མཚོ་སྔོན་གྱིས་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཀྱི་ལམ་བུ་བཏོད།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཟི་ལིང་གྲོང་ཁྱེར་ལྟེ་གནས་ནས་ལྷོའི་མཚམས་ཀྱི་སྤྱི་ལེ20མཚམས་སུ། གཙང་གསུམ་འབྱུང་ཡུལ་གཞི་གྲངས་ལྟེ་གནས་ཀྱི་དུས་སྐབས་བཞི་བ་ཡོད། ཁང་བའི་ནང་དུ། འཕྲུལ་སྒམ་རེ་རེའི་ལྗང་མདོག་གི་གློག་འོད་འཁྱུག་བཞིན་དུ། འཕྲུལ་ཆས་ཀྱི་ལྡིར་སྐད་གྲགས། ཁང་བའི་ཕྱི་རོལ་ཏུ། སྔོ་མདོག་གི་འོད་ནུས་གློག་ཤེལ་དང་། ལི་གློག་གཡིས་གསོག་ཉར་སྒམ་གྲལ་བསྒྲིགས་ནས་ཡོད། 

འདི་ནི་མཚོ་སྔོན་གྱི་གཙང་གསུམ་འབྱུང་ཡུལ་ལྗང་མདོག་གློག་གི་རིག་རྩིས་མཉམ་འདྲེས་དཔེ་སྟོན་གློག་དྲའི་རྣམ་གྲངས་ཡིན། “ལྗང་མདོག་གློག་གི100%ཐད་ཀར་རྩིས་ནུས་ལ་ཞབས་ཞུ་སྒྲུབ་པ་དང་། ལོ་རེའི་ཆ་སྙོམས་སྟོང་ཝ་ཁྲི་སྟོང1000གི་ཐན་ཉུང་གློག་ཤུགས་མཁོ་འདོན་བྱས”གསར་སྐྲུན་གྱི་གནས་དེ་གློག་དྲའི་ཆུང་ངུའི་དོ་མཉམ་ལྗང་མདོག་གློག་དང་རྩིས་ནུས་ལྟེ་གནས་སུ་བེད་སྤྱོད་བྱེད་བཞིན་ཡོད”ཀྲུང་གོའི་འབྲེལ་འཕྲིན་མཚོ་སྔོན་ཡན་ལག་ཀུང་སིའི་སྤྱི་གཉེར་བ་ཐུང་ཆིན་ཅོན་གྱིས་དེ་ལྟར་མཚམས་སྦྱོར་བྱས། 

རྩིས་ནུས་ཐོན་ལས་འཕེལ་རྒྱས་ནི། མཚོ་སྔོན་དུ་ལྗང་མདོག་གློག་གི་དགེ་མཚན་ཡོད་པ་མ་ཟད། ཁོར་ཡུག་གི་དགེ་མཚན་ཡང་ཡོད། ལོ་རེའི་ཆ་སྙོམས་དྲོད་གྲངས་ཧྲེ་ཧྲིའི་ཏུའུ3.9ཡི“རང་བྱུང་འཁྱགས་ཁུངས”ཀྱིས་གཞི་གྲངས་ལྟེ་གནས་ཀྱི་འཁྱགས་བཟོའི་ནུས་ཁུངས་ཟད་གྲོན40%ཇེ་དམའ་རུ་བཏང་བ་དང་། རྩིས་ནུས་དངུལ་གཏོང་འགྲོ་གྲོན20%ཇེ་དམའ་རུ་བཏང་ཞིང་། འཁོར་རྒྱུགས་འགྲོ་གྲོན30%ཇེ་དམའ་རུ་བཏང་། 

2024ལོའི་ཟླ6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་བསྟན་དོན། “མཚོ་སྔོན་གྱིས་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་གི་འགན་འཁྲི་ཕྲག་ཏུ་བླངས་ཤིང་། ཐོན་ལས་འཕེལ་རྒྱས་ཀྱིས་ངེས་པར་དུ་བསྒྲུབ་འོས་པ་བསྒྲུབ་པ་དང་བསྒྲུབ་མི་འོས་པ་གཏན་ནས་མི་བསྒྲུབ་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ས་གནས་ཀྱི་ཁྱད་ཆོས་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་བྱེད་དགོས”།

མཐོ་སྒང་གི་ནུས་ཁུངས་ཐོན་ཁུངས་ལ་རྐང་བཙུགས་ཏེ། མཚོ་སྔོན་གྱིས་ལྗང་མདོག་རྩིས་ནུས་ཐོན་ལས་རྟེན་གཞི་གསར་སྐྲུན་བྱེད་པ་དང་། མུ་མཐུད་ནས་ལྗང་མདོག་གློག་ཤུགས་དེ་ལྗང་མདོག་རྩིས་ནུས་སུ་བསྒྱུར་བར་སྐུལ་འདེད་བཏང་ནས། ལྗང་མདོག་གློག་མཐུན་སྦྱོར་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་བཏོད། 

