མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་བདེ་ཐང་གྲོང་གསེབ་བསྐྲུན་ནས་དམངས་ལ་དེ་ལས་སྟབས་བདེ་ཡོང་བར་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས3ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས་གྲོང་གསེབ་ཀྱི་བདེ་ཐང་ཁོར་ཡུག་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་ནས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་བདེ་ཐང་གྲོང་གསེབ་གཏོད་རྒྱུ་རེད། ཞིང་ཆེན་ཡོངས་སུ་ཚད་ལྡན་ཅན་གྱི་གྲོང་ཚོའི་འཕྲོད་བསྟེན་ཁང4430ལྷག་བསྐྲུན་པ་དང་གྲོང་གསེབ་ཀྱི་འཕྲོད་བསྟེན་གསང་སྤྱོད་ཁྱབ་གདལ་བྱེད་ཚད67.3%ཟིན་པ། འཚོ་བའི་གད་སྙིགས་བཅོས་སྐྱོང་བྱེད་ཚད96.2%བར་མཐོ་རུ་ཕྱིན་ནས་གྲོང་ཚོའི་ཁོར་ཡུག་མུ་མཐུད་ཇེ་ལེགས་སུ་ཕྱིན་ཡོད།

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འཆར་འགོད་ཁྲུའུ་ཡི་ཁྲུའུ་ཀྲང་ལུང་ལི་ཡིས་ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་གྲོང་གསེབ་ཀྱི་བདེ་ཐང་ཁོར་ཡུག་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་དེ་བདེ་ཐང་མཚོ་སྔོན་འཐབ་ཇུས་ཀྱི་སྤྱིའི་བཀོད་སྒྲིག་ནང་འཇུག་པ་དང་གྲོང་གསེབ་ཀྱི་ཁོར་ཡུག་མུ་མཐུད་ཇེ་ལེགས་སུ་གཏོང་བ། གྲོང་གསེབ་ཀྱི་བདེ་ཐང་ཐོན་ལས་འཕེལ་རྒྱས་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། མཚོ་སྔོན་ཞིང་ཆེན་གྱི《གྲོང་གསེབ་ཀྱི་བདེ་ཐང་ཁོར་ཡུག་འཛུགས་སྐྲུན་བྱེད་པའི་ལག་བསྟར་ཇུས་གཞི》དང《གྲོང་གསེབ་ཀྱི་བདེ་ཐང་ཐོན་ལས་འཕེལ་རྒྱས་གཏོང་བའི་ལག་བསྟར་ཇུས་གཞི》གཞིར་བཟུང་བདེ་ཐང་གྲོང་གསེབ་འཛུགས་སྐྲུན་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས།

གྲོང་གསེབ་ཀྱི་ཁོར་ཡུག་སྐྱོན་བྲལ་འཛུགས་སྐྲུན་ཐད་མཚོ་སྔོན་གྱིས་ཞིང་ཕྱུགས་ས་ཁུལ་གྱི་ཆུ་མཁོ་འདོན་དང་། ཆུ་འབུད་པ། གད་སྙིགས་གཙང་སེལ་སོགས་ཀྱི་སྒྲིག་བཀོད་ལ་མ་དངུལ་གཏོང་ཤུགས་སྔར་ལས་ཆེ་རུ་བཏང་ནས་འཐུང་ཆུའི་བདེ་འཇགས་དང་། བཙོག་ཆུ་ཚད་གཞི་དང་མཐུན་པའི་སྒོ་ནས་འབུད་པ། གད་སྙིགས་དུས་ཐོག་ཏུ་གཙང་སེལ་བཅས་འགན་སྲུང་བྱས་ཡོད།

ཞིང་ཕྱུགས་ས་ཁུལ་གྱི་མི་སྡོད་ཁོར་ཡུག་ཕྱོགས་ཡོངས་ནས་བཅོས་སྐྱོང་དང་ཇེ་མཐོར་གཏང་རྒྱུ་དང་། གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ། ཆུ་མཁོ་འདོན་དྲ་རྒྱ་ཇེ་ལེགས་སུ་གཏོང་རྒྱུ། འཐུང་ཆུའི་འབྱུང་ཁུངས་ལ་སྲུང་སྐྱོབ་བཅས་བྱས་ཏེ་གྲོང་གསེབ་ཀྱི་གཞི་ཁྱོན་ཅན་གྱི་ཆུ་མཁོ་འདོན་ལས་གཞི་འཛུགས་སྐྲུན་དང་ཆུ་མཁོ་འདོན་ལས་གཞི་ཆུང་གྲས་ཚད་ལྡན་ཅན་དུ་འགྱུར་བའི་བསྒྱུར་བཀོད་ལ་སྐུལ་འདེད་གཏོང་རྒྱུ། གསང་སྤྱོད་བཟོ་བཅོས་བྱེད་སྟངས་ཚན་རིག་དང་མཐུན་པའི་སྒོ་ནས་གདམ་གསེས་བྱས་ཏེ་འཕྲོད་བསྟེན་གསང་སྤྱོད་ཁྱབ་གདལ་བྱེད་ཚད་ཇེ་མཐོར་གཏོང་དགོས། མི་འབོར་འདུས་སྡོད་ས་ཁོངས་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་དང་། སྐྱེ་ཁམས་བཙོག་ཆུ་གཙང་སེལ་ལག་རྩལ་ཁྱབ་གདལ་གཏོང་བ།ཕྱིར་གཏོང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བཅོས་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་དང་། སྐྱེ་ལྡན་འཚོ་བའི་གད་སྙིགས་ཐོན་ཁུངས་ཅན་དུ་ཐག་གཅོད་བྱེད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུ།“གྲོང་ཚོས་བསྡུ་རུབ་དང་། ཡུལ་ཚོས་འདྲེན་སྐྱེལ། རྫོང་གིས་བཅོས་སྐྱོང་བཅས་ཀྱི་རྣམ་པ་ལག་བསྟར་བྱ་དགོས།

