ཟླ6པའི་ཚེས25ཉིན། ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས26པ་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་འཚོགས་མགོ་བརྩམས་པ་དང་། གསར་འགོད་པ་ཡུལ་དངོས་སུ་འབྱོར་བ་ན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་ཐོན་རྫས་འགྲེམ་ཁུལ་དུ། རྨ་ཆེན་རྫོང་གིས་ཀྱང་རང་ས་གནས་ཀྱི་ཞིང་ཕྱུགས་ཐོན་རྫས་མང་པོ་ཁྱེར་ནས་ཐོན་འདུག་ལ། མགོ་ལོག་འོ་ཇ་དང་མར་ཕྱུར། འབྲི་ཞོ། གྲོ་མ། ཤ་སྐམ་སོགས་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་མང་པོས་ཕྱོགས་སོ་སོ་ནས་ཕེབས་པའི་སྐུ་མགྲོན་དང་འཛད་སྤྱོད་པ་མང་པོ་འགུག་བཞིན་འདུག
ཐེངས་འདིའི་ཚོང་ཚོགས་སྟེང་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་མང་པོ་ས་ཕྱོགས་མང་པོ་དང་རྒྱལ་ཁབ་ཕྱི་ནང་ཀུན་ལ་དྲིལ་སྒྲོག་དང་ཕྱིར་འཚོང་བྱེད་པར་རོགས་འདེགས་ཆེན་པོ་ཐུབ་པས། འདིས་ས་གནས་ཀྱི་དཔལ་འབྱོར་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་མཐུན་རྐྱེན་ངེས་ཅན་བསྐྲུན་ཡོད།
རྨ་ཆེན་འགྲེམ་ཁུལ།
མགོ་ལོག་འོ་ཇ།
གྲོ་མ་དང་ཞོ། ཕྱུར་བ།