ཟླ6པའི་ཚེས22ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་ཚོང་ལས་དངུལ་གཏོང་གྲོས་མོལ་ཚོང་ཚོགས་སྐབས་ཉེར་དྲུག་པ་འཚོགས་ལ་ཉེ་བའི་སྐབས་འདིར། མཚོ་སྔོན་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་ཀྱི་འགྲེམས་ཁུལ་སོ་སོའི་འཛུགས་སྐྲུན་སྤྱི་ཆ་ནས་ལེགས་འགྲུབ་བྱུང་ཡོད་ལ། འགྲེམས་ཁུལ་གྱི་གཙང་སྦྲ་དང་འགྲེམས་སྟོན་དངོས་རྫས་ནང་འདྲེན་གྱི་བྱ་བ་མགྱོགས་མྱུར་ངང་སྒྲུབ་བཞིན་ཡོད། འགྲེམས་སྟོན་ཚོམས་ཆེན་བར་མ་དང་ཚོམས་ཆེན་ནུབ་མའི་ཆེད་བཟོས་འགྲེམས་སྟོན་བྱེད་གནས42དང་། ཚོམས་ཆེན་ཤར་མའི་ཆེད་བཟོས་བོད་གྲུམ་འགྲེམས་སྟོན་བྱེད་གནས་གཅིག ཚད་ལྡན་འགྲེམས་སྟོན་བྱེད་གནས182ཀྱི་འཛུགས་སྐྲུན་དང་འགྲེམས་གནས་ཀྱི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ཡོད།
ཐེངས་འདིའི་མཚོ་སྔོན་ཚོང་ཚོགས་སྟེང་། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རྩ་བའི་བླང་བྱ་ལག་བསྟར་བྱས་པ་དང་། གཏིང་ཟབ་པའི་སྒོ་ནས་འགྲེམས་སྟོན་ཚོམས་ཆེན་གྱི་ཇུས་འགོད་དང་འཛུགས་སྐྲུན། འགྲེམས་སྟོན་བཅས་ཀྱི་གོ་རིམ་ཧྲིལ་བོར་མཉམ་འདྲེས་བྱས་ཡོད། མཚོ་སྔོན་ཚོང་ཚོགས་དེ་མཚོ་སྔོན་གྱིས་སྒོ་འབྱེད་བྱེད་པའི་སྤྱི་སྟེགས་གལ་ཆེན་ཞིག་ཡིན་པའི་ངེས་གནས་ཤེས་པར་བྱས་ཏེ། “སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས”ཀྱི་བརྗོད་གཞི་ལ་དམ་པོར་དམིགས་ནས། ཞིབ་ཚགས་ཀྱིས་འགྲེམས་སྟོན་དང་འཛུགས་སྐྲུན་བྱེད་པ་དང་། ཁྱོན་ཡོངས་རང་བཞིན་དང་ལངས་གཟུགས་རྣམ་པ་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱིས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་འཛུགས་སྐྲུན་ཐོན་ལས་ཀྱི་གནས་བཞི། ལྗང་མདོག་རྩིས་ནུས་ཀྱི་རྟེན་གཞི་བཅས་སྐྲུན་པར་འཐབ་ཇུས་བཀོད་སྒྲིག་བྱས་ཡོད་ལ། ཞིང་ཆེན་ཡོངས་ཀྱི་ལྗང་མདོག་ཐཱན་ཉུང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་གྱི་རྨང་གཞི་སྲ་བརྟན། མཐོང་ཡངས་པའི་མདུན་ལྗོངས་དང་ཡིད་ཆེས་བཅས་གསོན་ཉམས་ལྡན་པའི་འགྲེམས་སྟོན་བྱས་ཡོད་པ་དང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་རྒྱུན་མཐུད་ངང་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་ལེའུ་འབད་པས་འབྲི་བའི་ཆབ་སྲིད་ཀྱི་ལས་འགན་དང་དངོས་སྒྲུབ་ཀྱི་བྱ་སྤྱོད་ཀྱང་མངོན་པར་བྱས་ཡོད།
