མཚོ་སྔོན་ཞིང་ཆེན་གྱི2025ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་སྐར་གྲངས་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཞིབ་འཇུག་ཐག་གཅོད་བྱས་པ་བརྒྱུད། 2025ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་མཚོ་སྔོན་ཞིང་ཆེན་གྱི་སློབ་བསྡུའི་ཚན་ཁག་རེ་རེ་དང་སྐོར་ཐེངས་རེ་རེའི་སློབ་མ་བསྡུ་བའི་སྐར་གྲངས་ཁྱབ་བསྒྲགས་བྱས་པ་གཤམ་གསལ་ལྟར། 

ལོ་རྒྱུས་ཚན་ཁག

དངོས་གཞིའི་སྐོར་ཐེངས་ཀྱི་སྤྱིར་བཏང་འཛིན་གྲྭ(རྒྱལ་ཁབ་དང་ས་གནས་ཀྱི་ཆེད་དམིགས་འཆར་འགོད། ཞིང་ཆེན་ནང་ཁུལ་གྱི་ཆེད་དམིགས་འཆར་འགོད། སྤྱིར་བཏང་མི་རིགས་འཛིན་གྲྭ་དང་མི་རིགས་གྲ་སྒྲིག་འཛིན་གྲྭ་འདུས)། སྐར405།

དམིགས་བསལ་རིགས་ཀྱི་སློབ་བསྡུའི་ཚོད་འཛིན་སྐར་གྲངས། སྐར450། དམག་དོན་སློབ་གྲྭ་དང་མཁའ་དམག་བསྡུ་ལེན། རྨང་བརྟན་འཆར་འགོད་དང་གཞན་པའི་བླང་བྱ་ཡོད་པའི་སློབ་གླིང(ཆེད་ལས)འཆར་འགོད་ཀྱི་སློབ་མའི་སྐར་གྲངས་ངེས་པར་དུ་འདིའི་ཚད་ཐིག་ལ་སླེབས་དགོས།

མཐོ་རིམ་ལས་རིགས(ཆེད་ཚན)སྤྱིར་བཏང་འཛིན་གྲྭ། སྐར150།

དངོས་ལུགས་ཚན་ཁག

དངོས་གཞིའི་སྐོར་ཐེངས་ཀྱི་སྤྱིར་བཏང་འཛིན་གྲྭ(རྒྱལ་ཁབ་དང་ས་གནས་ཀྱི་ཆེད་དམིགས་འཆར་འགོད། ཞིང་ཆེན་ནང་ཁུལ་གྱི་ཆེད་དམིགས་འཆར་འགོད། སྤྱིར་བཏང་མི་རིགས་འཛིན་གྲྭ་དང་མི་རིགས་གྲ་སྒྲིག་འཛིན་གྲྭ་འདུས)། སྐར350།

དམིགས་བསལ་རིགས་ཀྱི་སློབ་བསྡུའི་ཚོད་འཛིན་སྐར་གྲངས། སྐར420།  དམག་དོན་སློབ་གྲྭ་དང་མཁའ་དམག་བསྡུ་ལེན། རྨང་བརྟན་འཆར་འགོད་དང་གཞན་པའི་བླང་བྱ་ཡོད་པའི་སློབ་གླིང(ཆེད་ལས)འཆར་འགོད་ཀྱི་སློབ་མའི་སྐར་གྲངས་ངེས་པར་དུ་འདིའི་ཚད་ཐིག་ལ་སླེབས་དགོས།

མཐོ་རིམ་ལས་རིགས(ཆེད་ཚན)སྤྱིར་བཏང་འཛིན་གྲྭ། སྐར150།

མཐོ་རིམ་སློབ་གྲྭའི་མི་རིགས་སྐད་ཡིག་གི་སློབ་ཁྲིད(བོད་ཡིག)།

ལོ་རྒྱུས་ཚན་ཁག དངོས་གཞིའི་སྤྱིར་བཏང་འཛིན་གྲྭ(མི་རིགས་གྲ་སྒྲིག་འཛིན་གྲྭ་ཚུད)དང་མཐོ་རིམ་ལས་རིགས(ཆེད་ཚན)སྤྱིར་བཏང་འཛིན་གྲྭ། སྐར366།

དངོས་ལུགས་ཚན་ཁག དངོས་གཞིའི་སྤྱིར་བཏང་འཛིན་གྲྭ(མི་རིགས་གྲ་སྒྲིག་འཛིན་གྲྭ་ཚུད)དང་མཐོ་རིམ་ལས་རིགས(ཆེད་ཚན)སྤྱིར་བཏང་འཛིན་གྲྭ། སྐར333།

