དགའ་བདེ་རྫོང་ཚོང་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལོ་འཁོར་ཞབས་ཞུའི“མཇུག་མཐའི་སྤྱི་ལེ་གཅིག”བསྐྲུན་པ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

སེམས་ཤུགས་གཅིག་སྒྲིལ་ཀྱི་བཟོ་འགོདལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དམངས་ཀྱི་གནས་ཚུལ་ལ་འཚམས་འདྲི་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་བྱ་བ་ཏན་ཏིག་གིས་སྤེལ་ཆེད། ལོ་འཁོར་སྙན་ཞུ་མཇུག་སྒྲིལ་ལ་ཉེ་བའི་གནད་འགག་གི་སྐབས་འདིར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཚོང་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཏང་ཡོན་དང་བླངས་ཞབས་ཞུ་གཙོ་བོར་བཟུང་ཞིང་། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེལོ་འཁོར་སྙན་ཞུ་ཞབས་ཞུའི་སྔོན་ཐོན་རུ་ཁགབཙུགས་པ་དང་། ཟླ6པའི་ཚེས20ཉིན་ནས་བཟུང་། དུས་ཡུན་གཟའ་འཁོར་གཅིག་གི་རིངསྒོ་རྡུང་འགུལ་སྐྱོདསྤེལ་ཏེ། ཁ་རུ་ཁ་ཐུགགིས་གནད་འཁེལ་ཞབས་འདེགས་ཀྱི་ལོ་འཁོར་སྙན་ཞུ་བྱ་བའིམཇུག་མཐའི་སྤྱི་ལེ་གཅིགབསྐྲུན་རྒྱུ་རེད།

རང་འགུལ་ངང་ཕར་རྒོལ་བྱས་ནས་འབེན་ཕྱོགས་ལ་ཞབས་ཞུ་དང་དཀའ་གནད་ཐག་གཅོད་བྱེད་དགོས། མངའ་ཁུལ་ནང་གི་ཁེ་ལས་ཆུང་འབྲིང་དང་། ཚོང་ཁང་གི་རིགས། ཞིང་པའི་ཆེད་ལས་མཉམ་ལས་ཁང་སོགས་གཙོ་གནད་དུ་བཟུང་ཞིང་། ཐོག་མའི་གཞི་གྲངས་ཞིབ་བཤེར་བྱས་ཏེ་ལོ་འཁོར་སྙན་ཞུ་མ་བྱསའི་ཁྲོམ་རའི་གནས་ཚུལ་གཙང་བཤེར་བྱས། ཏང་ཡོན་ལས་བྱེད་པ་ལོ་འཁོར་སྙན་ཞུ་ལག་དེབ་དང་། རྒྱུན་མཐོང་གནད་དོན་ཕྱོགས་སྟོན། ཟིན་བྲིས་གློག་ཀླད་བཅས་ལག་ཏུ་བཟུང་ནས། ཁྱིམ་ཚང་རེར་མཛུབ་ཁྲིད་བྱེད་པ་དང་། གཉེར་མཁན་ལོ་ལོན་གྱི་རིགས་དང་གློག་ཀླད་བཀོལ་སྤྱོད་ལ་བྱང་ཆ་མེད་པའི་རིགས་ལ་བཀོལ་སྤྱོད་བྱེད་སྟངསདམར་ཁྲིདབྱས་པ་རེད། དམིགས་བསལ་གནས་ཚུལ་ཀྱི་དབང་གིས་རང་བདག་གི་ཞུ་འབུལ་ཡིག་ཐོག་སྙན་ཞུ་བྱེད་ཐབས་མེད་པའི་ཁེ་ལས་ལ་ཡུལ་དངོས་ནས་རེའུ་མིག་སྐོང་རོགས་བྱས་ཏེསྙན་སེང་ཞུ་མི་ཤེས་པ་དང་། སྙན་སེང་ཞུ་མི་ཕོད་པའིདཀའ་གནད་ཐག་གཅོད་ཏན་ཏིག་བྱས་པ་རེད།

ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་དེ་ཞབས་འདེགས་ནུས་ཕྱོད་སླར་ཡང་རིམ་སྤར་བྱེད་དགོས། ཐེངས་འདིའི་བྱ་འགུལ་གྱིསཏང་ཡོན་གྱིས་ཐོབ་ཐང་མངོན་པ་དང་ཞབས་ཞུའི་ཁས་འཆེ་མངོན་པགཞི་འཛིན་སར་བྱས་ནས་ལོ་འཁོར་སྙན་ཞུ་ཞབས་ཞུ་དང་ཏང་གི་བརྗོད་དོན་ཉིན་མོའི་བར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུ་རེད། ཏང་ཡོན་ལས་བྱེད་པས་འཚམས་འདྲི་བྱེད་སྐབས་དང་མཉམ་དུ་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ། ལོ་འཁོར་སྙན་ཞུ་དུས་ཚད་ལས་བརྒལ་བའི་བཅའ་ཁྲིམས་འགན་འཁྲི་དང་ཡིད་རྟོན་ཀྱི་ཆད་གཅོད་བསླབ་འདོམས་མཇུག་འབྲས་ཁྱབ་གདལ་བཏང་ནས། དཔེ་མཚོན་གྱོད་དཔེ་བརྟེན་ནས་ཁྲོམ་རའི་ཡིད་རྟོན་གཉེར་སྐྱོང་གི་འདུ་ཤེས་ཆགས་པར་ཁྲིད་སྟོན་བྱེད་དགོས།

སྐར་ཆ་རེ་ཡང་བརྩོན་ལེན་བྱས་ནས་ནུས་ཤུགས་ཡོད་རྒུས་མྱུར་ཚད་འགན་ལེན་བྱ་དགོས། ལོ་འཁོར་སྙན་ཞུ་མ་བྱས་པའི་ཁྲོམ་ར་དག་ལ་དམིགས་ནས། རྫོང་ཚོང་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁ་པར་དྲན་སྐུལ་དང་། སྒོ་ཁར་སོང་ནས་བརྡ་ཐོ་གཏོང་བ། འཕྲིན་ཐུང་བརྡ་ཐོ་སོགས་ཀྱི་བྱེད་ཐབས་བརྟེན་ནས་རེས་སྐོར་མང་པོ་བརྡ་འདེད་བྱས་པ་རེད། དེ་དང་ཆབས་ཅིག་ཏུ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་ལོ་འཁོར་སྙན་ཞུའིཤར་སྐྱོད་བགྲོད་ལམབཙུགས་ནས་ཆེད་མངགས་མི་སྣ་ལས་རེས་བཀོད་སྒྲིག་བྱས་ཏེ། ལོ་འཁོར་སྙན་ཞུའི་ཞབས་ཞུ་ཇེ་ལེགས་སུ་བཏང་ནས་ལོ་འཁོར་སྙན་ཞུ་ཡོངས་བསྒྲགས་བྱེད་ཚད90%ཡན་ལ་སླེབས་པར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ཏེ་རྫོང་ཁོངས་ཀྱི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བར་ཡིད་རྟོན་ཀྱི་རྨང་རྡོ་བརྟན་པོ་བསྐྲུན་རྒྱུ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།