འཁོར་ཡུན་ཡོངས་བཅས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་གཙོ་གནད་ཐོག་གཉེར་སྐྱོང་བྱེད་པོའི་གཉེར་སྐྱོང་དང་། སྲིད་དོན་ཞབས་ཞུ། རྣམ་གྲངས་ཞིབ་བཤེར། གྲོང་ཁྱེར་དོ་དམ་གྱི་སྤྱི་སྤྱོད་རྨང་གཞིའི་སྒྲིག་བཀོད། ཁྲལ་བསྡུས། མ་དངུལ་བསྡུ་སྒྲིལ་ཡིད་རྟོན་དངུལ་བུན། གསར་གཏོད་ལས་སྤྱོད། ཤེས་བྱའི་བདག་དབང་། སྤྱི་པའི་ཐོན་ཁུངས་ཉོ་ཚོང་། གཉེར་སྐྱོང་བྱེད་པོ་ཕྱིར་འཐེན་སོགས་“རིགས་བཅུ་”ཡི་ཞབས་ཞུ་ལ་དམིགས་ནས་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་བྱེད་པ་དང་། ཞིབ་མཆན་གོ་རིམ་ཁུ་བསྡུ་བ། ཞིབ་མཆན་དུས་ཚད་ཉུང་དུ་གཏོང་བ། ཁེ་ལས་རོགས་སྐྱོར་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། ཚོང་གཉེར་ཞབས་ཞུའི་“ཁོར་ཡུག་མཉེན་པོ”མུ་མཐུད་ཇེ་ལེགས་སུ་གཏོང་དགོས།

《བྱ་སྤྱོད་ཇུས་གཞིའི》ནང་རྒྱལ་ཁབ་ཕྱི་ནང་གི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་དཔེ་མཚོན་ཉམས་མྱོང་རྒྱ་ཁྱབ་ངང་དཔྱད་གཞིར་བྱས་ཏེ། རང་ཞིང་གི་ཚོང་གཉེར་ཁོར་ཡུག་པར་གཞི1.0ནས་4.0བར་གྱི་བཅོས་སྒྱུར་རྒྱུན་མཐུད་བྱེད་པའི་རྨང་གཞིའི་ཐོག་གཙོ་གནད་ཐོག་ཚོང་གཉེར་ཁོར་ཡུག་སྟབས་བདེ་ཆེ་རུ་གཏོང་རྒྱུར་དམིགས་ཏེ། སྲིད་ཇུས་ལག་བསྟར་བྱེད་པའི་འགོ་ཚུགས་ས་དང་རྐང་ས་ཡང་དག་བཙལ་ཏེ།“གཤགས་གཞི་ཆུང་བ་དང་ཕན་ནུས་ཆེ་བའི”ཚོང་གཉེར་ཁོར་ཡུག་བཅོས་སྒྱུར་ལས་འགན་རྩིས་ཐོ་བཏོན་ཏེ། ཁེ་ལས་མང་ཚོགས་ཀྱི་ལས་སྒྲུབ་བྱེད་སྟངས་སྣ་མང་ཅན་དང་། ལས་སྒྲུབ་བརྒྱུད་རིམ་ལེགས་སྒྲོལ། ལས་སྒྲུབ་རྒྱུ་ཆ་སྟབས་བདེ་སྒྲོལ། ལས་སྒྲུབ་མ་གནས་ཆུང་ཤོས་བཅས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས།

གོམ་སྟབས་རྗེས་མར་མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་ཁེ་ལས་ཀྱི་ཐོབ་པའི་འདུ་ཤེས་དང་བློ་ཡིད་ཚིམ་པའི་ཚད་མཐོ་རུ་གཏོང་རྒྱུ་དམིགས་ཡུལ་དུ་བྱས་ཏེ། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དོ་སྣང་བྱས་ཏེ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་རེས་སྐོར་གསར་པ་ལག་བསྟར་གཏིང་ཟབ་བྱས་ཏེ། མ་འཇོག་འགུག་པའི་ཚད་གཞི་ས་ཁུལ་ཁག་གཅིག་བསྐྲུན་གང་ཐུབ་བྱས་ཏེ།ཕན་ནུས་ལྡན་པ་དང་གཉེར་སྐྱོང་བྱེད་པོས་དགའ་བསུ་རྒྱ་ཁྱབ་ངང་ཐོབ་པའི་“མཚོ་སྔོན་གྱི་ཕུལ་བྱུང་གཏོད་ཀྱི་ལག་ལེན”ཁག་གཅིག་ཆགས་པ་བྱས་ཏེ། ཚོང་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་དེ་མཚོ་སྔོན་གྱི་ཚོང་འགུག་འདྲེན་གྱི་“གསེར་རྨང་གི་སྒོ་བྱང་”དུ་གྱུར་ཏེ། ཀྲུང་གོ་ལྟ་བུའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་ཧུར་བརྩོན་གྱིས་འབྲི་རྒྱུར་སྒུལ་ཤུགས་ཆེན་པོ་བསྐྲུན་རྒྱུ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།