རང་ཞིང་གིས་རྒྱུན་ལྡན་ཅན་གྱི་ཁྲིམས་འཛིན་རོགས་སྐྱོར་ལམ་སྲོལ་མཉམ་འབྲེལ་ཐོག་བཙུགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཆེད་དོན་ལས་འགུལ་གྱི་ཕན་འབྲས་སྔར་ལས་ཆེ་རུ་གཏོང་བ་དང་ཆེད་དོན་ལས་འགུལ་རྒྱུན་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད། ཉེ་ཆར་ཞིང་ཆེན་ཞིབ་དཔྱོད་ཁང་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་འབྲེལ་སྒོས《དཀའ་ངལ་ཡོད་པའི་བྱིས་པ་དང་དཀའ་ངལ་ཡོད་པའི་བུད་མེད་ལ་ཆེད་དོན་ཁྲིམས་འཛིན་རོགས་སྐྱོར་ལས་དོན་རྒྱུན་ལྡན་ཅན་དུ་སྤེལ་བའི་སྐོར་གྱི་ལག་བསྟར་བསམ་འཆར(ཚོད་སྤེལ)》(གཤམ་ནས《ལག་བསྟར་བསམ་འཆར》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ཏེ།“ཁྲིམས་འཛིན་རོགས་སྐྱོར་དང་སྤྱི་ཚོགས་རོགས་སྐྱོར”གྱི་ཡུན་རིང་ཕན་ནུས་ལམ་སྲོལ་བཙུགས་ནས་གྱོད་དོན་དང་འབྲེལ་བ་ཡོད་པའི་དཀའ་ངལ་ཡོད་པའི་ཚོགས་སྤྱིར་མུ་མཐུད་དུ་སྣ་མང་ཅན་གྱི་རོགས་སྐྱོབ་རྒྱབ་སྐྱོར་བྱས་ནས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་སྔར་ལས་ལེགས་པར་བྱས།

《ལག་བསྟར་བསམ་འཆར》གྱིས“དམིགས་བསལ་སྲུང་སྐྱོང་དང་སྔོན་ལ་སྲུང་སྐྱོང་བྱ་རྒྱུའི”རྩ་དོན་དམ་པོར་དམ་འཛིན་བྱས་ཏེ། རོགས་སྐྱོབ་བྱ་ཡུལ་དེ་གྱོད་དོན་དང་འབྲེལ་བ་ཡོད་པའི་དཀའ་ངལ་ཡོད་པའི་ཚོགས་སྤྱི་རིགས11ལ་གནད་ལ་འཁེལ་བའི་སྒོ་ནས་གཏན་འཁེལ་བྱས་ཡོད། དེའི་ནང་ཉེས་གསོག་གནོད་འཚེ་ཕོགས་པའི་དབང་གིས་རྨས་སྐྱོན་དང་དབང་པོ་སྐྱོན་ཅན། ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས་གཙོ་བོར་ཤོར་བ། གསོ་སྐྱོང་གྲོན་དངུལ་འདེད་ལེན་བྱེད་པར་དཀའ་ངལ་ཡོད་པ་སོགས་ཀྱི་གནས་ཚུལ་ཡོད་པའི་ནར་སོན་པ། ཁྱིམ་ཚང་གི་གསོ་སྐྱོང་འོས་འགན་འཁུར་བའི་བུད་མེད་དང་། ནད་ཚབས་ཆེན་ཕོགས་པའམ་དབང་པོ་སྐྱོན་ཅན་བྱུང་བ། བུད་མེད་རྒན་རྒོན་སོགས་ཚུད་ཡོད། རོགས་སྐྱོབ་བྱེད་སྟངས་ལ་སེམས་ཁམས་སྣེ་ཁྲིད་དང་།འཚོ་བའི་བཀོད་སྒྲིག སློབ་གསོའི་རྒྱབ་སྐྱོར། སྨན་བཅོས་བདེ་ཐང་། བཅའ་ཁྲིམས་རོགས་སྐྱོར་སོགས་རིགས་ཆེན་པོ་བརྒྱད་ཚུད་ཡོད། “དངོས་པོའི་རོགས་སྐྱོར་དང་། སེམས་ཁམས་ཐེ་གཏོགས་དང་ཁེ་དབང་འགན་སྲུང་བཅས་ཀྱི་ཕྱོགས་བསྡུས་རོགས་སྐྱོར་མ་ལག་འཛུགས་དགོས།

