《མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་སྐྲུན་པའི་སྤྱིའི་འཆར་འགོད》ལ་ཞིབ་བཤེར་རྩིས་ལེན་བྱས་ནས་གྲོས་འཆམ་བྱུང་།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ6པའི་ཚེས16ཉིན། 《མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་སྐྲུན་པའི་སྤྱིའི་འཆར་འགོད》(གཤམ་ནས《སྤྱིའི་འཆར་འགོད》ཅེས་བསྡུ་རྒྱུ་ཡིན)ལ་ཞིབ་བཤེར་རྩིས་ལེན་བྱས་ནས་གྲོས་འཆམ་བྱུང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་རྒྱུ་ནི་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱིས་སྤྲད་པའི་འགན་འཁྲི་འགངས་ཆེན་དང་ཆབ་སྲིད་ལས་འགན་ཡིན་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་ངེས་བླང་བྱའང་ཡིན། 《སྤྱིའི་འཆར་འགོད》ནི་མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ཡུལ་སྐྲུན་པའི་འཐབ་རྩོད་རང་བཞིན་དང་སྤྱི་ཁོག་རང་བཞིན། རྩ་འཛིན་རང་བཞིན་བཅས་ཀྱི་མཛུབ་སྟོན་ཡིག་ཆ་ཞིག་ཡིན་ལ། སྐྱེ་ཁམས་ཡུལ་སྐོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་རྨང་གཞིའི་འགན་སྲུང་ཡིན།

《སྤྱིའི་འཆར་འགོད》ཐད་སྔ་གཞུག་ཐེངས་གཉིས་ལ་མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་སྐྲུན་པའི་འཆར་འགོད་མ་ལག་གི་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་། གྲོང་ཁྱེར་གྱི་ཁུལ་རིག་གནས་ཡུལ་སྐོར་སྡེ་ཁག་གི་བསམ་འཆར་དང་གྲོས་གཞི་ལ་ཉན་རྗེས། བསམ་འཆར200ལྷག་བསྡུས་ཤིང་། ཐེངས་མང་པོར་ཡང་དང་བསྐྱར་དུ་འཐུས་ཇེ་ཚང་དུ་བཏང་བ་མ་ཟད་ཀྲུང་གོ་ཡུལ་སྐོར་ཞིབ་འཇུག་གླིང་དང་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཡུལ་སྐོར་ཆེད་མཁས་པའི་འདྲི་རྟོག་ཨུ་ཡོན་ལྷན་ཁང་གི་འདྲི་རྟོག་རང་བཞིན་གྱི་ཞིབ་བཤེར་རྩིས་ལེན་བརྒྱུད་དེ། དེའི་བསམ་བློ་དང་རྩ་དོན། གཏན་གནས། དམིགས་འབེན་བཅས་རྒྱལ་ཁབ་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་མཚོ་སྔོན་གྱི་དོན་དངོས་དང་མཐུན་པས་སྤྱིའི་སྒྲིག་བཀོད་ཚན་རིག་དང་མཐུན། འགན་འཁྲི་གཙོ་བོ་དང་བྱེད་ཐབས་ལ་སྐྱེ་ཁམས་སྲུང་སྐྱོང་དང་སྐྱེ་ཁམས་ཞབས་ཞུ། ཐོན་ཁུངས་ཁ་ཕྱོགས། ཡུལ་སྐོར་འཕེལ་རྒྱས། རིག་གནས་སྔོག་འདོན། ཐོན་རྫས་མ་ལག། ཞབས་ཞུའི་མ་ལག་བཅས་དང་ཟུང་འབྲེལ་གང་ལེགས་བྱེད་པའི་རྩ་དོན་མངོན་པས། གསར་གཏོད་རང་བཞིན་དང་སྤྱོད་བཀོལ་རང་བཞིན་ཅུང་ཆེ།

དཔྱད་འཇོག་ཚོགས་ཆུང་གི་ཆེད་མཁས་པས་ནན་གྱིས་བསྟན་དོན།“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གནས་ཚུལ་གྱི་གནས་འཁེལ་སྣེ་ཁྲིད་བྱེད་པ་དང་སྐྱེ་ཁམས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས། སྲུང་སྐྱོང་དང་འཕེལ་རྒྱས། བེད་སྤྱོད། ཞབས་ཞུ་སོགས་ཀྱི་ལས་དོན་ལེགས་པོར་སྒྲུབ་པ་དང་ཡུལ་སྐོར་ཐོན་ཁུངས་ལུགས་མཐུན་ངང་བེད་སྐྱོད་ལེགས་པོ་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཟུང་འབྲེལ་ལས་དོན་མངོན་འགྱུར་འབྱུང་དགོས། མངའ་ཁོངས་སོ་སོའི་རང་བྱུང་གི་བར་ཁྱད་ལ་བསམ་བློ་ཞིབ་མོ་གཏོང་བ་དང་། ཞན་ཆ་དང་མི་འདང་སར་ཁ་གསབ་བྱེད་པར་དམིགས་ནས་ས་ཁུལ་དབྱེ་བ་དང་རིམ་པ་བགོས་ནས་སྤུས་ལེགས་དང་། སྣ་མང་ཅན། སྒེར་ཚིགས་ཅན་གྱི་ཡུལ་སྐོར་ཐོན་རྫས་གསར་སྐྲུན་བྱེད་དགོས། དུས་མཚུངས་སུ། ཆེད་མཁས་པས་སྒེར་འཁོར་སྐོར་བའི་ཞབས་ཞུའི་མ་ལག་དང་ཐོན་རྫས་མ་ལག དེ་མིན་འཐུས་སྒོ་ཚང་བའི་སྡེ་ཁག་ཟབ་ཞུགས་ཀྱི་སྒྲིག་སྲོལ་འཛུགས་པ། དམངས་འཚོ་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཕྱོགས་ནས་བཀོལ་སྤྱོད་རང་བཞིན་གྱི་བསམ་འཆར་བཏོན། །

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།