མཐོ་རིམ་སློབ་གྲྭའི་མི་རིགས་སྐད་ཡིག་གི་སློབ་ཁྲིད(སོག་ཡིག)།

ལོ་རྒྱུས་ཚན་ཁག དངོས་གཞིའི་སྤྱིར་བཏང་འཛིན་གྲྭ་སྐར280།

དངོས་ལུགས་ཚན་ཁག དངོས་གཞིའི་སྤྱིར་བཏང་འཛིན་གྲྭ་སྐར300།

(གསལ་བཤད། མཐོ་རིམ་སློབ་གྲྭའི་མི་རིགས་སྐད་ཡིག་གི་སློབ་ཁྲིད་འཆར་འགོད་ཀྱི་རྒྱུགས་འབྲས་རྩིས་རྒྱག་སྟངས་ནི། (རྒྱ་ཡིག+མི་རིགས་སྐད་ཡིག)÷2+རྩིས་རིག+ཕྱི་སྐད+གདམ་གསེས་ཐོག་མའི་རིག་ཚན1+བསྐྱར་གདམ་རིག་ཚན2+སྲིད་ཇུས་རང་བཞིན་གྱི་གཟིགས་སྐྱོང་སྐར་གྲངས།)

ལུས་རྩལ་རིགས།

ལོ་རྒྱུས་ཚན་ཁག  དངོས་གཞིའི་སྤྱིར་བཏང་འཛིན་གྲྭ་སྐར385། མཐོ་རིམ་ལས་རིགས(ཆེད་ཚན)སྤྱིར་བཏང་འཛིན་གྲྭ། སྐར300།

དངོས་ལུགས་ཚན་ཁག  དངོས་གཞིའི་སྤྱིར་བཏང་འཛིན་གྲྭ(སྤྱིར་བཏང་མི་རིགས་འཛིན་གྲྭ་ཚུད)སྐར335། མཐོ་རིམ་ལས་རིགས(ཆེད་ཚན)སྤྱིར་བཏང་འཛིན་གྲྭ། སྐར224།

(གསལ་བཤད། ལུས་རྩལ་རིགས་ཀྱི་སྐར་གྲངས་ཚད་ཐིག་ནི་ལུས་རྩལ་རིགས་ཀྱི་ཆེད་ལས་ཀྱི་ཞིང་ཆེན་རིམ་པའི་གཅིག་གྱུར་ཡིག་རྒྱུགས་ཚད་གཞིར་ལོངས་པའི་སློབ་མའི་རྒྱུགས་འབྲས་ཡིན་པ་དང་། དེའི་སྐར་གྲངས་རྩིས་རྒྱག་སྟངས་ནི། མཐོ་རྒྱུགས་རིག་གནས་བསླབ་ཚན་གྱི་རྒྱུགས་འབྲས+སྲིད་ཇུས་རང་བཞིན་གྱི་གཟིགས་སྐྱོང་སྐར་མ།)

སྒྱུ་རྩལ་རིགས།

རོལ་དབྱངས་རིགས་དང་མཛེས་རྩལ། ཇུས་འགོད་རིགས(མཐོ་རིམ་སློབ་གྲྭའི་མི་རིགས་སྐད་ཡིག་སློབ་ཁྲིད་འཆར་འགོད་ཚུད)། ཞབས་བྲོ་རིགས། རྒྱང་སྒྲོག་དང་མགོ་འཛིན་རིགས། ཡིག་གཟུགས་རིགས། དེ་བཞིན་འཁྲབ་སྟོན(འཁྲབ་ཁྲིད)རིགས་ཀྱི་ཟློས་གར་གློག་བརྙན་འཁྲབ་ཁྲིད་དང་གྱོན་ཆས་འཁྲབ་སྟོན་རིགས་ཀྱི་སྐར་གྲངས། 

ལོ་རྒྱུས་ཚན་ཁག དངོས་གཞི། སྐར304། མཐོ་རིམ་ལས་རིགས(ཆེད་ཚན)། སྐར150། 

དངོས་ལུགས་ཚན་ཁག དངོས་གཞི། སྐར263།  མཐོ་རིམ་ལས་རིགས(ཆེད་ཚན)། སྐར150། 

འཁྲབ་སྟོན(འཁྲབ་ཁྲིད)རིགས་ཀྱི་ཟློས་གར་གློག་བརྙན་འཁྲབ་སྟོན།

ལོ་རྒྱུས་ཚན་ཁག  དངོས་གཞིའི་སྤྱིར་བཏང་འཛིན་གྲྭ་སྐར296། མཐོ་རིམ་ལས་རིགས(ཆེད་ཚན)སྤྱིར་བཏང་འཛིན་གྲྭ། སྐར150།

དངོས་ལུགས་ཚན་ཁག  དངོས་གཞིའི་སྤྱིར་བཏང་འཛིན་གྲྭ་སྐར263། མཐོ་རིམ་ལས་རིགས(ཆེད་ཚན)སྤྱིར་བཏང་འཛིན་གྲྭ། སྐར150།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།