མཚོ་ནུབ་ཁུལ་དུ་ཡོད་པའི་རང་འགུལ་གནམ་གཤིས་ས་ཚིགས196ཀྱིས་ལྟ་ཞིབ་ཚད་ལེན་དྲ་རྒྱ་དམ་པོར་བཟོས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས20ཉིན། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གནམ་གཤིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཐོན་ལས་ཀྱི་“གནས་བཞི”ཡི་གནམ་གཤིས་འགན་སྲུང་ཞབས་ཞུའི་སྔོན་སྐྱོད་ཚོད་ལྟའི་ལས་དོན་སྐུལ་འདེད་ཚོགས་འདུའི་ཐོག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་ཤས་རིང་མཚོ་ནུབ་ཁུལ་གྱིས་གནམ་གཤིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ཡོད།མིག་སྔར་མཚོ་ནུབ་རླབས་རིམ་གསར་པCམཚམས་ཀྱི་གནམ་གཤིས་ལེ་ཏ་དང་།ཐེམ་ཆེན་རླབས་རིམXམཚམས་ཀྱི་ལེ་ཏ། དེ་བཞིན་གཏེར་ལེན་ཁའི་དྲང་འཕྱང་ལྟ་ཞིབ་མ་ལག་འཛུགས་སྐྲུན་བཅས་ཀྱི་ལས་དོན་བརྟན་པོའི་ངང་སྐུལ་འདེད་གཏོང་བཞིན་ཡོད། ཁུལ་ཡོངས་ཀྱི་གནམ་གཤིས་ལྟ་ཞིབ་ས་ཚིགས་བཀོད་སྒྲིག་མུ་མཐུད་ལེགས་སུ་བཏང་བ་དང་།རང་འགུལ་གྱི་གནམ་གཤིས་ས་ཚིགས196འགག་རྩའི་ས་ཁོངས་ཁག་ལ་ཁྱབ་པ་དང་། གནམ་གཤིས་ལྟ་ཞིབ་ཚད་ལེན་དྲ་བ་དམ་པོར་བཟོས་ནས་གནམ་གཤིས་ཀྱི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་ནུས་པ་ཆེ་རུ་གཏོང་བར་སྒུལ་ཤུགས་ཆེན་པོ་བསྣན།

མཚོ་སྔོན་ཐོན་ལས་གྱི“གནས་བཞི”འཛུགས་སྐྲུན་གྱི་གཡུལ་ས་གཙོ་བོའི་གྲས་ཤིག་ཡིན་པའི་མཚོ་ནུབ་ཁུལ་གྱིས་གནམ་གཤིས་ལས་དོན་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་སུ་གཏིང་ཟབ་ངང་འདྲེས་ཡོད། མཚོ་ནུབ་ཁུལ་གནམ་གཤིས་ཅུའུ་ཡིས་ནུས་ཁུངས་གསར་པའི་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ཏེ། ཕྱོགས་མང་མཉམ་སྒྲུབ་ཀྱིས་ནུས་ཁུངས་གསར་པའི་གནམ་གཤིས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏོང་། ཞབས་ཞུའི་རྣམ་པའི་ཐད་བློ་ཁོག་ཆེན་པོས་གསར་གཏོད་དང་། ལྟ་ཞིབ་ཚད་ལེན་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་ཕན་ནུས་ཆེ་བའི་བེད་སྤྱོད་མངོན་འགྱུར་དང་། ལས་སྟེགས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་དགོས་པ་མ་ཟད། ད་དུང་ལས་རིགས་དོ་དམ་ཚད་ལྡན་དུ་གཏོང་དགོས། ནུས་ཁུངས་གསར་པའི་གནམ་གཤིས་ཞབས་ཞུའི་འཕྲིན་ཡིག་ཚོགས་པ་བཙུགས་ནས་གནམ་གཤིས་ཆ་འཕྲིན་གནད་ལ་འཁེལ་བའི་སྒོ་ནས་འགྲེམས་སྤེལ་བྱ་བ་དང་། ཡུལ་ལྗོངས་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་གཏིང་ཟབ་སྤེལ་ནས་གྲངས་གཞི་དངུལ་སྤྲོད་དང་མཉམ་སྤྱོད་ལམ་སྲོལ་འཛུགས་པ། སྲིད་འཛིན་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ།ནུས་ཁུངས་གསར་པའི་ཁེ་ལས་ཀྱིས་གཞི་གྲངས་བདེ་འཇགས་ཀྱི་བྱེད་པོ་འགན་འཁྲི་དམ་ཟབ་ཡོང་བར་སྐུལ་འདེད་གཏོང་བ།གནམ་གཤིས་ལག་བསྟར་བྱེད་འཐུས་རང་བཞིན་གྱི་རིགས་པས་ཁུངས་སྐྱེལ་ལས་དོན་ཧུར་ཐག་སྤེལ་བ་བཅས་ནུས་ཁུངས་གསར་པའི་ཐོན་ལས་བདེ་འཇགས་དང་འཕེལ་རྒྱས་ཡོང་བར་ཕྱོགས་ཡོངས་ནས་སྲུང་སྐྱོབ་བྱ་རྒྱུ་རེད།   

