མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་ནུས་ཤུགས་ཡོད་རྒུས་ཞིང་པ་ཞོར་ལས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ད་ལོ་ནས་བཟུང་། གུང་ཧོ་རྫོང་གིས་གླ་ཕོགས་ཆད་པའི་གནད་དོན་རྩ་བཅོས་བྱེད་པ་དེ་དམངས་ཚིས་ཀྱི་འགན་སྲུང་གལ་ཆེན་དུ་བརྩིས་ནས། སྡེ་ཁག་བར་དུ་མཐུན་སྦྱོར་ཤུགས་དྲག་ཏུ་བཏང་བ་དང་། བཅོས་སྐྱོང་གི་རྣམ་པ་གསར་སྐྲུན་བྱེད་པ། མགོ་ཁུངས་ནས་སྔོན་འགོག་བྱེད་པ་སོགས་ཀྱི་བྱ་བ་གཏིང་ཟབ་ཏུ་བཏང་ནས། གླ་ཕོགས་ཆད་པའི་གནད་དོན་དེ་ཕྱོགས་ཡོངས་ནས་རྩ་བཅོས་བྱས་ཏེ། ཞིང་བ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས། ཕྱོགས་བསྡུས་ཁྲིམས་བསྟར་དང་མི་དོན། སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཁག་དང་ཁེ་ལས་མང་པོ་རྩ་འཛུགས་བྱས་ནས་བཀོད་སྒྲིག་ཚོགས་འདུ་དང་འོས་སྦྱོར་ཚོགས་འདུ་བསྡུས་པ་དང་། གླ་ཕོགས་ཆད་པའི་ལས་རིགས་གཙོ་བོའི་ཁྱབ་ཁོངས་ཀྱི་གནད་དོན་ལ་དམིགས་ནས། དབྱེ་ཞིབ་བརྡར་གཅོད་དང་བཀོད་སྒྲིག་འཆར་འགོད་བྱས་ཏེ། གོང་འོག་མཉམ་སྒུལ་དང་སྡེ་ཁག་མཐུན་སྦྱོར་གྱི་བྱ་བའི་རྣམ་པ་གྲུབ་པར་སྐུལ་འདེད་བཏང་ནས། ནུས་ཤུགས་ཡོད་རྒུས་ཞིང་བ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས།

ཟླ་བདུན་པའི་ཚེས་དྲུག་ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དང་ཞིང་བ་ཞོར་ལས་པ་ཀྲང་ཆེ་གེ་མོས་རང་གི་ངལ་རྩོལ་གླ་ཕོགས་ལག་ཏུ་རེག་སོང་པས། དགའ་སྤྲོ་ཆེན་པོ་སྐྱེས་འདུག ཁོས་ཏང་དང་སྲིད་གཞུང་གིས་ངའི་གླ་ཕོགས་ཆད་པའི་གནད་དོན་ཐག་གིས་བཅད་པས། ངོ་མ་བཀའ་དྲིན་ཆེ་ཟེར། 

