ད་ལོའི་ཚུན་ལ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དོན་འཁྱོལ་མཐར་ཕྱིན་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཆུ་བོ་དང་མཚེའུ་དོ་དམ་བྱ་བའི་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ།དངོས་གནས་ཆུ་བོ་དང་མཚེའུ་སྲུང་སྐྱོབ་བཅོས་སྐྱོང་གི་ཆབ་སྲིད་འདུ་ཤེས་དང་འགན་འཁྲིའི་ཁུར་པོ་ཇེ་བརྟན་དུ་བཏང་བ་དང་།སྣེ་མང་པོ་དང་མ་ལག་ཅན་གྱིས་ཆུ་དཔོན་ལམ་ལུགས་ཀྱི་བྱ་བར་སྐུལ་འདེད་བཏང་བ།ཆུའི་ཐོན་ཁུངས་སྲུང་སྐྱོབ་དང་།ཆུའི་སྦགས་བཙོག་འགོག་བཅོས། ཆུའི་ཁོར་ཡུག་ལེགས་བཅོས། ཆུའི་སྐྱེ་ཁམས་སླར་གསོ་སོགས་ལས་འགན་གཙོ་བོ་ནན་འཛིན་བྱས་པས།རྫོང་ཡོངས་ཀྱི་ཆུ་བོ་དང་མཚེའུ་ཡི་རྒྱུ་སྤུས་བརྟན་བརླིང་ངང་མཐོར་འདེགས་བྱུང་ཞིང་ཆུ་བོ་དང་མཚེའུ་རྣམ་པ་བསྟུད་མར་ཇེ་ལེགས་སུ་སོང་ནས་རིམ་པ་བཞིན་དུ་ཆུ་བོ་གཙང་མར་བཞུར་བ་དང་མཚེའུ་དྭངས་མོར་གནས་པ། འགྲམ་ངོགས་མཛེས་པར་གནས་པའི་རྣམ་པ་མངོན།
མགོ་ཁྲིད་རྩ་འཛུགས་བྱས་ཏེ་འགན་སྲུང་བྱས་ཤིང་གཅིག་འདོམས་བཀོད་སྒྲིག་བྱས་ཏེ་དོན་འཁྱོལ་བཟུང་བ། པདྨ་རྫོང་གིས་ཏང་ཀྲུང་དབྱང་གི་བདེ་སྐྱིད་ཆུ་བོ་མཚེའུ་སྐོར་གྱི་ཇུས་ཐག་བཀོད་སྒྲིག་དང་། ཞིང་ཆེན་དང་ཁུལ་གྱི་ཆུ་དཔོན་མཚོ་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ལག་ཏུ་བསྟར་བའི་སྐོར་གྱི་བྱ་བའི་བླང་བྱ་དུས་ཐོག་ཏུ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ། མཉམ་འབྲེལ་གྲོས་ཚོགས་དང་ལྟ་སྐུལ་ཞིབ་བཤེར། འགན་འཁྲི་བདའ་འདེད།ཁྲིམས་འཛིན་མཉམ་འགུལ་སོགས་ཀྱི་ལམ་ལུགས་ལག་བསྟར་ནན་ཏན་དང་།འགན་འཁུར་པ་དང་པོ་དང་འབྲེལ་གནས་འགན་འཁུར་པ་གསལ་བོར་བྱེད་པ། དོ་དམ་ལམ་ལུགས་ནས་མི་སྣ་ལས་རེས། རྐྱེན་ངམ་ཞིབ་བཤེར། བྲེལ་བསྟུན་འགན་སྲུང་སོགས་ཀྱི་ཕྱོགས་ནས་འགོག་སྲུང་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ།《སྔར་ལས་ཆུ་བོ་མཚེའུ་དོ་དམ་སྲུང་སྐྱོབ་བྱེད་པའི་བྱ་བར་ཤུགས་སྣོན་པའི་སྐོར་གྱི་ཐག་གཅོད》པར་འགྲེམ་བྱས་ནས་སྣེ་མང་པོ་དང་བྱེད་ཐབས་སྣ་མང་སྤྱད་དེ་ཆུ་བོ་སྲུང་སྐྱོབ་དང་ཆུ་བོ་དོ་དམ་བྱ་བ་བསྒྲུབས་ནས་རྫོང་ཡོངས་ཀྱི་ཆུ་དཔོན་མཚོ་དཔོན་ལམ་ལུགས་བྱ་བར་ཕན་འབྲས་ཐོན་དུ་བཅུག
