མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཁེ་ལས3744ལ་དུས་རིམ་རང་བཞིན་གྱི་ལས་རྨས་ལས་ཤོར་འགན་སྲུང་གྲོན་དངུལ་གྱི་གྲོན་དངུལ་སྒོར་ཁྲི་4603ཇེ་ཉུང་དུ་བཏང་བ་དང་།ལས་ཤོར་འགན་སྲུང་གྲོན་དངུལ་གྱི་ཚད་གཞི་ཟླ་རེར་སྒོར1872བར་ཇེ་མཐོར་བཏང་བ་དང་། དཀའ་ངལ་ཡོད་པའི་མང་ཚོགས4164ལ་གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་སྲུང་གྲོན་དངུལ་སྒོར་ཁྲི73.6ཚབ་འཇལ་བྱས་ཡོད།འདི་ལོ་ནས་བཟུང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་མང་ཚོགས་ཀྱི་དགོས་མཁོ་ཁྲིད་སྟོན་དུ་བཟུང་སྟེ།ལམ་ལུགས་སྒྱུར་བཅོས་དང་། འགན་སྲུང་ནང་ཞུགས་པའི་ཁྱབ་ཁོངས་རྒྱ་སྐྱེད། ཐོབ་ཐང་འགན་སྲུང་སོགས་ཁྱབ་ཁོངས་སུ་མུ་མཐུད་དུ་དངོས་སྒྲུབ་བྱེད་ཐབས་རབ་དང་རིམ་པ་བཏོན་ཏེ། སྤྱི་ཚོགས་འགན་སྲུང་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ།སྲིད་ཇུས་ཀྱི་ཁེ་སྤོགས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་པ་རེད།
མཚོ་ནུབ་ཁུལ་གྱིས་རིམ་བཞིན་ལས་འཁྱུར་ནར་འགྱངས་བྱེད་པའི་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། ལས་འཁྱུར་ཞིབ་བཤེར་ཆོག་མཆན་འགོད་པའི་བརྒྱུད་རིམ་ཚད་ལྡན་དུ་བཏང་བ་དང་། རྒན་གསོའི་འགན་སྲུང་རྒྱལ་ཡོངས་ཀྱི་གཅིག་གྱུར་འཆར་འགོད་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་མ་ཟད། རིམ་པ་མང་བའི་རྒན་གསོའི་འགན་སྲུང་མ་ལག་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཐོབ་ཐང་བརྟན་བརླིང་ངང་སྦྲེལ་མཐུད་ཐུབ་པའི་འགན་སྲུང་བྱས། ལས་ཤོར་འགན་སྲུང་་གྱི་ནུས་པ་འདོན་སྤེལ་བྱས་ཏེ“གྲོན་དངུལ་ཇེ་དམའ་རུ་གཏོང་བ་དང་ལས་གནས་སྲ་བརྟན་དུ་གཏོང་བ། ལག་རྩལ་མཐོར་འདེགས་གཏོང་བ། ལས་གནས་རྒྱ་སྐྱེད་གཏོང་བའི”སྡེབ་སྒྲིག་ཁུ་ཚུར་སྤྱད་དེ་དུས་རིམ་རང་བཞིན་གྱི་ལས་རྨས་ལས་ཤོར་འགན་སྲུང་་གྱི་གྲོན་དངུལ་ཚད་ཇེ་དམའ་རུ་བཏང་སྟེ། ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་ལས་གནས་རྒྱ་སྐྱེད་ཀྱི་ཁ་གསབ་སྤྲོད་པ། རྩལ་ནུས་མཐོར་འདེགས་ཀྱི་ཁ་གསབ་ལ་“ཞིབ་བཤེར་མི་དགོས་པར་ལོངས་སུ་སྤྱོད་པ་”ཁྱབ་སྤེལ་གཏོང་དགོས། མིག་སྔར།ཁེ་ལས14ལ་ཐེངས་གཅིག་ལས་གནས་ཆེ་རུ་གཏོང་བའི་ཁ་གསབ་སྒོར་ཁྲི21.75སྤྲད་པས། ལས་བཟོ་པ145ལ་ཕན་པ་ཐོབ་པ་དང་། ལས་བཟོ་པ497ལ་རྩལ་ནུས་ཇེ་མཐོར་གཏོང་བའི་ཁ་གསབ་སྒོར་ཁྲི་92.55སྤྲད་ཡོད།
དེ་དང་ཆབས་ཅིག་གཞི་གྲངས་ཆེན་པོ་སྤྱད་དེ“འགན་སྲུང་འཛོལ་བའི”དང་“འགན་སྲུང་ཆད་པའི”མི་སྣ་གནད་ལ་འཁེལ་བའི་སྒོ་ནས་འཚོལ་ཞིབ་བྱས་ཏེ།སྟབས་བསྟུན་ལས་ཞུགས་དང་ལས་རིགས་གསར་པའི་ལས་གཉེར་བྱེད་མཁན་འགན་སྲུང་་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་པ། དཀའ་ངལ་ཡོད་པའི་ཚོགས་སྤྱིར་དམིགས་ཏེ་འགུལ་རྣམ་གྲངས་གཞི་བརྗེ་རེས་ལམ་སྲོལ་བཙུགས་ནས“གཅིག་གསར་དུ་བསྣན་ནས་གཅིག་འགན་སྲུང་བྱེད་དགོས”ཞེས་བཤད། མིག་སྔར་ཁུལ་ཡོངས་ཀྱི་ཁེ་ལས་ཀྱི་ལས་བཟོ་པའི་རྒན་གསོ་དང་། ལས་རྨས་འགན་སྲུང་་འགན་སྲུང་ནང་ཞུགས་མཁན་མི་གྲངས་ཚང་མ་ལོ་འཁོར་གྱི་དམིགས་ཚད་ཚད་ལས་བརྒལ་བའམ་ཡང་ན་གྲངས་འབོར་ཆ་ཚང་ལེགས་འགྲུབ་བྱུང་བ་དང་། གསར་དུ་ལས་འགོ་བཙུགས་པའི་ལས་གཞིའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་རྨས་འགན་སྲུང་ནང་ཞུགས་ཚད100%ཟིན་ཡོད།
རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ལས་སྟེགས་ལ་བརྟེན་ནས། མཚོ་ནུབ་ཁུལ་གྱིས་མི་ཤུགས་དང་སྤྱི་ཚོགས་ཀྱི་ཞབས་ཞུའི་དོན་ཚན191གཅིག་གྱུར་ཚད་ལྡན་དུ་བཏང་བ་དང་།“རྒྱུ་ཆ་ཇེ་ཉུང་དུ་བཏང་བ་དང་དུས་བཀག་ཇེ་ཉུང་དུ་བཏང་བ་”ཤུགས་ཆེན་བྱས་ཏེ། རྙོག་འཛིང་ཆེ་བའི་དཔང་ཡིག་ཁག26མེད་པར་བཟོས་པས། རེ་ཞུའི་རྒྱུ་ཆ་བཅུ་ཆ་བདུན་ཁུ་བསྡུ་བྱས་པ་དང་བྱ་བ་སྒྲུབ་པའི་དུས་ཚོད་བཅུ་ཆ་དྲུག་ཇེ་ཐུང་དུ་བཏང་། དྲ་ཐོག་ཞབས་ཞུར་སྟབས་བདེ་རང་བཞིན་ལྡན་པས་དགའ་བསུ་ཆེན་པོ་ཐོབ་པ་དང་ད་ལོ་ཚུན་ལས་སྒོ་ཁྲི5.5བསྒྲུབས་ཡོད་པ་མ་ཟད།གདེང་འཇོག་བཟང་པོ་བསྟུད་མར་ཟླ་བ་ལྔ་རིང100%རྒྱུན་འཁྱོངས་བྱས་ཡོད།