གཞན་ཡང་མཚོ་ནུབ་ཁུལ་གནམ་གཤིས་ཅུའུ་ཡིས་སྐྱེ་ཁམས་ཡུལ་སྐོར་གནམ་གཤིས་ཞབས་ཞུའི་འགྲན་ལམ་གསར་པ་རྒྱ་སྐྱེད་ཧུར་ཐག་བྱས་ཏེ“ཡིད་དབང་འཕྲོག་པའི་མཚོ་ནུབ”ཀྱི་རིག་གནས་ཡུལ་སྐོར་སྤུས་རྟགས་འཛུགས་སྐྲུན་ལ་རོགས་རམ་བྱ་རྒྱུ། ཚན་རིག་ཞིབ་འཇུག་རྣམ་གྲངས་རེ་ཞུ་བརྒྱུད་ཡུལ་སྐོར་གནམ་གཤིས་ཞབས་ཞུའི་ཆེད་ལས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བཏང་སྟེ། ཚྭ་ཁའི་རིག་ནུས་ཡུལ་སྐོར་གནམ་གཤིས་དང་དེ་བཞིན་མིས་བཟོས་ཆར་ཆུ་ཇེ་མང་དུ་གཏོང་བའི(ཁ་བ་)ཞབས་ཞུ་སྤེལ་ནས“ཆུ་ཐོག་ཡ་ཏན·ཚྭ་འདམ་གཞོང”“ཀྲུང་གོའི་གནམ་གཤིས”ཞེས་སྐྱེ་ཁམས་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་མིང་ཐོའི་ནང་གྲུབ་འབྲས་ཐོབ་པའི་ངང་འདེམས་པར་རོགས་རམ་བྱས། དེ་དང་ཆབས་ཅིག་མཚོ་ནུབ་ཁུལ་རིག་གནས་ཡུལ་སྐོར་ཅུའུ་དང་མཉམ་འབྲེལ་ཐོག་ཡུལ་སྐོར་ལས་རིགས་ཀྱི་གནམ་གཤིས་གནོད་འཚེའི་འགོག་སྲུང་ལས་དོན་ཚད་ལྡན་དུ་གཏོང་བ་དང་།  གཙོ་གནད་མཛེས་ལྗོངས་ཁུལ་དང་ཁེ་ལས་གནམ་གཤིས་གནོད་འཚེའི་འགོག་སྲུང་ལས་ཁུངས་གཙོ་བོར་ནང་བཅུག་ནས་ཡུལ་སྐོར་གནམ་གཤིས་གནོད་འཚེ་འགོག་སྲུང་འཕྲལ་སྡོམ་ལམ་སྲོལ་བཙུགས་ནས་འཐུས་ཚང་དུ་བཏང་ནས་ཡུལ་སྐོར་གནམ་གཤིས་སྔོན་བརྡ་དང་ཉེན་བརྡའི་གནད་འཁེལ་ཚད་དང་དུས་ནུས་རང་བཞིན་སྔར་བས་མཐོ་རུ་ཕྱིན་ཡོད།

མཚོ་ནུབ་ཁུལ་གནམ་གཤིས་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་ཅུའུ་ཀྲང་ཀྲའོ་ཡིའུ་ཧྲོའུ་ཡིས“ང་ཚོས་འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་སྤེལ་བྱེད་ཆོག་པའི་གནམ་གཤིས་འགན་སྲུང་ཞབས་ཞུའི་དཔེ་མཚོན་བཟོ་དགོས”ཞེས་བཤད།“འབྱུང་འགྱུར་མཚོ་ནུབ་གནམ་གཤིས་ཅུའུ་ཡིས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལ་དམིགས་ནས།“གནམ་གཤིས་+”མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གཏིང་ཟབ་ཏུ་བཏང་སྟེ།“མཚོ་ནུབ་ཉམས་མྱོང་”སྔར་ལས་མང་བ་ཕྱིར་གཏོང་བྱས་ཏེ་གནམ་གཤིས་ཞབས་ཞུ་དེ་ཚྭ་འདམ་གཤོང་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བློ་རིག་སྒུལ་ཤུགས་སུ་འགྱུར་རྒྱུ་ཡིན”ཞེས་བཤད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།