ཟླ7པའི་ཚེས7ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན། གྲོང་གསེབ་དར་སྤེལ་ཁྱབ་ཁོངས་ཀྱི་མ་དངུལ་བེད་སྤྱོད་དོ་དམ་གྱི་མངོན་གསལ་གནད་དོན་མཐའ་གཅིག་ཏུ་ཐག་གཅོད་བྱས་ཏེ། དམངས་ཕན་མ་དངུལ་གནད་འཁེལ་སྒོས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱ་ཆེད། མདའ་བཞི་རྫོང་གིས་ཁུལ་ཁོངས་ཀྱི་སྦྲེལ་མཐུད་མཐུན་སྦྱོར་ལྟ་སྐུལ་མ་ལག་བཙུགས་ནས། ཆེད་དོན་ལེགས་བཅོས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།
མ་དངུལ་དོ་དམ་གྱི་ཕྱོགས་མང་ལ་ཁེབས་རྒྱ་ཆེ་བ་དང་གཞི་རིམ་གྱི་རྒྱུས་ཡོད་མིའི་སྤྱི་ཚོགས་ཀྱི་ལྟ་སྐུལ་དཀའ་གནད་ལ་དམིགས་ནས། མདའ་བཞི་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཁུལ་ཁོངས་མཉམ་ལས་སྒོས་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་སྒྲིག་བསྟར་འགན་འཁྲི་བདའ་འདེད་དང་ལྟ་སྐུལ་ཞིབ་བཤེར་གྱི་ཐག་གཅོད་རྐྱེན་སྲོལ་གཏན་འབེབས་བྱས་ཏེ། ཡུལ་ཚོ་དང་གྲོང་རྡལ་དྲུག་གི་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་དང་། སྒྲིག་ཁྲིམས་ཞིབ་བཤེར་ཁང་གསུམ། གཞི་རིམ་དུ་མངགས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཆུང་གཉིས་བཅས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱས་ཤིང་། རྫོང་ཡོངས་ཀྱི་གྲོང་གསེབ་དར་སྤེལ་གྱི་ལས་གཞི་བརྒྱ་དང་བཅུ་གཉིས་ལེགས་འགྲུབ་བྱས་པ་ཚང་མར་གྲལ་བཤེར་བྱས་ལ། གནད་འཁེལ་སྒོས་ཕན་འབྲས་མི་ལེགས་པ་དང་མ་དངུལ་རང་དགར་གསོག་འཇོག་བྱས་པ་སོགས་ཀྱི་གནད་དོན་ཡོད་པའི་ལས་གཞི་སུམ་ཅུ་བཏོན་ནས། ནུས་ཤུགས་ཡོད་རྒུས་ལས་གཞི་བཅོ་ལྔ་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་བ་དང་། གནད་དོན་གྱི་ཁུངས་སྣེ་བརྒྱད་མཐོང་ནས། ཁུལ་ཁོངས་མཉམ་ལས་ཀྱི་དགེ་མཚན་དེ་ལྟ་སྐུལ་བཅོས་སྐྱོང་གི་ཕན་ནུས་སུ་ཚུར་སྒྱུར་བྱས།
གྲོང་གསེབ་དར་སྤེལ་གྱི་མ་དངུལ་བེད་སྤྱོད་དང་དོ་དམ་བྱེད་པའི་ཆེད་ལས་རང་བཞིན་དྲག་ལ། བརྒྱུད་རིམ་མང་བ་དང་། ལྟ་སྐུལ་དོ་དམ་གྱི་དཀའ་ཚད་ཆེ་བས། མདའ་བཞི་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རྫོང་ནོར་སྲིད་ཅུའུ་དང་རྫོང་རྩིས་བཤེར་ཅུའུ། རྫོང་ཏང་ཨུའི་སྐོར་ཞིབ་གཞུང་སྒྲུབ་ཁང་བཅས་ཀྱི་འབྲེལ་འདྲིས་ལ་ཤུགས་བསྣན་ནས། དུས་བཅད་གྲོས་མོལ་དང་ཁུངས་སྣེ་བརྒྱུད་སྤྲོད་སོགས་ཀྱི་རྐྱེན་སྲོལ་བརྒྱུད་དེ། ནུས་ཤུགས་ཡོད་རྒུས་ནོར་སྲིད་ལྟ་སྐུལ་གྱི་ཐད་ཀའི་རང་བཞིན་དང་། རྩིས་བཤེར་ལྟ་སྐུལ་གྱི་ཆེད་ལས་རང་བཞིན། སྐོར་ཞིབ་ལྟ་སྐུལ་གྱི་ཕྱོགས་བསྡུས་རང་བཞིན་བཅས་མཉམ་འདྲེས་ཟབ་མོ་བྱས་ནས་མཉམ་ཤུགས་འདོན་པར་སྐུལ་འདེད་བཏང་། ཏང་ཨུ་སྲིད་གཞུང་གི་གཙོ་ཁྲིད་ནུས་པ་འདོན་སྤེལ་ལེགས་པོ་བྱས་ལ། མདའ་བཞི་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཆེད་དོན་ལེགས་བཅོས་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་པ་དང་། འགན་ཁུར་བློ་མཐུན་གཙོ་བོས་སྔོན་ལ་བཀོད་འདོམས་བྱས་ཤིང་། འགན་བགོས་རྫོང་མགོ་ཁྲིད་ཀྱིས་ཐོན་ལས་འཕེལ་རྒྱས་དང་གནད་དོན་ལེགས་བཅོས་སོགས་འགག་རྩའི་ལས་རིམ་ལ་དམིགས་ནས་ལས་ཡུལ་དང་པོར་བསྐྱོད་དེ་ཐེངས་བཞི་ལ་ལྟ་སྐུལ་རྟོག་ཞིབ་བྱས་པ་དང་། ལོ་རྒྱུས་ཀྱིས་ཤུལ་བཞག་བྱས་པའི་རྒྱུ་ནོར་སྐོར་གཉིས་བེད་སྤྱོད་བྱས། གྲལ་བཤེར་བྱས་ནས་མཐོང་བའི་གནད་དོན་ལ་གཞིགས་ནས། མདའ་བཞི་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རིམ་པ་མཉམ་པའི་ལྟ་སྐུལ་བྱེད་ནུས་འདོན་སྤེལ་ལེགས་པོ་བྱས་པ་དང་། གྲོང་གསེབ་དར་སྤེལ་གྱི་བྱ་བ་བགོས་ནས་དོ་དམ་བྱེད་པའི་རྫོང་རིམ་པའི་མགོ་ཁྲིད་ཀྱིས་བྱ་བའི་གསལ་སྟོན་ཡི་གེ་གཏན་འབེབས་བཟོས་ཤིང་། ལས་གནས་གཅིག་ལ་འགན་འཁྲི་གཉིས་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་བཏང་སྟེ། གནོན་ཤུགས་བརྒྱུད་སྤྲོད་ལེགས་པོ་བྱེད་པ་དང་གནད་དོན་དངོས་སུ་ལེགས་བཅོས་བྱེད་པར་ཁག་ཐེག་བྱས།