ཟི་ལིང་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་རྒྱུ་དང་འགན་སྲུང་བྱེད་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས10ཉིན་གསར་འགོད་པས་ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གསར་འགྱུར་གཞུང་ལས་ཁང་གིས་གཉེར་བའི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ཚུན་དུ་ཟི་ལིང་གྲོང་ཁྱེར་གྱིས་ཡུལ་སྐོར་རྒྱས་པའི་དུས་ཚིགས་ཀྱི་ཞབས་ཞུའི་འགན་ལེན་གྱི་གཙོ་གནད་ལས་འགན་ལ་དམིགས་ནས“ལྟེ་བའི་རིམ་པའི”ཞབས་ཞུའི་འདེགས་སྐྱོར་དམིགས་ཚད་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲོམ་རའི་དོ་དམ་དང་།མཉམ་འབྲེལ་བཅོས་སྒྲིག་།ཞབས་ཞུ་མཐོར་འདེགས་སོགས་ཀྱི་ལས་འགན་ལ་དམིགས་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་རྒྱུ་དང་འགན་སྲུང་བྱ་རྒྱུ་རེད།

ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཡུལ་སྐོར་ཞབས་ཞུའི་འགན་སྲུང་ལས་དོན་ལ་ཆེད་དོན་ཞིབ་འཇུག་བཀོད་སྒྲིག་བྱས་པ་དང་།《ཟི་ལིང་གྲོང་ཁྱེར་གྱི་2025ལོའི་ཡུལ་སྐོར་ཁྲོམ་རའི་ཆེད་དོན་བཅོས་སྐྱོང་ལས་དོན་ཇུས་གཞི》དང་《ཡུལ་སྐོར་མང་བའི་དུས་ཚིགས་ཁྲོམ་རའི་མཉམ་འབྲེལ་ཆེད་དོན་བཅོས་སྐྱོང་ལས་དོན་ཇུས་གཞི》གཏན་འབེབས་བྱས་ཏེ།“1+1+7”གྲོང་ཁྱེར་དང་ཁུལ་མཉམ་འགུལ་རྣམ་པ་གསར་གཏོད་དང་།ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་དང་མཉམ་འགུལ་གྱིས་མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་མཉམ་སྐྲུན་བྱས་ཏེ།གྲོང་ཁྱེར་རིམ་པའི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ཏེ།གྲོང་ཁྱེར་དང་ཁུལ་7དང་མཐུན་སྦྱོར་བྱས་ནས་འགྲིམ་འགྲུལ་བདེ་བླག་འགན་ལེན་དང་བདེ་འཇགས་ལྟ་སྐུལ་དོ་དམ་སོགས་གཙོ་གནད་ལས་འགན་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ།ཟི་ལིང་གྱི“སྙིང་པོ”རིམ་པའི་ནུས་པ་འབུར་དུ་ཐོན་ཡོད། ཞེ་ཁྲེང་གི་གྲངས་གཞི་ལས་མངོན་པར་གཞིགས་ན།ཟླ་5ཚུན་དུ“ཟི་ལིང་ཞག་སྡོད་དང་མཐའ་འཁོར་ཡུལ་སྐོར་”ཞེས་པའི་ཚ་སྒྲིག་མངག་ཉོ་བྱེད་ཚད་ཀྱིས་40%ཟིན་ནས་ཡུལ་སྐོར་པས་དམིགས་སའི་ཡུལ་ལ་ཁས་ལེན་བྱེད་ཚད་མུ་མཐུད་མཐོ་རུ་ཕྱིན་ཡོད་པ་རེད། ཞུ་གཏུག་ཡོད་ན་ངེས་པར་དུ་འཕྲལ་དུ་སྒྲུབ་དགོས་པའི་ལས་ཀའི་ལམ་སྲོལ་བེད་སྤྱོད་ཡག་པོ་བྱས་ཏེ།ཐད་སྦྲེལ་དྲ་12345སུ“ཐོན་ལས་ས་གནས་བཞི·རིག་གནས་ཡུལ་སྐོར་ཆེད་དོན་གདན་ཞུའུ”བཙུགས་པ་དང་ཞུ་གཏུག་ཐག་གཅོད་ཆེད་དོན་འཛིན་གྲྭ་བཙུགས་ཡོད། ཟླ་5པར་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཞུ་གཏུག་དུས་མཚུངས་ལས་10.9%ཆག་པ་དང་།ཞུ་གཏུག་ཐག་གཅོད་ཀྱི་ལས་ཆོད་30%ཇེ་མཐོར་སོང་།ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཞུ་གཏུག་ཐག་གཅོད་བྱེད་ཚད་100%རྒྱུན་འཁྱོངས་བྱས་པ།ཡུལ་སྐོར་བའི་རེ་འདུན་དང་ལེན་བྱེད་པའི་མྱུར་ཚད་དང་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་ཇེ་མཐོར་སོང་། “འབྱུང་ཁུངས་བཅོས་སྐྱོང་དང་དབྱེ་ཞིབ་ཞིབ་འཇུག་བརྡར་གཅོད་”དང་“གཅིག་གྱུར་བཀོད་གཏོང་+ལས་ཁུངས་མཉམ་སྦྲེལ”གྱི་ལས་ཀའི་ཁ་ཟུམ་ལམ་སྲོལ་བཙུགས་ནས་ཁོངས་མིའི་སྡེ་ཚན་ཁག་གིས་མཉམ་འགུལ་གྱིས་དྲིལ་སྒྲོག་རྫུན་མ་དང་ཁྲིམས་འགལ་གཉེར་སྐྱོང་སོགས་ཀྱི་ཟང་ཟིང་ལ་རྡུང་རྡེག་གཏོང་བའི་གཅིག་གྱུར་འཆར་འགོད་བྱས་ཡོད། “བཟའ་སྡོད་།འགྲུལ་འགྲོལ།ཉོ་སྒྲོལ”གྱི་རྒྱུ་རྐྱེན་གཙོ་བོ་ཡོངས་ཀྱི་འགན་སྲུང་ལ་དམིགས་ནས།ཞག་སྡོད་དང་།བཟའ་བཏུང་།འགྲུལ་འགྲོལ།ཉོ་སྒྲུབ་སོགས་ཁྱབ་ཁོངས་ཚུད་པའི《ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱི་དཔལ་ཡོན་ཞབས་ཞུའི་ཚད་གཞི》རྣམ་གྲངས་8གཏན་འབེབས་དང་ཁྱབ་བསྒྲགས་བྱས་ཏེ།ལས་རིགས་ཀྱི་ཞབས་ཞུའི་སྤུས་ཚད་ཚད་གཞི་སྔར་བས་ཁ་གསལ་བཟོས་ཡོད། ཡུལ་སྐོར་ཆ་འཕྲིན་ཞབས་ཞུ་ལག་བསྟར་དང་།འགྲིམ་འགྲུལ་སྒྲིག་སྲོལ་ལས་འགལ་ཕྲན་བུ་བཟོད་སྒོམ་ཐག་གཅོད་བྱེད་པ།དང་བླངས་ཞབས་ཞུའི་ས་ཚིགས་འཛུགས་པ།གུང་གསེང་སྐབས་རིན་མེད་རླངས་འཁོར་འཇོག་པ་སོགས་ཀྱི“ཟི་ལིང་ཡུལ་སྐོར་གྱི་སེམས་དྲོ་དང་དམངས་སྟབས་བདེ་བྱ་ཐབས”ཁག་12བཏོན། ཐོན་ཁུངས་ནུས་ལྡན་ངང་གཅིག་གྱུར་འཆར་འགོད་བྱས་ཏེ་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དང་།ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་སྐབས་གཉིས་པ།“མཚོ་སྔོན་རིམ་འདས་མཉམ་འགྲན་”སོགས་གཙོ་གནད་རིག་གནས་ཡུལ་སྐོར་བྱེད་སྒོ་ཁག་50ལྷག་ཙམ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས། ལས་ཞུགས་མི་སྣའི་ནུས་པ་གསོ་སྦྱོང་བྱས་ཏེ་ཞབས་ཞུའི་སྤུས་ཚད་ལ་དམིགས་ནས་ཡུལ་སྐོར་སྣེ་ཁྲིད་པ་དང་འགྲུལ་པ་དང་འབྲེལ་བ་ཡོད་པའི་སྐྱེལ་འདྲེན་ཁ་ལོ་བ་སོགས་མི830གསོ་སྦྱོང་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།