མཚོ་སྔོན་གྱིས་2025ལོར་ས་བབ་མཐོ་བའི་གྲང་བསིལ་སྔོ་ཚལ་ཡུལ་དངོས་ལྟ་སྐོར་དང་ཐོན་ལས་བགྲོ་གླེང་ཚོགས་འདུ་འཚོགས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས6ཉིན་ནས་ཚེས7ཉིན་བར།“2025ལོའི་ས་བབ་མཐོ་བའི་གྲང་བསིལ་སྔོ་ཚལ་ཡུལ་དངོས་ལྟ་སྐོར་དང་ཐོན་ལས་བགྲོ་གླེང་ཚོགས་འདུ”མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འཚོགས། ཐེངས་འདིའི་བགྲོ་གླེང་ཚོགས་འདུ“ཡུལ་དངོས་སུ་ལྟ་ཞིབ་དང་གྲོས་སྡུར་གཏིང་ཟབ་པའི”རྣམ་པ་སྤྱད་དེ་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་དམ་ཟབ་བྱས་ནས་ཐོན་ལས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

ཆེད་མཁས་ཚོགས་པ་མཚོ་སྔོན་གྱི་ས་བབ་མཐོ་བའི་སྔོ་ཚལ་ཐོན་སྐྱེད་ཀྱི་འཐབ་ཕྱོགས་སུ་གཏིང་ཟབ་ཏུ་ཕྱིན་ནས་མཚོན་བྱེད་རང་བཞིན་ལྡན་པའི་ས་བབ་མཐོ་བའི་སྔོ་ཚལ་གྲང་བསིལ་གྱི་དཔེ་སྟོན་རྟེན་གཞི་མང་པོ་ཞིག་ལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས། མཚོ་ཤར་གྲོང་ཁྱེར་ཧོར་རིགས་རང་སྐྱོང་རྫོང་ནན་མོན་ཞ་གྲོང་རྡལ་ཤིང་ཏོག་ཐོན་སྐྱེད་དཔེ་སྟོན་རྟེན་གཞིར་ཆེད་མཁས་པ་ཚོས་ཤིང་ཏོག་སོན་རིགས་གསར་པ་གདམ་གསེས་དང་།སོན་རྒྱུའི་ཐོན་ཁུངས་གདེང་འཇོགབེད་མེད་དངོས་པོ་སྐྱུར་བསྙལ་ཞིང་དུ་ཕྱིར་སྤྲོད། ནད་དང་འབུའི་གནོད་འཚེ་ལྗང་མདོག་ཚོད་འཛིན། འཕྲུལ་ཆས་ཅན་སྤོ་འཛུགས་དང་དེ་བཞིན་སྒྲིག་བཀོད་ཀྱི་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་སོགས་འགག་རྩའི་ལག་རྩལ་འདུས་གྲུབ་ཉེར་སྤྱོད་ཀྱི་ཕན་འབྲས་ལ་གཙོ་གནད་ཐོག་ལྟ་ཞིབ་བྱས་པ་རེད། ཧོར་གྲོང་ས་མཐོའི་སྔོ་ཚལ་ཐོན་ལས་གླིང་དུ་ཕུན་སུམ་ཚོགས་པའི་སྔོ་ཚལ་ཐོན་རྫས་འགྲེམས་སྟོན་དང་ཞིབ་ཕྲའི་ཐོན་ལས་དྲིལ་སྒྲོག་གློག་བརྙན་ལས་ཧོར་གྲོང་རྫོང་གི་སྔོ་ཚལ་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་གྲུབ་འབྲས་གསོན་ཉམས་དོད་པོས་མངོན་ཡོད། ཐང་པ་ཐང་སྔོ་ཚལ་བརྗོད་བྱ་གཙོ་བོའི་ཞིང་རའི་ཕྱོགས་བསྡུས་གཟུགས་ཀྱིས་ཁྱད་ཆོས་ལྡན་པའི་སྔོ་ཚལ་གྱི་བྲོ་བ་མྱོང་བ་དང་གསར་གཏོད་སྔོ་ཚལ་གྱི་བརྩམས་ཆོས་ལ་འདེམས་ཤོག་འཕངས་པས།ཐོན་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་གསོན་ཤུགས་མངོན་ཡོད། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ལུའུ་ཧྲའར་གྲོང་རྡལ་གྱི་ཚལ་ཡུ་གུ་ཐོན་སྐྱེད་དཔེ་སྟོན་རྟེན་གཞིར་ཆེད་མཁས་པ་ཚོས་ཚལ་ཡུ་གུ་ས་རིགས་གསར་པ་གདམ་གསེས་དང་།འཕྲུལ་ཆས་ཅན་སྤོ་འཛུགས་ཀྱི་ཕན་འབྲས་དངོས་པོ།འདེམས་པའི་བརྒྱུད་རིམ་བཅས་ལ་རྟོག་ཞིབ་ཞིབ་ཕྲ་བྱས།