ཞིབ་དཔྱོད་ལས་ཁུངས་ཀྱི་ཞིབ་བཤེར་མ་བྱས་པའི་སྡེ་ཁག་གིས་ཞིབ་བཤེར་མ་བྱས་པའི་གྱོད་གཞི་དང་འབྲེལ་བ་ཡོད་པའི་གྱོད་གཞི་རེ་རེ་བཞིན་ཞིབ་བཤེར་བྱས་ཏེ། རང་འགུལ་ངང་རོགས་སྐྱོར་དབང་ཆ་གསལ་བཤད་བྱེད་པ་དང་འབྲེལ་ཁུངས་སྣེ་བརྒྱུད་སྤྲོད་བྱེད་པ། བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱིས་རྒྱུན་ལྡན་གྱི་བྱ་བའི་ཁྲོད་ཆ་རྐྱེན་དང་མཐུན་པའི་དཀའ་ངལ་ཡོད་པའི་ཚོགས་སྤྱི་ཤེས་རྟོགས་བྱས་ནས་དུས་ཐོག་ཏུ་ཞིབ་དཔྱོད་ལས་ཁུངས་ལ་དཔྱད་གཞི་བརྒྱུད་སྤྲོད་བྱས་ནས་རོགས་སྐྱོབ་ཁུངས་སྣེ“ཕྱོགས་གཉིས་ནས་ཤེས་རྟོགས”མངོན་འགྱུར་བྱུང་ཡོད། “ཞིབ་དཔྱོད་དང་བུད་མེད་མཉམ་འབྲེལ”མཉམ་འབྲེལ་རོགས་སྐྱོབ་ལམ་སྲོལ་བཙུགས་ནས་གོ་རིམ་འགོ་འཛུགས་དང་ཇུས་གཞི་བཟོ་བ་ནས་རྗེས་འདེད་འཚམས་འདྲི་བྱེད་པའི་བར་དུ་ཁ་ཟུམ་ཟུམ་ཆགས་ཡོད། དེ་དང་ཆབས་ཅིག་ཕྱོགས་གཉིས་པོས་འབྲེལ་གཏུག་མི་སྣ་དམིགས་འཛུགས་བྱས་ཏེ་དུས་བཀག་གྲོས་མོལ་དང་ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་བཙུགས་ནས་དམངས་སྲིད་དང་། སློབ་གསོ། སྨན་བཅོས་སོགས་ལས་ཁུངས་དང་མཉམ་འགུལ་བྱས་ཏེ“ཆ་འཕྲིན་མཉམ་སྤྱོད་དང་ཐོན་ཁུངས་མཉམ་སྤྱོད”ཀྱི་བྱ་བའི་དྲ་རྒྱ་བཙུགས་ནས་རོགས་སྐྱོབ་བྱ་ཡུལ་དེ་སྤྱི་ཚོགས་ཀྱི་རོགས་སྐྱོབ་མ་ལག་ནང་འཇུག་རྒྱུར་སྐུལ་འདེད་བཏང་སྟེ། ཁྲིམས་འཛིན་དང་སྤྱི་ཚོགས་ཀྱི་རོགས་སྐྱོབ་སྦྲེལ་མཐུད་དང་མཉམ་སྤྱོད་སྟོབས་ཤུགས་ཆགས་པ་བྱ་རྒྱུ་རེད། གཞན་ཡང་ཆེད་དོན་རོགས་སྐྱོབ་ལས་དོན་རིམ་པ་ཁག་གི་ཞིབ་དཔྱོད་ལས་ཁུངས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་གཙོ་གནད་གྲོས་རིམ་ནང་འཇུག་པ་དང་།གོང་རིམ་ཚན་པས་མཛུབ་ཁྲིད་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་པ་དང་། ཆེད་དོན་གྲོན་དངུལ་ནོར་སྲིད་སྔོན་རྩིས་ནང་འཇུག་པ་དང་། ཆེད་དངུལ་ཆེད་སྤྱོད་ལག་བསྟར་བྱས་ཏེ་རོགས་སྐྱོབ་ལས་དོན་རྒྱུན་མཐུད་ངང་སྤེལ་ཐུབ་པའི་འགན་ལེན་བྱས་པ་དང་། དུས་ཚིགས་སྙན་ཞུ་དང་ལོ་འཁོར་གྱི་དཔྱད་དཔོག་ལམ་ལུགས་བཙུགས་ནས་རོགས་སྐྱོར་གནད་འཁེལ་རང་བཞིན་དང་བྱེད་ཐབས་ཕན་ནུས་རང་བཞིན་སོགས་ལ་བརྟག་དཔྱད་ཞིབ་འཇུག་དང་དཔྱད་དཔོག་བྱས་ནས་བྱ་བའི་ལམ་སྲོལ་རྒྱུན་མཐུད་ལེགས་སྒྱུར་བྱས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།