གནད་དོན་བཅོས་སྐྱོང་ཐད་བྱེད་ཐབས་གོ་ཆོད་བཀོལ་ནས་ཆུ་བོ་མཚེའུ་དྭངས་གཙང་ལ་འགན་སྲུང་བྱས། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་ཆུང་གིས་ཚུར་ལྡོག་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ་དང་།ཆུ་གློག་ཆུང་གྲས་ཀྱི་གཙང་བཤེར་བཅོས་སྐྱོང་བྱ་བའི་ཚོགས་འདུ་ཐེངས8བསྡུས་པ། 《པདྨ་རྫོང་གི་ཆུ་གློག་ཆུང་གྲས་ཀྱི་གཙང་བཤེར་བཅོས་སྐྱོང་བྱ་བའི་ལག་བསྟར་ཇུས་གཞི》གཏན་འབེབས་འཐུས་ཚང་དུ་བཏང་ནས་རིན་ཆེན་སྒང་ཆུ་གློག་ས་ཚིགས་ཀྱི་གཙང་བཤེར་བཅོས་སྐྱོང་བྱ་བ་བདེ་བླག་ངང་ལེགས་འགྲུབ་བྱས་ཤིང་།མདོ་གོང་མ་ཆུ་གློག་ས་ཚིགས་བཅོས་སྐྱོང་བྱེད་བཞིན་པའི་སྒང་རེད།《པདྨ་རྫོང་གི2024ལོའི་ཁྲིམས་འགལ་ངང་ཆུ་ལེན་ཆུ་སྤྱོད་ཞིབ་བཤེར་བཅོས་སྐྱོང་བྱ་བའི་ཇུས་གཞི》པར་འགྲེམས་དང་། ཁྲིམས་འགལ་ངང་ཆུ་ལེན་ཆུ་སྤྱོད་ཞིབ་བཤེར་བཅོས་སྐྱོང་རྩ་འཛུགས་བྱས་ནས་གནད་དོན10བཅོས་སྐྱོང་ཡོངས་འགྲུབ་བྱས་ཏེ་རྫོང་ཡོངས་ཀྱི་ཆུ་ལེན་ཆུ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་།
ཆུ་བོ་བཞི་མཉམ་དུ་བཅོས་སྐྱོང་བྱེད་པ་གཙོ་གནད་དུ་བཟུང་ནས་གནད་འཁེལ་ཤུགས་འདོན་ལ་ཕན་འབྲས་ཐོན་པ། ཆུའི་ཐོན་ཁུངས་དོ་དམ་ཚོད་འཛིན་གྱི“དམར་ཐིག་གསུམ”ནན་ཏན་བྱས་ཏེ། དུས་ཐོག་ཏུ་ཆུ་སྤྱོད་བརྟག་དཔྱད་མ་ལག་གི་རེའུ་མིག་བྲིས་ནས་ཆུ་སྤྱོད་རྒྱུན་ལྡན་དུ་བཏང་ནས། ཁྲིམས་འགལ་གྱིས་ཆུ་ལེན་པའི་ཁྲིམས་འཛིན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་།ཆུ་བོ་དང་མཚེའུ“ཟང་ཟིང་བཞིའི་གཙང་སེལ”རྒྱུན་ལྡན་ཅན་དང་ཚད་ལྡན་ཅན་དུ་གཏོང་བར་གཏིང་ཟབ་ངང་སྐུལ་འདེད་གཏོང་བ་དང་།ཆུ་བོ་དང་མཚེའུ་ཡི་དོ་དམ་ཁྱབ་ཁོངས་ཀྱི་ཁྲིམས་འགལ་སྒྲིག་འགལ་གནད་དོན་ཕྱོགས་ཡོངས་ནས་ཞིབ་བཤེར་བཅོས་སྐྱོང་བྱེད་པ།ཁྲིམས་འགལ་གྱིས་ཆུ་ལེན་པ་དང་།གྲམ་པའི་བྱེ་མ་སྔོག་འདོན། ཆུ་བོ་དང་མཚེའུ་མཐའ་འཁོར་གྱི་ཁོར་ཡུག་གཙང་སྦྲ་ཞིབ་བཤེར་བཅོས་སྐྱོང་བཅས་ཀྱི་བྱ་བ་གཏིང་ཟབ་ངང་སྤེལ། རྫོང་ཡོངས་སུ་ཁྱོན་བསྡོམས་ཆུ་བོར་སྐོར་ཞིབ་མི་ཐེངས1588དང་། རྫོང་རིམ་པའི་མི་ཐེངས44། ཞང་དང་གྲོང་རྡལ་རིམ་པའི་མི་ཐེངས119། སྡེ་བ་རིམ་པའི་མི་ཐེངས359།གཞི་རིམ་ལྟ་སྲུང་མི་ཐེངས1066ལ་སླེབས་ཤིང་།ཁྱོན་བསྡོམས་གྲམ་པ12ཀྱི་གད་སྙིགས་ཏུན3.5གཙང་སེལ་བྱས་ཏེ་ཆུ་བོ་དང་མཚེའུ་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ནུས་ལྡན་བྱས།
