མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས“རྩལ་ནུས་ཀྱིས་མདུན་ལམ་གསལ་བའི”གསོ་སྦྱོང་བྱ་སྤྱོད་ལག་བསྟར་བྱ་རྒྱུ་སྣེ་ཁྲིད་དུ་བྱས་ཏེ་ལག་རྩལ་ཅན་དང་གསར་གཏོད་ཅན་གྱི་ངལ་རྩོལ་པའི་དཔུང་ཁག་སྐྱེད་སྲིང་མགྱོགས་སུ་བཏང་ཡོད། ད་ལོའི་ཟླ6པའི་ཚེས10ཉིན་བར་ཁུལ་ཡོངས་ནས་སྔོག་འདོན་འཕྲུལ་འཁོར་དང་།གློག་ཚ་ལའི་ལས་པ།ཁྱིམ་ལས་ཞབས་ཞུ་སོགས་ཀྱི་ལས་རིགས་རྩལ་ནུས་གསོ་སྦྱོང་མི་ཐེངས་2240སྤེལ་བ་དང་།ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལས་ཞུགས་སྤོ་སྒྱུར་མི་ཐེངས་ཁྲི་2.16ལ་ཁྱབ་འགྱེད་སྐུལ་ཁྲིད་བྱས་པ་དང་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་གསར་པ་མི་951ལེགས་འགྲུབ་བྱུང་།
མཚོ་བྱང་ཁུལས་ལས་ཞུགས་ལས་དོན་གྱི་མཉམ་འགུལ་མཐུན་སྦྱོར་ལམ་སྲོལ་ལ་བརྟེན་ནས“རྩལ་ནུས་གསོ་སྦྱོང་ལག་བསྟར”གྱི་ཡན་ལག་ལམ་སྲོལ་བཙུགས་ཏེ“ལས་གནས་དགོས་མཁོ་+རྩལ་ནུས་གསོ་སྦྱོང་+རྩལ་ནུས་གདེང་འཇོག་+ལས་ཞུགས་ཞབས་ཞུ”བཞི་གཞི་གཅིག་ཅན་གྱི་སྦྲེལ་ཐག་ཅན་གྱི་གསོ་སྦྱོང་བྱེད་སྟངས་ཧུར་ཐག་བཏོད་ཡོད། སྤྱི་པའི་ལས་ཞུགས་ཞབས་ཞུའི་སྒྲིག་གཞི་དང་།མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞི།ལས་ཞུགས་ཁེ་ལས་སོགས་གཞི་རྟེན་ལ་བརྟེན་ནས་འོག་ནས་གོང་ལ་ངལ་རྩོལ་པའི་གསོ་སྦྱོང་གི་འདོད་བློ་དང་ལས་རིགས་དང་ཁེ་ལས་ཀྱི་ལས་ཞུགས་དགོས་མཁོ་གསལ་པོ་ཤེས་ནས་གསོ་སྦྱོང་དང་ལས་ཞུགས་མཐུན་སྦྱོར་མཉམ་འགུལ་དང་གནད་ལ་འཁེལ་བའི་འབྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས། “མང་ཚོགས་ཀྱི་འདོད་བློ་དང་ཁྲོམ་རའི་དགོས་མཁོ”ལ་དམ་པོར་དམ་འཛིན་བྱས་ནས་ཁྱད་པར་ལྡན་པའི་གསོ་སྦྱོང་ལག་བསྟར་བྱས་ཏེ་ཡང་བའི་བཟོ་ལས་རིགས་དང་།འཕྲུལ་ཆས་ཞིག་གསོ་བཀོལ་སྤྱོད།“ལས་སྤེལ+”སོགས་ཀྱི་ལས་རིགས་གསོ་སྦྱོང་ཡོངས་སུ་ཁྱབ་ཐུབ་པ་བྱ་དགོས།
“ཅི་ཞིག་སྤྱོད་པ་དང་། ཅི་ཞིག་སྦྱོང་བའི”རྩ་དོན་གཞིར་བཟུང་གསོ་སྦྱོང་གྱི“དམིགས་སའི་རང་བཞིན་དང་།གནད་ལ་འཁེལ་བའི་རང་བཞིན།ཕན་འབྲས་དངོས་ཀྱི་རང་བཞིན”ཆེ་རུ་གཏོང་རྒྱུར་ཤུགས་ཆེན་གཏོང་དགོས། སློབ་ཚན་བཀོད་སྒྲིག་གྱིས“ལས་རིགས་རྩལ་ནུས+ཀུན་སྤྱོད་བྱང་ཚད།ལས་ཀ་འཚོལ་ནུས་པའི”ཕྱོགས་བསྡུས་རང་བཞིན་གྱི་གསོ་སྦྱོང་རྩ་གནད་ཁྱབ་སྤེལ་གཏོང་བ་དང་།སློབ་ཁྲིད་བྱེད་སྟངས“རིགས་པའི་གཞུང་ལུགས་དང་དངོས་སྤྱོད”ཀྱི་རྣམ་པའི་ཐོག་ནས་གསོ་སྦྱོང་སྤུས་ཚད་མཐོ་རུ་གཏོང་དགོས། དེ་དང་ཆབས་ཅིག་སྤྱི་ཚོགས་སྟོབས་ཤུགས་ཀྱིས་གཡོས་སྦྱོར་དང་།ཁྱིམ་ལས་ཞབས་ཞུ། སྔོག་འདོན་འཕྲུལ་འཁོར་སོགས་ཁྱབ་ཁོངས་ཀྱི་དམངས་གཉེར་ལས་རིགས་གསོ་སྦྱོང་སྒྲིག་གཞི་འཛུགས་རྒྱུར་སྐུལ་མ་གཏོང་དགོས། གསོ་སྦྱོང་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།གསོ་སྦྱོང་ལས་ཞུགས་ཕན་འབྲས་འདྲི་རྒྱུར་ཤུགས་སྣོན་རྒྱག་པ།མ་དངུལ་དོན་འཁྱོལ་རྗེས་འདེད་བཅས་བྱས་པས།མིག་སྔར་ལས་རིགས་རྩལ་ནུས་གསོ་སྦྱོང་ཁ་གསབ་མ་དངུལ་སྒོར་ཁྲི་171.51ལག་བསྟར་བྱས་ཡོད།