ལྗང་མདོག་རྩིས་ནུས་རྒྱ་བསྐྱེད་ཀྱིས་བར་སྟོང་གསར་བ་གསར་སྐྲུན་བྱས། མཚོ་སྔོན་ཞིང་ཆེན་གཞི་གྲངས་ཅུས་ཀྱི་ཅུས་ཀྲང་ཞིན་ལི་ཡིས་མཚམས་སྦྱོར་བྱས་དོན། མཚོ་སྔོན་གྱིས་ལྗང་མདོག་རྩིས་ནུས་ཀྱི་ས་གནས་ཚད་གཞི་སྣ5ཁྱབ་བསྒྲགས་བྱས་པ་དང་། 《མཚོ་སྔོན་ཞིང་ཆེན་ལྗང་་མདོག་རྩིས་ནུས་རྟེན་གཞི་འཛུགས་སྐྲུན་བྱེད་ཐབས》དང《མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་སྐུལ་འདེད་གཏོང་བའི་སྐོར་གྱི་བྱེད་ཐབས་འགའ》སོགས་སྲིད་ཇུས་བཏོན། དུས་མཚུངས་སུ། མཚོ་སྔོན་དང་པའེ་ཏུའུ། འ་ལི་པ་པ་སོགས་དྲ་རྒྱའི་ཁེ་ལས་དང་མཉམ་ལས་དང་། པའེ་ཏུའུ་རྟགས་རིགས་ལྟེ་གནས། ཅིན་ཧྲན་རིག་ནུས་ལྟེ་གནས། ཅིན་ཏུང་རིག་ནུས་སྒེར་ལྡན་དྲ་བ། ཞིན་ཧྭ་སན་ཐུའུ་གྲོང་རྡལ་ཆུང་བ་སོགས་ཀྱི་རྣམ་གྲངས་བསྟུད་མར་དོན་འཁྱོལ་བྱས་ཤིང་། རིག་ནུས་དང་། རྩིས་བརྒལ། མ་དཔེ་ཆེ་གྲས་སོགས་ཀྱི་ལས་རྣམ་གསར་བའི་བར་མཉམ་ལས་བྱས། ད་ལྟ། ཟི་ལིང་ལྗང་མདོག་གློག་ནུས་མཉམ་འདྲེས་དཔེ་སྟོན་གླིང་ག་དང་། མཚོ་ཤར་ཐཱན་ཉུང་རྩིས་ནུས་ཐོན་ལས་གླིང་སོགས་འཛུགས་སྐྲུན་མགྱོགས་མྱུར་ངང་སྐུལ་འདེད་བཏང་བ་དང་། སྔོན་དཔག་བྱས་ན་ལོ་འདིའི་ནང་ཚད་ལྡན་སྒྲོམ་གཞི་དང་རྩིས་ནུས་གཞི་ཁྱོན་ལྡབ་འགྱུར་གྱིས་འཕར་བ་མངོན་འགྱུར་བྱུང་། 

ལྗང་མདོག་གློག་མཁོ་འདོན་མགོ་ཁུངས་རྗེས་སྙེག་རྣམ་པ་གསར་གཏོད་བྱས། མཚོ་སྔོན་གྱིས་རྒྱལ་ནང་གི་ནུས་ཁུངས་གཙང་མ་དང་ལྗང་མདོག་རྩིས་ནུས་སྡེབ་སྒྲིག་ལྟེ་གནས་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་། “རང་གིས་སྤེལ་བ་དང་། རང་གིས་གསོག་ཉར། རང་གིས་སྤྱོད་པ། རང་གིས་འགན་སྲུང”གི་དག་གཙང་ནུས་ཁུངས་གློག་དྲ་ཆུང་བའི་རྩིས་ནུས་ལྟེ་གནས་མགོ་བརྩམས། ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་སྟེགས་བུ་ཡོངས་སུ་ཁེབས་པ་དང་། ནུས་ཁུངས་གཙང་མའི་གློག་ཚིགས་དང་། གཞི་གྲངས་ལྟེ་གནས་དེ་དྲ་རྒྱའི་ཁྲོད་སྦྲེལ་ནས། ཀྲའོ་ཝ་རེའི་ལྗང་མདོག་གློག་གི་ཡོང་ཁུངས་རྗེས་སྙེག་དང་། ཁོར་ཡུག་ཕན་ཁེ་དང་བརྒྱུད་ལམ་གྲུབ་པར་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།