ཟླ6པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མཚོ་ཤར་གྲོང་ཁྱེར་དང་ཟི་ལིང་གྲོང་ཁྱེར་དུ་རྣམ་གྲངས་འགངས་ཆེན་གྱི་འཛུགས་སྐྲུན་དང་ཁེ་ལས་གཙོ་བོའི་འཁོར་སྐྱོད་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་བློ་ཐག་རྦད་ཆོད་ཀྱིས་ལག་བསྟར་བྱེད་པ། ད་ལྟ་སྤེལ་བཞིན་པའི་སློབ་སྦྱོང་སློབ་གསོའི་ལས་དོན་དང་ཟུང་འབྲེལ་བྱས་ནས། ཆོད་སེམས་བརྟན་པོ་དང་དམ་པ་དོན་གཉེར། གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་པ། འཁོར་སྐྱོད་འགན་སྲུང་ལ་ཤུགས་སྣོན་པ། ལས་ཞུགས་བརྟན་འཇགས་དང་ཁེ་ལས་བརྟན་འཇགས། ཁྲོམ་ར་བརྟན་འཇགས། སྔོན་དཔག་བརྟན་འཇགས་བཅས་ལ་ནུས་ཤུགས་ཡོད་རྒུས་ཤུགས་བསྣན་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བརྟན་འཇགས་ཁྲོད་ནས་མུ་མཐུད་དུ་གོང་འཕེལ་འབྱུང་བར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་ཧུར་ཐག་གིས་བཏོད་དགོས།
ཟི་ལིང་གནམ་གྲུ་ཐང་གི་དུས་རིམ་གསུམ་པའི་རྒྱ་བསྐྱེད་འཛུགས་སྐྲུན་གྱི་བཟོ་སྐྲུན་རྣམ་གྲངས་ལས་གསར་དུ་སྐྲུན་པའིT3མཁའ་འགྲུལ་ས་ཚིགས་སུ་ཐོན་རྗེས། ལུའོ་ཏུང་ཁྲོན་མཁའ་འགྲུལ་ཚོམས་ཆེན་དང་བདེ་འཇགས་ཞིབ་བཤེར་ཆུས། གསར་དུ་སྐྲུན་པའི་ལངས་གནས་བཅས་སུ་རྣམ་གྲངས་ཀྱི་སྤེལ་རིམ་དང་སྒྲིག་ཆས་བཀོད་སྒྲིག བདེ་འཇགས་ཐོན་སྐྱེད་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་ནས་རྒྱུས་ལོན་བྱས། ཁོང་གིས་ནན་གྱིས་བསྟན་དོན། ཟི་ལིང་གནམ་གྲུ་ཐང་གི་དུས་རིམ་གསུམ་པའི་རྒྱ་བསྐྱེད་འཛུགས་སྐྲུན་གྱི་བཟོ་སྐྲུན་རྣམ་གྲངས་ནི་མཚོ་སྔོན་མཁའ་འགྲུལ་གྱི“བཟོ་སྐྲུན་ཆེ་ཤོས”དེ་ཡིན་ལ། རང་རེའི་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ནང་རང་འགུལ་ངང་ཞུགས་པའི་བྱེད་ཐབས་གལ་ཆེན་དེའང་ཡིན་པས། རྒྱལ་སྤྱིའི་ཡང་རྩེའི་ཚད་གཞིར་བཟུང་ནས་ས་མཐོའི་ཁྱད་ཆོས་འབུར་དུ་བཏོད་པ་དང་སྡེ་ཁག་བར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་པ། གྲུབ་ཆ་འགན་སྲུང་ལ་ཤུགས་བསྣན་ཏེ་སྤུས་ཚད་དང་བདེ་འཇགས་ལ་ཁག་ཐེག་བྱེད་པའི་སྔོན་འགྲོའི་འོག་དངུལ་གཏོང་འཁོར་སྐྱོད་སྔོན་གྱི་གྲ་སྒྲིག་ལས་དོན་སྔར་བས་དོན་དངོས་དང་ཞིབ་ཚགས་ངང་སྒྲུབ་པ་དང་། “བདེ་འཇགས་དང་། ལྗང་མདོག རིག་ནུས། དཔལ་ཡོན”བཅས་དེང་རབས་ཅན་གྱི་གནམ་གྲུ་ཐང་ཞིབ་ཚགས་ངང་གསར་སྐྲུན་བྱེད་དགོས། ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་མགྱོགས་མྱུར་ངང་འཐུས་ཇེ་ཚང་དུ་གཏོང་བ་དང་འཁོར་སྐྱོད་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། ཞིབ་ཚགས་རང་བཞིན་གྱི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། མཚོ་སྔོན་གྱི་རིག་གནས་གྲུབ་ཆ་ནང་བསྲེས་བར་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་མཚོན་པ། གནམ་ཐང་གསར་བ་དེ་རབ་མཛེས་མཚོ་སྔོན་ངོམ་པའི་སྒེའུ་ཁུང་དུ་ཧུར་ཐག་གིས་མཚོན་པར་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འབྱུང་བར་ནུས་ལྡན་གྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས།
མཚོ་སྔོན་ནའོ་ཏི་རྒྱུ་ཆ་གསར་བའི་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཀྲུང་ལིས་འོད་སྐུད་ལག་རྩལ་ཚད་ཡོད་ཀུང་ཟི་རུ། ལུའོ་ཏུང་ཁྲོན་ཐོན་སྐྱེད་འཁོར་ཁང་དུ་སོང་ནས། ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཁེ་ལས་ཀྱི་ཞུ་གཏུག་ལ་ཉན་ཞིང་། དཀའ་ཁག་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས། ཁོང་གིས་ནན་གྱིས་བསྟན་དོན། བཟོ་ལས་ནི་དཔལ་འབྱོར་འཕར་སྣོན་གྱི་གཙོ་གཞི་དང་སྒུལ་ཁྲིད་ཡིན་པས། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། བཅོས་བསྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ། ཐོན་ལས་ཀྱི་རྨང་གཞི་དང་ཁྱད་ཆོས་དགེ་མཚན་ལ་རྐང་འཛུགས་པ། སྲོག་ཤིང་ལག་རྩལ་གྱི་འགག་སྒྲོལ་སྔར་ལས་ཇེ་དྲག་ཏུ་གཏོང་བ། ཐོན་སྐྱེད་བཟོ་རྩལ་རྒྱུན་མ་ཆད་ལེགས་བསྒྱུར་བྱེད་པ། ཐོན་རྫས་ལེགས་བསྒྱུར་རིམ་སྤོར་བྱེད་པ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་བསྲེས་ཟབ་མོ་བྱས་ནས། ཁེ་ལས་འཕེལ་རྒྱས་སུ་གཏོང་དགོས། རྒྱང་ལྟ་རང་བཞིན་གྱི་བསམ་གཞིགས་ལ་ཤུགས་སྣོན་པ་དང་། མ་ལག་རང་བཞིན་ལྡན་པའི་སྒོ་ནས་ཇུས་འགོད་བྱེད་པ། ཐོན་ལས་ཕྲེང་འབྲེལ་གྱི་སྟོད་སྨད་རྒྱུད་ཀྱི་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐོན་ཁུངས་གྲོན་ཆུང་ལེགས་བསྡུས་དང་འཁོར་རྒྱུག་བེད་སྤྱོད་ཀྱི་ལས་ཆོད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་བ། ཁེ་ལས་དེང་རབས་ཅན་གྱི་དོ་དམ་ཆུ་ཚད་མཐོར་འདེགས་བཏང་སྟེ། ཐོན་ལས་མཐོ་རིམ་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་རྒྱུན་མཐུད་ངང་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་སྟེགས་བུ་འཛུགས་པ། ཞབས་ཞུ་ལེགས་བསྒྱུར་བྱས་ནས། ཁེ་ལས་འཕེལ་རྒྱས་སུ་གཏོང་ཆེད་ཁོར་ཡུག་སྔར་ལས་བཟང་བོ་བསྐྲུན་དགོས། །