འགྲེམས་སྟོན་ཁང་གིས་མཚོ་སྔོན་གྱི“ཆེན་པོ་བཞིའི”ངེས་གནས་དང“གལ་ཆེན་བཞིའི”འཐབ་ཇུས་ཀྱི་གོ་གནས་ལ་གཞི་བཙུགས་ནས། ཐོན་ལས་ཀྱི་འཕེལ་རྒྱས་དང་རྒྱལ་སྤྱིའི་འབྲེལ་འདྲེས། ས་ཁུལ་གྱི་མཉམ་ལས། ས་གནས་ཀྱི་ཁྱད་ཆོས། ཚོང་དོན་འཁོར་རྒྱུག་སོགས་སྣ་མང་འགྲེམས་སྟོན་ལ་བརྟེན་ནས། “སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས”ཀྱི་བརྗོད་གཞི་འབུར་དུ་ཐོན་པར་བྱས་ཡོད། དེ་དང་ཆབས་ཅིག འགྲེམས་སྟོན་ཁང་གིས“དུས་ཡུན་རིང་ཞིང་ཕྱོགས་ཡོངས་ཁེབས་པའི”འཛུགས་སྐྲུན་དོ་དམ་བྱ་བའི་བླང་བྱ་ལྟར། ཚོགས་འགྲེམས་པུའུ་དང་ཕྱོགས་གསུམ་པའི་ཞབས་ཞུའི་ལས་ཁུངས། ལྟ་སྐུལ་དོ་དམ་ཀུང་ཟི། ཚོགས་འགྲེམས་ལྟེ་གནས་བཅས་ཕྱོགས་བཞི་ཡིས་མཉམ་འགུལ་བྱས་ཏེ་ཡུལ་དངོས་དོ་དམ་གྱི་ཆེད་དོན་ཚོ་ཆུང་སྒྲིག་འཛུགས་བྱས། “འགྲེམས་སྟོན་ཁང་གི་ཆེད་མི་དང་འགན་གཙང་ལེན་པས་འགན་ཁུར་བ་དང་། ཉེན་རེར་བཀོད་སྒྲིག་བྱེད་པའི”བྱ་བའི་རྐྱེན་སྲོལ་བཙུགས་ནས། གོ་རིམ་ཧྲིལ་བོའི་དོ་དམ་ཚད་ལེན་འགན་འཁྲི་ནན་མོ་བྱས་ནས་འཛིན་པ་དང་། འཛུགས་སྐྲུན་བདེ་འཇགས་དང་ལས་ཕྱོད་མཐོ་བ། གོ་རིམ་ཡོད་པའི་ངང་སྐུལ་འདེད་བྱེད་པ་བཅས་ལ་ཁེག་ཐེག་བྱས། མེ་ཟོན་སྡེ་ཁག་དང་མཉམ་འབྲེལ་སྒོས་ཆེད་དོན་མེ་ཟོན་བདེ་འཇགས་ཀྱི་གསོ་སྦྱོང་དང་འཕྲལ་རྐྱེན་སྦྱོང་བརྡར་བྱས་ཏེ་དོ་དམ་དང་འཛུགས་སྐྲུན། བདེ་སྲུང་། གཙང་སྦྲ་སོགས་རིགས་སོ་སོའི་མི་སྣའི་མེ་ཟོན་འདུ་ཤེས་དང་འཕྲེལ་རྐྱེན་བཀོད་སྒྲིག་ནུས་པ་མཐོར་འདེགས་བཏང་། དེ་དང་ཆབས་ཅིག ཧུར་བརྩོན་སྒོས་མེ་ཟོན་སྡེ་ཁག་གིས་འགྲེམས་སྟོན་ཁང་གི་མེ་ཟོན་བདེ་འཇགས་སྐོར་ཞིབ་ལ་གཞོགས་འདེགས་བྱས་ནས། འཛུགས་སྐྲུན་ལས་ཁུངས་ཀྱིས་དུས་ཐོག་དུ་མངོན་མེད་རྐྱེན་ངན་ལེགས་བཅོས་བྱས་པ་དང་། བློ་སེསམས་བརྟན་པོས་བདེ་འཇགས་འགོག་སྲུང་ཐིག་བརྟན་སྲུང་བྱས་ཏེ། བདེ་འཇགས་དོན་རྐྱེན་མི་འབྱུང་བར་བྱས་ཡོད།