དམངས་འཚོ་བཟོ་འགོད་ཀྱིས་མང་ཚོགས་ལ་ཕན་བཏགས་ཤིང་ཆུ་བེད་འཛུགས་སྐྲུན་བྱས་ནས་བདེ་འཇགས་འགན་སྲུང་བྱས་པ། དམངས་འཚོ་ཆུ་བེད་མགོ་ཚུགས་ས་བྱས་ཏེ། པདྨ་རྫོང་གིས2024ལོའི་རོང་འབྲོག་ཁུལ་གྱི་འཐུང་ཆུའི་བཟོ་འགོད་ཉམས་གསོ་བསྒྱུར་བཀོད་དང་།རྫོང་གི2024ལོའི་ཞིང་སྡེའི་འཐུང་ཆུའི་བཟོ་འགོད་མཐོར་འདེགས་ལེགས་བསྒྱུར་ལས་གཞི་ལེགས་འགྲུབ་བྱས་ཤིང་། རྫོང་ཡོངས་ཀྱི་ཆུ་དཔེ་ལྟ་ཞིབ་ཚད་ལེན་གྱི་ལས་འགན133ལེགས་འགྲུབ་བྱས་ནས་རྨ་ཆུའི་འབབ་རྒྱུད་ཀྱི་ཆུ་ལག་པདྨ་རྫོང་གི་རྨ་ཆུའི་འབབ་རྒྱུད་ཀྱི་ཆུ་ཁོངས་ཐོན་ཁུངས་རིག་ནུས་ཅན་གྱི་ལྟ་ཞིབ་ཚད་ལེན་ལས་གཞི་བཙུགས་པ་དང་། ཆུ་གྲོན་ཆུང་དང་ཆུ་ལོག་གི་གནོད་འཚེ། ཆུའི་ཐོན་ཁུངས་དོ་དམ་སོགས་གཙོ་གནད་བྱ་བ་ལེགས་འགྲུབ་བྱུང་ཡོད། རྫོང་མཁར་གྱི(གྲབས་གསོག1)ཆུ་ཁུངས2ཀྱི་ཆུ་སྤུས་ཞིབ་དཔྱད་ཚད་ལེན་བྱས་འབྲས་ཚང་མ་འཚོ་བའི་འཐུང་ཆུའི་ཆུ་སྤྱོད་འཕྲོད་བསྟེན་ཚད་གཞིར་སླེབས་པ་དང་། ཆུ་སྤུས་ཞིབ་དཔྱད་ཚད་ལེན་བྱས་འབྲས་ཚང་མ་རིགས་གཉིས་པ་ཡན་དུ་སླེབས་པས་རྫོང་ཡོངས་ཀྱི་མང་ཚོགས་ལ་ཆུ་བེད་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་བཅུག་པ་རེད།
དྲིལ་སྒྲོག་ཁྲིད་སྟོན་གྱི་ཁོར་ཡུག་བསྐྲུན་ནས་དམངས་ཡོངས་ཆུ་བོ་དང་མཚེའུ་སྲུང་སྐྱོབ་ནང་ཞུགས་སུ་བཅུག་པ། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་འཛིན་ལུང་བྱས་ཏེ།“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”པའི་འདུ་ཤེས་ལྟ་བ་དེ་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་ཏེ།རིམ་པ་མང་ཞིང་ལངས་གཟུགས་ཅན་གྱི་དྲིལ་སྒྲོག་ལ་བརྟེན་ནས། ཆུ་བོ་དང་མཚེའུ་སྲུང་སྐྱོབ་བྱེད་པའི་བརྩེ་བའི་ས་བོན་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་སུ་རྩད་པ་རྒྱས་ཤིང་མྱུ་གུ་འབུས་སུ་བཅུག “པདྨའི་མཉམ་འདྲེས་སྙན་སྦྱོར”འཕྲིན་སྟེགས་སྟེང་དུས་བཀག་ལྟར་ཆུ་བོ་དང་མཚེའུ་སྲུང་སྐྱོང་གི་བརྙན་ཁྱབ་སྤེལ་བྱས་པ་དང་། པར་མིག་ནང་གི་དྭངས་གསལ་གྱི་སྨར་ཁོག་ཆུ་བོ་དང་ཁྲུང་ཁྲུང་སྐེ་ནག་གི་གཟུགས་བརྙན་དེ་མི་རྣམས་སེམས་འགུལ་ཐེབས་པའི་སྐྱེ་ཁམས་བསྒྲགས་གཏམ་དུ་གྱུར་ཡོད།།