མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས23ཉིན། གསར་འགོད་པས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། འབྲིང་རིམ་ལས་རིགས་སློབ་མའི་ལས་ཞུགས་ཀྱི་དཀའ་གནད་ཐག་གཅོད་བྱ་ཆེད།ཁུལ་སློབ་གསོ་ཅུའུ་ཡིས་མི་ཤུགས་སྤྱི་ཚོགས་དང་འཕྲིན་གཏོང་སོགས་ལས་ཁུངས་དང་མཉམ་འབྲེལ་ཐོག་སློབ་གྲྭ་དང་ཁེ་ལས་མཉམ་ལས་སྟེགས་བུ་ཧུར་ཐག་བཙུགས་ནས་སློབ་གྲྭ་དང་ཁེ་ལས་ཕྱོགས་ཡོངས་མཉམ་ལས་ཁེ་ཕན་མཉམ་རྒྱལ་གྱི་“འཕེལ་རྒྱས་ཐུན་མོང་སྒྲིག་གཞི”བསྐྲུན་ནས་ཁུལ་ནང་གི་འབྲིང་རིམ་ལས་རིགས་སློབ་མའི་ལས་ཞུགས་ལ་ཐབས་ལམ་གསར་པ་བཏོད་ཡོད་པ་རེད། མིག་སྔའི་བར་མཉམ་ལས་ཐོག་མངགས་ཐོ་རྣམ་པའི་སློབ་མ་30ཙམ་གསོ་སྐྱོང་བྱས།
ཁུལ་སློབ་གསོ་ཅུའུ་དང་མིའི་ཐོན་ཁུངས་དང་སྤྱི་ཚོགས།འཕྲིན་གཏོང་སྡེ་ཚན་བཅས་ཀྱིས་མཉམ་དུ་“ཡུལ་ཤུལ་ཁུལ་ས་གནས་དེ་གའི་འཕྲིན་གཏོང་ཤེས་ལྡན་མི་སྣ་མངགས་ཐོ་རྣམ་པའི་གསོ་སྐྱོང་བཞུགས་མོལ་ཚོགས་འདུ”སྒྲིག་འཛུགས་བྱས་ནས། ཀྲུང་གོ་ལྕགས་མཆོད་རྟེན་མ་རྐང་ཚད་ཡོད་ཀུང་སིའི་ཡུལ་ཤུལ་ཡན་ལག་ཀུང་སི་དང་།ཀྲུང་གོ་གློག་འཕྲིན་ཡུལ་ཤུལ་ཡན་ལག་ཀུང་སི། ཀྲུང་གོ་སྒུལ་བདེའི་ཡུལ་ཤུལ་ཡན་ལག་ཀུང་སི། ཀྲུང་གོ་སྦྲེལ་མཐུད་ཡུལ་ཤུལ་ཡན་ལག་ཀུང་སི་བཅས་འཕྲིན་གཏོང་ཁེ་ལས་བཞི་སྒྲིག་འཛུགས་བྱས་ནས་ཁུལ་ལས་རིགས་སློབ་གྲྭར་གཏིང་ཟབ་ཏུ་ཕྱིན་ནས་ས་གནས་ས་ཐོག་བརྟག་ཞིབ་བྱས་པ་དང་།སློབ་གྲྭ་དང་ཁེ་ལས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་དང་འཕྲིན་གཏོང་ཆེད་ལས་འཛུགས་སྐྲུན་སོགས་ཀྱི་ནང་དོན་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས། ད་ལོའི་ཟླ་ལྔ་པར་ཡུལ་ཤུལ་ཁུལ་ལས་རིགས་སློབ་གྲྭ་དང་འཕྲིན་གཏོང་ཁེ་ལས་བཞི་དབར་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་དངོས་སུ་བཞག ཕྱོགས་གཉིས་པོས་སློབ་ཚན་ཐུན་མོང་འཛུགས་སྐྲུན་དང་།དགེ་རྒན་སྤོ་རྒྱུར།དངོས་སྦྱོང་དངོས་སྦྱོང་མཉམ་ལས་སོགས་ཀྱི་བྱ་ཐབས་བརྒྱུད་ཁུལ་ལས་རིགས་སློབ་གྲྭའི་འཕྲིན་གཏོང་ཆེད་ལས་འཛུགས་སྐྲུན་གྱི་སྤུས་ཚད་ཇེ་མཐོར་བཏང་ནས་ཁེ་ལས་ཀྱི་དགོས་མཁོ་དང་མཐུན་པའི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུའི་འགན་ལེན་བྱ་རྒྱུ་རེད། དེ་དང་ཆབས་ཅིག་འཕྲིན་གཏོང་ཁེ་ལས་བཞིས་“མངག་ཐོ་རྣམ་པའི”ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ནས་ལས་ཞུགས་ཞབས་ཞུར་ཤུགས་སྣོན་རྒྱག་རྒྱུ་མ་ཟད་ད་དུང་ཁུལ་ལས་རིགས་སློབ་གྲྭ་དང་ཐོན་སློབ་ཞིབ་འཇུག་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱས་ཏེ་ཐུན་མོང་ཐོག་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཞིབ་འཇུག་བྱ་གཞིའི་ཞིབ་འཇུག ཚན་རིག་ཞིབ་འཇུག་རྣམ་གྲངས་མཉམ་འབྲེལ་ཐོག་རེ་ཞུ་བྱས་ནས་ཚན་རིག་ཞིབ་འཇུག་གྲུབ་འབྲས་བསྒྱུར་སྤྱོད་ལ་སྐུལ་འདེད་གཏོང་བ། ཐོན་སློབ་ཞིབ་འཇུག་མཉམ་ལས་རྟེན་གཞི་མཉམ་དུ་བསྐྲུན་ནས་སློབ་མའི་ལག་ལེན་དང་། དགེ་རྒན་གྱི་ཞིབ་འཇུགཁེ་ལས་ཀྱི་ལག་རྩལ་གསར་གཏོད་བཅས་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་རྒྱུ་རེད། ཐེངས་འདིའི་མཉམ་ལས་བྱས་པ་བརྒྱུར“ཁེ་ལས་ཀྱིས་མངགས་ཐོ་སྤྲོད་པ་དང་། སློབ་གྲྭས་གསོ་སྐྱོང་དམ་འཛིན་བྱེད་པ། སློབ་མ་ལས་ཞུགས་ཐུབ་པ་བཅས་ཀྱི་ཕྱོགས་གསུམ་ཐུན་མོང་ཁེ་ཕན་མཉམ་ལས་འཕེལ་རྒྱས་ཀྱི་ཐུན་མོང་ཚོགས་པ་བདེ་བླག་ངང་བཙུགས་པ་དང་།“སྲིད་གཞུང་གིས་སྟེགས་བུ་འཛུགས་པ་དང་། སློབ་གྲྭ་དང་ཁེ་ལས་ཀྱིས་ཟློས་གར་འཁྲབ་པའི”ལས་ཞུགས་ལས་དོན་གྱི་རྣམ་པ་གསར་པ་ནུས་ལྡན་ངང་ཆགས།