དཔའ་ལུང་རྫོང་གི་གྲངས་འཛིན་དཔལ་འབྱོར་དང་དེ་བཞིན་ཐེན་ཐུག་ཐོན་ལས་ཀྱི་གཞི་གྲངས་གསར་སྤེལ་གཉེར་སྐྱོང་རྟེན་གཞི་འགོ་ཚུགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས་8ཉིན། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་2.8བཏང་བའི་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་གི་གྲངས་འཛིན་དཔལ་འབྱོར་དང་ཐེན་ཐུག་ཐོན་ལས་ཀྱི་གཞི་གྲངས་གསར་སྤེལ་གཉེར་སྐྱོང་རྟེན་གཞི་ཆུན་ཁུ་ཁུལ་གསར་དུ་དངོས་སུ་འགོ་ཚུགས་པ་དེ་ཐོག་ནས་དཔའ་ལུང་རྫོང་གིས་གྲངས་འཛིན་དུས་རབས་ལ་རང་འགུལ་ངང་འཐམ་འཁྱུད་བྱེད་པ་དང་།སྲོལ་རྒྱུན་ཐེན་ཐུག་ཐོན་ལས་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་འདོན་སྤྲོད་བཅས་ཀྱི་ཐད་འགག་རྩའི་གོམ་པ་ཞིག་སྤོས་པ་མཚོན་ཡོད།

མིག་སྔར།གྲངས་འཛིན་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་པས།ཉིན་བཞིན་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་གནས་བབ་བསྐྱར་བསྐྲུན་དང་སྤུས་ཚད་གསར་པ་སྐྱེད་སྲིང་བྱེད་པའི་འགག་རྩའི་སྟོབས་ཤུགས་སུ་གྱུར་ཡོད། དཔའ་ལུང་རྫོང་གིས་གཞི་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོར་བརྟེན་ནས་ཐེན་ཐུག་ཐོན་ལས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་ཚད་གཞི་མཐོ་བའི་ཐོག་གཞི་གྲངས་བཀོད་པ་དང་།ཡིད་རྟོན་རུང་བའི་གཞི་གྲངསའི་བར་ཁོངས།AIཨང་ཀིའི་མིའི་ཐད་གཏོང་སོགས་གཞི་གཅིག་ཏུ་འདུས་པའི་གཞི་གྲངས་གསར་སྤེལ་གཉེར་སྐྱོང་རྟེན་གཞི་འཛུགས་སྐྲུན་བྱས་ཏེ་གཞི་གྲངས་ཐོན་ལས་ཅན་དང་ཐོན་ལས་གཞི་གྲངས་ཅན་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་ཐེན་ཐུག་ཐོན་ལས་ཀྱིས“ཉམས་མྱོང་སྐུལ་འདེད”ནས“གཞི་གྲངསའི་སྐུལ་འདེད”སུ་ཁྱོན་ཡོངས་ནས་བསྒྱུར་ནས་རིམ་སྤོར་བྱེད་རོགས་བྱས། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ཐེན་ཐུག་ཐོན་ལས་ཀྱིས“གཞི་གྲངས་ཀྱི་ནུས་པ་འདོན་སྤྲོད་དང་རིག་ནུས་སྣེ་ཁྲིད་པའི”བརྒྱུད་རིམ་ཁྲོད་སྤོས་པའི་གོམ་པ་བརྟན་པོ་ཞིག་ཡིན་ལ།“1+2+N”ལྗང་མདོག་རྩིས་ཤུགས་རྟེན་གཞིའི་ཐོན་ལས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་ལེན་དངོས་ཀྱང་ཡིན།

དཔའ་ལུང་རྫོང་གི་སྲོག་ཤིང་ཐོན་ལས་ཡིན་པའི་ངོས་ནས་ད་ཆ་ཚོང་ཁང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་337དང་རྒྱང་རིང་གི་རྒྱལ་ཁབ་16ལ་ཁྱབ་ཡོད་པས་བསྡོམས་འབོར་ཁྲི་2ལྷག་ཙམ་ཟིན་ཡོད།ལོ་རེའི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་སྒོར་དུང་ཕྱུར་150ལས་བརྒལ་བ་དེ་ནི་རྔུལ་ཆུ་དང་ངར་ཤུགས་ཀྱིས་འཐེན་པའི“གསེར་གྱི་དར་སྐུད་”ཞིག་རེད། དཔའ་ལུང་རྫོང་གིས་ཁོར་ཡུག་ལེགས་ཤོས་ལ་བརྟེན་ནས་གྲངས་འཛིན་དཔལ་འབྱོར་ལ་འཐམ་འཁྱུད་བྱས་ཏེ།བསྐྲུན་ཟིན་པའི་གྲངས་འཛིན་མིའི་ཐད་གཏོང་རྟེན་གཞི་དང་།གཞི་གྲངས་རྟགས་འགོད་རྟེན་གཞི།དྲ་རྒྱའི་བདེ་འཇགས་དཔེ་དབྱིབས་ཆེ་བ།ཐེན་ཐུག་ཐོན་ལས་ཀྱི་གཞི་གྲངས་ཡིད་རྟོན་རུང་བའི་བར་སྟོང་བཅས་བེད་སྤྱོད་གང་ལེགས་བྱས་ཏེ།ཐེན་ཐུག་སྤུས་རྟགས་དེ་བས་མང་བ་“དཔའ་ལུང་ཐེན་ཐུག་”ཐོན་ལས་གཞི་གྲངས་གསར་སྤེལ་གཉེར་སྐྱོང་རྟེན་གཞིར་ནང་འདྲེན་བྱས་ཏེ།དྲ་ཐོག་སྟེགས་བུའི་མ་ལག་སྣ་ཚོགས་གསར་སྤེལ་དང་།ཚོད་ལྟ།ཐོ་འགོད་བཅས་གང་མགྱོགས་ལེགས་གྲུབ་བྱས་ཏེ།གཉེར་སྐྱོང་དོ་དམ་ལེགས་སུ་བཏང་སྟེ།ཐེན་ཐུག་ཐོན་ལས་དང་རིག་གནས་ཡུལ་སྐོར་དང་།གློག་རྡུལ་ཚོང་དོན།ཟོག་འགྲེམས་སོགས་ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ།“དཔའ་ལུང་ཐུག་རྒྱུ”དེ་“རྔུལ་ཆུ་དཔལ་འབྱོར”ནས“བློ་རིག་དཔལ་འབྱོར”དུ་འགྱུར་བའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱེད་དགོས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།