མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཀྲུང་གོའི་སྤུས་ཚད་ལེ་དབར་ཁྲི་སྐྱོད་པའི་སྐུལ་སྤེལ་ལྷན་ཚོགས་དང་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་ཀྲུང་གོའི་སྤུས་ཚད་ལེ་དབར་ཁྲི་སྐྱོད་པའི་སྐབས་གསུམ་པ་སྟེ་མཚོ་སྔོན་སྤུས་ཚད་ཡུལ་སྐོར་གྱི་བྱེད་སྒོ་རབ་དང་རིམ་པ་ཟི་ལིང་དུ་འགོ་ཚུགས། བྱེད་སྒོའི་གཙོ་གནད་ནི་རྒྱལ་ཁབ་ཀྱི་སྤུས་ཚད་རྨང་གཞིའི་སྒྲིག་བཀོད་(NQI)མཐོ་སྒང་གི་འདུས་གྲུབ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱ་རྒྱུ་རེད།
གྲོས་བསྡུར་བྱེད་སྒོའི་ཁྲོད་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་རྒྱལ་ཁབ་ཀྱི་སྤུས་ཚད་རྨང་གཞིའི་སྒྲིག་བཀོད་(NQI)མཐོ་སྒང་གི་འདུས་གྲུབ་ཞབས་ཞུའི་མ་ལག་འཛུགས་སྐྱོང་གི་བསམ་ཕྱོགས་དང་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཁྱོན་ཡོངས་ནས་སྙན་སེང་ཞུ་རྒྱུ་ཡིན་པ་རེད། ཚོགས་འདུར་ཞུགས་པའི་རིགས་གཅིག་མཁས་ཅན་གྱིས་རང་ཉིད་ཀྱི་ཕུན་སུམ་ཚོགས་པའི་ལག་ལེན་ཉམས་མྱོང་དང་ཆེད་ལས་ཞིབ་འཇུག་གྲུབ་འབྲས་དང་ཟུང་འབྲེལ་བྱས་ཏེ།NQIམཐོ་སྒང་གི་འདུས་གྲུབ་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱ་དགོས“རྩ་བརྟག་བརྟག་བྱེད་པ”དང“ཐབས་བཟང་”བཏོན་པ་དང་མཐོ་སྒང་གི་སྤུས་ཚད་རྨང་གཞིའི་སྒྲིག་བཀོད་འདུས་གྲུབ་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱ་ཆེད་བསམ་ཕྱོགས་གསལ་པོ་དང་བྱ་ཐབས་དང་ཐབས་ལམ་ཁ་གསལ་བཟོས་ཡོད་པས་བློ་སྒོ་ཕྱེ་རྒྱུ་དང་དཔྱད་གཞིར་འཛིན་པའི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད། ཚོགས་འདུའི་ཐོག་མཚོ་སྔོན་ཞིང་ཆེན་གྱིས“ཁོར་ཡུག་མཐོ་གསུམ”ལ་གཞི་ཚུགས་ནས་ཐལ་དྲགས་པའི་རང་བྱུང་ཆ་རྐྱེན་དེ་སྤུས་ཚད་མཐོ་རུ་གཏོང་བའི་གསར་གཏོད་འགྱུར་ཚད་དུ་བསྒྱུར་ཏེ།རྒྱལ་ཁབ་ཀྱི་སྤུས་ཚད་རྨང་གཞིའི་སྒྲིག་བཀོད་མཐོ་སྒང་གི་འདུས་གྲུབ་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བསམ་བཀོད་བཏོན་པ་ནི《སྤུས་ཚད་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་གྱི་རྩ་འཛིན》ལག་བསྟར་དོན་འཁྱོལ་དང་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་ལ།“3Hམཐོ་སྒང་གི་དཔང་འཛིན”(ས་བབ་མཐོ་བ་དང་།སྨུག་ཕྱིའི་འོད་དྲག་པ།གྲང་དྲག་གི་ཁོར་ཡུག་དཔང་འཛིན)མ་ལག་འཚོལ་ཞིབ་འཛུགས་རྒྱུ་དེ་ནི་ཁོར་ཡུག་ཞན་ཆ་དེ་སྤུས་ཚད་ལེགས་ཆར་བསྒྱུར་བའི་དཔེ་མཚོན་གྱི་ལག་ལེན་ཞིག་ཡིན་པས་དངོས་ཡོད་ཀྱི་དོན་སྙིང་དང་གསར་གཏོད་རིན་ཐང་གལ་ཆེན་ལྡན་ཡོད།
ཞིང་ཆེན་གྱིས་མཐོ་སྒང་གི་སྤུས་ཚད་རྨང་གཞིའི་སྒྲིག་བཀོད་འདུས་གྲུབ་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཁོར་ཡུག་གི་སྤུས་ཚད་ལག་རྩལ་སྒྲིག་སྲོལ་གྱི་ཐབས་ཇུས་ཁུངས་མཐོ་ས་དང་།འཛམ་གླིང་རིམ་པའི་ཚྭ་མཚེའུ་ཐོན་ལས་སྤུས་ཚད་རྨང་གཞིའི་སྒྲིག་བཀོད་མཐོ་ས་དང་།ནུས་རྒྱུ་གཙང་མའི་སྤུས་ཚད་རྨང་གཞིའི་སྒྲིག་བཀོད་མཐོ་ས་དང་།མཐོ་སྒང་གི་སྒྲིག་ཆས་སྤུས་ཚད་རྨང་གཞིའི་སྒྲིག་བཀོད་མཐོ་ས་དང་སྐྱེ་ཁམས་ཐོན་རྫས་སྤུས་ཚད་རྨང་གཞིའི་སྒྲིག་བཀོད་མཐོ་ས་བཅས་མཐོ་ས་ཆེན་པོ་ལྔ་བསྐྲུན་ནས་མཐོ་སྒང་གི་ཐོན་ལས་ཕྱིར་བསྐྱོད་པར་རོགས་རམ་བྱེད་པ་དང་།རང་རྒྱལ་གྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་ལ་རྒྱབ་སྐྱོར་བྱེད་པ།གོ་ལ་ཧྲིལ་པོའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ།“ལྗང་མདོག་མཚོ་སྔོན་”སྐྲུན་རྒྱུ་རེད།