ཉེ་སྔོན། གསར་འགོད་པས་བཅོས་སྒྱུར་ཕྱོགས་ཡོངས་ཟབ་སྤེལ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མུ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཆེད་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་འཕྲིན་བཅར་ལས་ཁུངས་ཀྱི་འཕྲིན་བཅར་བྱ་བ་དེ་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་དང་སྤྱི་ཚོགས་བཅོས་སྐྱོང་གི་སྤྱི་ཡོངས་ལ་འདྲེས་པར་བྱས་པ་དང་། མང་ཚོགས་ཀྱི་ཞུ་གཏུག་རེ་རེ་སྒྲུབ་མཁན་ཡོད་པ་དང་། ཞུ་གཏུག་རེ་རེ་ཁྲིམས་ལྟར་སྒྲུབ་པ་ཚད་གཞི་རུ་བྱས་ནས། མགོ་ཁུངས་ནས་བཅོས་སྐྱོང་བྱེད་པ་དང་ཁྲིམས་གཅོད་བྱེད་པར་སྒུག་པའི་གྱོད་དོན་ཐག་གཅོད་པར་རྒྱུན་མཐུད་ངང་ཤུགས་བསྣན་པས། ཞིང་ཆེན་ཡོངས་ཀྱི་འཕྲིན་བཅར་བྱ་བའི་ཐད་ནས་ཁྲིམས་སྐྱོང་གི་ཁྲིད་ཕྱོགས་མངོན་གསལ་ཡིན་པ་དང་གནད་དོན་ཐག་གཅོད་ཤུགས་ལྡན་བྱས་པ། གྲུབ་ཚུལ་མངོན་གསལ་སྒོས་ལེགས་སྒྱུར་བྱས་པ། གནས་བབ་བརྟན་ཐོག་ལེགས་འཕེལ་བྱུང་བའི་རྣམ་པ་བཟང་བོ་མངོན་ཡོད།
མཚམས་སྦྱོར་བྱས་པ་ལྟར་ན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འཕྲིན་བཅར་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་སྟེང་ཐེངས་མང་པོར་བྱ་བའི་སྙན་ཞུ་ལ་ཉན་པར་མ་ཟད་ལས་འགན་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོ་དང་ཞིང་ཆེན་གྱི་མགོ་ཁྲིད་གཞན་པས་སྣེ་ཁྲིད་དེ་མགོ་ཁྲིད་ལས་བྱེད་པའི་ཞུ་གཏུག་དང་ལེན་དང་བཅར་འདྲི་བྱེད་པའི་ལམ་ལུགས་ལག་བསྟར་བྱས་པ་དང་། གཞི་རིམ་དུ་སོང་ནས་འཕྲིན་བཅར་བྱ་བར་ཆེད་དོན་རྟོག་ཞིབ་བྱས་ལ། ཡུལ་དངོས་ནས་ཞུ་གཏུག་མང་ཚོགས་སྣེ་ལེན་བྱས་ཤིང་། མང་ཚོགས་ཀྱི་ཞུ་གཏུག་མཐུན་སྦྱོར་ངང་ཐག་གཅོད་བྱས་པ་དང་། རིམ་པ་སོ་སོའི་ཏང་སྲིད་མགོ་ཁྲིད་ལས་བྱེད་པས་རང་འགུལ་གྱི་ཞུ་གཏུག་དང་ལེན་དང་འཚམས་འདྲི་བྱེད་པར་དཔེ་སྟོན་སྣེ་ཁྲིད་བྱས་ལ། འཕྲིན་བཅར་དོན་བྱ1542ཐག་གཅོད་པར་སྐུལ་འདེད་བཏང་སྟེ། རིམ་པ་གཅིག་གིས་རིམ་པ་གཅིག་གི་སྣེ་ཁྲིད་པ་དང་། རིམ་པ་བཞིན་ལག་བསྟར་དམ་འཛིན་བྱེད་པའི་བྱ་བའི་རྣམ་པ་གྲུབ་པར་བྱས། སྒྲིག་གཞི་རྐྱེན་སྲོལ་འཛུགས་སྐྲུན་བྱེད་པའི་ཕྱོགས་ནས། འཕྲིན་བཅར་བྱ་བ་ཁྲིམས་སྐྱོང་ཅན་དུ་བསྒྱུར་བའི་ལས་འགན་གཙོ་བོ་ལག་བསྟར་བྱེད་པའི་བྱེད་ཐབས20སོགས་བྱ་བའི་ལམ་ལུགས་དང་བྱེད་ཐབས10ལྷག་ཕྱིར་བཏོན་པ་དང་། “7+x”ཞེས་པའི་གྲོས་མོལ་ཞིབ་གཅོད་དང་། འཕྲིན་བཅར་དང་སྒྲིག་ཁྲིམས་ཞིབ་བཤེར། ཁྲིམས་སྐྱོང་བཅས་ཀྱི་མཉམ་འབྲེལ་ལྟ་ཞིབ་སྒྲུབ་སྐུལ་རྐྱེན་སྲོལ་བཙུགས་ལ། ཡང་དང་བསྐྱར་དུ་ཞུ་གཏུག་བྱེད་པའི་གནད་དོན་དང་གྱོད་གཞི་ལ་དམིགས་ནས་རྟོག་ཞིབ་སྤེལ་བ་དང་། གནད་གཅིག་གིས་ཕྱོགས་ཡོངས་ཁྲིད་དེ་ཡང་བསྐྱར་ཞུ་གཏུག་བྱེད་པ་དང་སྒྲུབ་སྒུག་གྱོད་གཞི་ཐག་གཅོད་པར་སྐུལ་འདེད་བཏང་སྟེ། འཕྲིན་བཅར་བྱ་བའི་བཅའ་ཁྲིམས་ཅན་གྱི་ལམ་རིས་གེགས་མེད་ཡོང་བར་བྱས།
མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱ་ཆེད། ལོ་རྒྱུས་ཀྱི་སྒྲུབ་སྒུག་གྱོད་གཞི་ཐག་གཅོད་པའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། རྩིས་ཐོ་བཞི་བཙུགས་ལ། ཁོངས་གཏོགས་ས་ཆའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་པ་དང་། གྱོད་གཞི་སྒྲུབ་སྐུལ་བྱེད་པར་སྣེ་ཁྲིད་བྱེད་པ་དང་འཕྲིན་བཅར་མི་སྣར་ངོ་ཐུག་པ་སོགས་ཀྱི་བྱ་བའི་མ་དཔེ་བརྒྱུད་དེ། བསྒྲུབ་དཀའ་བའི་གྱོད་གཞི་སྐོར་ཞིག་ཐག་གཅོད་པ་དང་མང་ཚོགས་དང་འབྲེལ་བའི་འཕྲིན་བཅར་གནད་དོན་གཙོ་བོར་ཐག་གཅོད་པར་སྐུལ་འདེད་བཏང་ནས། ཞིང་བ་ཞོར་ལས་པའི་ཆད་ལ་བཞག་པའི་གླ་ཕོགས་དུང་ཕྱུར3ལྷག་ཕྱིར་འདེད་བྱས་པ་དང་། གཏན་ཚུགས་ནོར་རྫས་ཀྱི་འཛིན་བྱང་ལེན་དཀའ་བ་དང་བཟོ་སྐྲུན་དངུལ་ཆད་ལ་འཇོག་པ་སོགས་ཀྱི་འབུར་ཐོན་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱས། །