ཐོན་ལས་བགྲོ་གླེང་ཚོགས་འདུའི་ཐོག་ཀྲུང་གོ་ཞིང་ལས་ཚན་རིག་ཁང་སྔོ་ཚལ་དང་མེ་ཏོག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཧྲང་ཆིང་མའོ་ཡིས་སྔོ་ཚལ་གྱི་ལྗང་བུ་སྐྱེ་འཕེལ་གྱི་འགག་རྩའི་ལག་རྩལ་དང་འཕེལ་རྒྱས་གསར་ཤོས་རྒྱས་བཤད་གཏིང་ཟབ་བྱས་པ། ཀྲུང་གོའི་ཞིང་ལས་ཚན་རིག་ཁང་སྔོ་ཚལ་དང་མེ་ཏོག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལི་པའོ་ཅུས་ཀྱིས་ནད་འབུའི་གནོད་འཚེ་ལྗང་མདོག་སྔོན་འགོག་ཚོད་འཛིན་གྱི་མདུན་གྲལ་འདུ་ཤེས་དང་ལག་ལེན་ཇུས་གཞི་མ་ལག་ལྡན་པའི་སྒོ་ནས་ངོ་སྤྲོད་བྱས། ཀྲུང་གོའི་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀའོ་ལི་ཧུང་གིས་མཇུག་ཚལ་ཐོན་ཁུངས་ཅན་དུ་བེད་སྤྱོད(ཞིང་པར་ཕྱིར་སྤྲོད)ཀྱི་སྐྱེ་ཁམས་རིན་ཐང་དང་ལག་རྩལ་བྱེད་སྟངས་གཙོ་གནད་ཐོག་འགྲེལ་བཤད་གནང་བ་དང་། ཅང་སུའུ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཙུའོ་ཀྲི་ཡུས་ཀྱིས་འཕྲུལ་ཆས་ཅན་གྱི་སྤོ་འཛུགས་དང་བསྡུ་ལེན་ཁྱབ་ཁོངས་ཀྱི་ལག་རྩལ་གསར་གཏོད་དང་སྒྲིག་ཆས་བཀོལ་སྤྱོད་མཉམ་སྤྱོད་བྱས། ཚོགས་ཞུགས་ཆེད་མཁས་པ་ཚོས་ཀྱང་རང་སོ་སོའི་ཆེད་ལས་ཁྱབ་ཁོངས་ལ་གཞི་ཚུགས་ནས“མཚོ་སྔོན་གྱི་ས་བབ་མཐོ་བའི་སྔོ་ཚལ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས”ཞེས་པའི་ལྟེ་བའི་བརྗོད་གཞི་ལ་དམིགས་ནས།སྤྲོ་སེམས་འཁོར་བ་དང་དགེ་མཚན་ལྡན་པའི་གྲོས་བསྡུར་བྱས་པ་རེད། ཚང་མས་རང་དགར་གཏམ་བཤད་པ་དང་།བསམ་འཆར་དང་ཐབས་ཇུས་ཧུར་ཐག་བཏོན་པ་དང་།སྣ་ཁ་འདེམས་གསོ་ཇེ་ལེགས་སུ་གཏོང་བ་དང་།ལག་རྩལ་འདུས་གྲུབ་གསར་གཏོད།ལྗང་མདོག་སྐྱེ་ཁམས་ཐོན་སྐྱོད།ཐོན་ལས་སྦྲེལ་ཐག་སྣུར་སྐྱོད།ས་ཁོངས་ཀྱི་སྤུས་རྟགས་གཏོད་པ།ཁྲོམ་རའི་ཐབས་ལམ་རྒྱ་སྐྱེད་གཏོང་བ་སོགས་འགག་རྩའི་ལྷུ་ཚིགས་སུ་རིན་ཐང་ཆེན་པོ་ལྡན་པའི་ཤེས་རྟོགས་ངོ་མ་མང་པོ་བཏོན་ཡོད།