འབྲེལ་ལམ་ཡངས་པོར་བྱེད་པ་དང་གྱོད་གཞི་ཐག་གཅོད་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་ཆེད།    གུང་ཧོ་རྫོང་གིས་བྱེད་ཐབས་མང་པོ་སྤྱད་དེ་ཞབས་ཞུ་ཇེ་ལེགས་སུ་བཏང་ནས་ཞུ་གཏུག་ཐབས་ལམ་ཤར་གཏོང་ཐུབ་པ་དང་ཕན་ནུས་ཆེ་བའི་ཁག་ཐེག་བྱས། གླ་ཕོགས་ཆད་པའི་ཞུ་གཏུག་ཐེར་འདོན་ཁ་པར་དུ་ཆེད་མངགས་མི་སྣས་འཚམས་འདྲིར་ཕེབས་པའི་ཞིང་པ་ཞོར་ལས་པ་སྣེ་ལེན་བྱེད་པའི་འགན་འཁུར་བ་དང་།     གནད་དོན་གྱི་རྩིས་ཐོ་འཛུགས་པ་དང་ཨང་གྲངས་ཕྱིར་འཚོང་དོ་དམ་དོན་འཁྱོལ་ནན་མོ་བྱས་ཏེ། མི་བཀོལ་སྤྱོད་ལས་ཁུངས་ཀྱིས་ཞིང་པ་ཞོར་ལས་པའི་གླ་ཕོགས་སྟེར་བའི་གནས་ཚུལ་དུས་ཐོག་ཏུ་རྗེས་འདེད་བྱེད་དགོས། དེ་དང་ཆབས་ཅིག རྒྱལ་ཡོངས་གླ་ཕོགས་ཆད་པའི་དོ་དམ་སྟེགས་བུ་དང་།    མཚོ་སྔོན12345སྲིད་དོན་ཞབས་ཞུའི་ཐད་སྦྲེལ་ཁ་པར།    འཕྲིན་བཅར་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།    དྲ་ཐོག་དང་ཡུལ་དངོས་གཞི་གཅིག་ཅན་གྱི་ཞུ་གཏུག་ལག་བསྟར་མ་ལག་འཛུགས་པ་དང་།  སྔ་སྣུར་སྔོན་ཚུད་ཉེན་བརྡ་དང་སྔ་སྣུར་སྒོས་ཟབ་ཞུགས་བྱེད་པ།    སྔ་སྣུར་སྔོན་ཚུད་ཐག་གཅོད་བཅས་བྱས་ནས།    དངོས་གནས“དོན་དག་ཚང་མར་ལན་ཡོད་པ་དང་།    དོན་དག་ཚང་མར་ཐག་གཅོད་བྱེད་པ།    མི་ཚང་མར་རྩིས་སྤྲོད་བྱེད་པ”བཅས་ཀྱི་བྱ་བ་སྒྲུབ།

སྲིད་གཞུང་དང་གཞུང་ཁོངས་ཁེ་ལས་ཀྱི་དངུལ་གཏོང་ལས་གཞིར་དམ་པོར་དམིགས་ནས།    བཟོ་སྐྲུན་འཛུགས་སྐྲུན་དང་ངལ་རྩོལ་པ་རུབ་འདུས་རྣམ་པའི་ཁེ་ལས་སོགས་གཙོ་གནད་ཁྱབ་ཁོངས་ལ་དོ་སྣང་ཆེན་པོ་བྱས་ཏེ།   ཕྱོགས་མང་པོ་ནས་ངལ་རྩོལ་གན་རྒྱ་མིང་རྟགས་འགོད་པ་དང་གླ་ཕོགས་སྟེར་བ་སོགས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པ་དང་།  གསར་རྙེད་གནད་དོན་བཅོས་སྒྲིག་ནན་མོ་བྱས་ཏེ།    “བཟོད་སྒོམ་གཏན་ནས་མི་བྱེད་པའི”རྣམ་འགྱུར་ཐོག་ནས་གླ་ཕོགས་ཆད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་དགོས། རྫོང་ཕྱོགས་བསྡུས་ཁྲིམས་འཛིན་ཅུའུ་དང་རྫོང་ཆུ་བེད་ཅུའུ།    རྫོང་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཅུའུ་སོགས་སྡེ་ཁག་གིས་ཞིང་པ་ཞོར་ལས་པ2100ལྷག་ཙམ་ལ་གྱོང་གུན་བདའ་འདེད་དང་གྱོང་གུན་སེལ་བའི་གླ་ཕོགས་སྒོར་བྱེ་བ་གཉིས་དང་ས་ཡ་དྲུག་འབུམ་གསུམ་ཁྲི་དྲུག་བཏང་ནས། ཞིང་པ་ཞོར་ལས་པའི་ཁེ་ཕན་དངོས་ལ་སྲུང་སྐྱོང་ཏན་ཏིག་བྱས་པ་དང་།    ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་དོན་དག་ལ་འཕྲད་སྐབས་བཅའ་ཁྲིམས་འཚོལ་བ།    འགལ་བ་ཐག་གཅོད་བྱེད་པར་བཅའ་ཁྲིམས་ལ་བརྟེན་པ་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་བསྐྲུན་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།