གྲོང་གསེབ་ཀྱི་ནུས་ཁུངས་གཙང་མའི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ནས་ནུས་ཁུངས་གཙང་མའི་བཀོལ་སྤྱོད་བསྡུར་ཚད་མཐོ་རུ་གཏོང་དགོས། ཞིང་འབྲོག་ཁུལ་གྱི་འཛེར་སྒྲའི་སྦགས་བཙོག་རིགས་དབྱེ་ནས་དོ་དམ་ཚོད་འཛིན་དང་། བཟོ་བྱ་བའི་འཛེར་སྒྲ་སྤོ་སྒྱུར་ཚོད་འཛིན་ནན་པོ་བྱེད་པ། བསྐྲུན་ཟིན་པའི་ཁེ་བྱ་བའི་འཛེར་སྒྲའི་སྦགས་བཙོག་གནད་དོན་ལ་ཞིབ་བཤེར་བྱེད་པ་དང་འབྲེལ་ཁྲིམས་ལྟར་ཆད་པ་གཅོད་པ། ཞིང་འབྲོག་པས་འཛེར་སྒྲ་འབུད་ཚད་ཇེ་ཉུང་དུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་དང་། དེ་གྲོང་ཚོའི་སྒྲིག་སྲོལ་དང་དམངས་ཆིངས་ནང་འཇུག་རྒྱུར་སྐུལ་ལྕག་བྱེད་པ། དེ་དང་ཆབས་ཅིག་གྲོང་གསེབ་ཀྱི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ལ་སྐུལ་འདེད་བཏང་ནས་ཁོར་ཡུག་བཅོས་སྒྲིག་དང་ཟུང་འབྲེལ་བྱས་ཏེ“གཙང་གསུམ་བསྒྱུར་བཅོས་གསུམ”ལ་སྐུལ་འདེད་བཏང་ནས་ཁོར་ཡུག་འཕྲོད་བསྟེན་དང་། ཐ་མག་ཚོད་འཛིན། གད་སྙིགས་རིགས་དབྱེ་སོགས་དང་བླངས་པའི་དཔུང་ཁག་འཛུགས་དགོས།

ཐོན་ལས་འཕེལ་རྒྱས་ཐད་མཚོ་སྔོན་གྱིས་གྲོང་གསེབ་ཀྱི་འདེབས་གསོ་ལས་རིགས་དང་དེ་བཞིན་འབྲེལ་ཡོད་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་རེད། རོང་འབྲོག་པས་ཞིང་ཆེན་གྱི་དམིགས་བསལ་ཞིང་ལས་ཐོན་རྫས་ཀྱི་ཐོན་ལས་རིན་ཐང་གསར་སྤེལ་དང་བེད་སྤྱོད་གང་ལེགས་བྱེད་པར་ཁྲིད་སྟོན་བྱེད་པ་དང་། ཁེ་ལས་དང་ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱིས་ཞིང་ལས་ཐོན་རྫས་ལས་སྣོན་གཏིང་ཟབ་ཀྱི་ལག་རྩལ་གསར་གཏོད་དང་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་པར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱས་ཏེ། མཚོ་སྔོན་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཁུལ་གྱི་བདེ་ཐང་ཐོན་ལས་སྤུས་རྟགས་གཏོད་དགོས། ཀྲུང་ལུགས་སྨན་འདེབས་འཛུགས་དང་ལས་སྣོན། རིག་གནས་ཡུལ་སྐོར་བཅས་ཀྱི་འབྲེལ་ཐག་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་སྨན་ཟས་བཀོལ་སྤྱོད་བྱེད་པའི་རྣམ་པ་འཚོལ་ཞིབ་དང་རྒྱ་སྐྱེད་གཏོང་དགོས། སྲོལ་རྒྱུན་གྱི་འབྲོག་ལས་གསོ་སྤེལ་དེ་སྐྱེ་དངོས་སྨན་རྫས་ཁྱབ་ཁོངས་ཀྱི་ཐོན་ལས་རིམ་པ་འཕར་རྒྱུར་སྐུལ་འདེད་བཏང་ནས་“གངས་ཁུལ་བདེ་ཐང་”ཐོན་ལས་མ་ལག་གཏོད་དགོས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།