ཚོགས་ཞུགས་ཆེད་ཁམས་པས་མཚོ་སྔོན་གྱིས་སྔོ་ཚལ་གྲང་པོའི་ཐོན་ལས་འཕེལ་རྒྱས་གཏོང་བའི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་དང་མདུན་ལམ་རྒྱ་ཆེན་པོ་ཡོད་མོད།འོན་ཀྱང་ངེས་པར་དུ་སྔོ་ཚལ་ཞིང་གི་སྣོད་བཅུད་མ་ལག་སྲུང་སྐྱོང་བྱ་རྒྱུ་དེ་དམིགས་བསལ་གྱི་གནས་སུ་བཞག་ནས་ཐོན་ལས་ཀྱི་གཞི་ཁྱོན་རྒྱ་ཆེར་གཏོང་བ་དང་ཆབས་ཅིག་རྒྱུན་མཐུད་འཕེལ་རྒྱས་འགན་ལེན་བྱས་ནས་ས་མཐོའི་ལྗང་མདོག་སྲུང་སྐྱོང་ཡག་པོ་བྱེད་དགོས་པ། འཕྲུལ་ཆས་ཅན་དང་བློ་གྲོས་ཅན་ནི་ངེས་པར་དུ་ལམ་བུ་ཉག་མེད་ཡིན་པས།ས་བབ་མཐོ་བའི་དམིགས་བསལ་ཁོར་ཡུག་གི་མདུན་དུ་ངེས་པར་དུ་འཕྲུལ་ཆས་ཅན་དང་གྲངས་གཞིས་སྐུལ་འདེད་གཏོང་བའི་གནད་ལ་འཁེལ་བའི་ཐབས་ཇུས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ།ཚན་རྩལ་གསར་གཏོད་ཀྱིས་སྲོལ་རྒྱུན་གྱི་ཉམས་མྱོང་ལ་བརྟེན་པའི་ཚབ་བྱས་ན།གཞི་ཁྱོན་རྒྱ་བསྐྱེད་དང་སྤུས་ཚད་མཐོར་འདེགས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་དཀའ་གནད་ཐག་གཅོད་ནུས་ལྡན་བྱེད་ཐུབ། མཐུན་སྦྱོར་ཅན་ནི་གནས་བབ་གཏོར་བའི་འགག་རྩ་ཡིན་པས།ས་བོན་འབྱུང་ཁུངས་གསར་གཏོད་ནས་ཁྲོམ་ར་གསར་འབྱེད་བར་གྱི་འབྲེལ་ཐག་ཧྲིལ་པོ་སྦྲེལ་དགོས་ན།ངེས་པར་དུ་རྒྱལ་ཁབ་ཀྱི་མ་ལག་དང་།ཞིང་ཆེན་རིམ་པའི་སྒྲིག་གཞི།རྫོང་རིམ་པའི་ཁྱབ་སྤེལ།ཁེ་ལས་ཀྱི་གཙོ་གཟུགས་བཅས་ཀྱི་“རིམ་པ་བཞིའི”མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ཚན་རྩལ་གསར་གཏོད་དང་ཐོན་ལས་ཀྱི་དགོས་མཁོ་ས་མཐོའི་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་མཉམ་སྡེབ་སྟོབས་ཤུགས་ཆགས་སུ་འཇུག་དགོས།

ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་ཐོག་མཚོ་སྔོན་གྱི་ས་བབ་མཐོ་བའི་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་ཤོས་དང་མདུན་གྲལ་ལག་རྩལ་མཚོན་པ་མ་ཟད།ཐོན་སློབ་ཞིབ་འཇུག་དང་སྐུལ་འདེད་ནུས་ཆེའི་སྦྲེལ་མཐུད་དང་མཉམ་འདྲེས་གཏིང་ཟབ་ཀྱི་དབང་གྲགས་ལྡན་པའི་སྟེགས་བུ་ཞིག་གྲུབ་འབྲས་ཐོབ་པའི་ངང་བསྐྲུན་ཡོད་པ་རེད། མཚོ་སྔོན་ཞིང་ཆེན་གྱིས་སྔོ་ཚལ་གྲང་པོའི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ཀྱི་ལེགས་ཆ་སྔར་བས་གཏིང་ཟབ་ཏུ་སྔོག་འདོན་དང་།ཐོན་ལས་འཕེལ་རྒྱས་ཀྱི་འཇུར་མིག་གནད་ལ་འཁེལ་བའི་སྒོ་ནས་སེལ་བ།ལྟེ་བའི་འགྲན་རྩོད་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་བ།མཐར་ལྗང་མདོག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བཅས་བྱ་རྒྱུར་རིག་སྟོབས་ཀྱི་རྒྱབ་སྐྱོར་ཆེན་པོ་དང་ལག་ལེན་གྱི་ཐབས་ལམ་ཁ་གསལ་དང་ལག་ལེན་གྱི་ཐབས་ལམ་མཁོ་འདོན་བྱས་ཡོད། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།