ཟླ5པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་རྟོག་ཞིབ་ཚོ་ཆུང་བཙུགས་ནས། “བརྟོལ་བའི་རྣམ་པ་ཅན”གྱི་རྟོག་ཞིབ་བྱེད་ཐབས་སྤྱད་དེ་རང་རེའི་ཞིང་ཆེན་གྱི་ཚན་རྩལ་ཁེ་ལས་སུ་ཆེད་དོན་རྟོག་ཞིབ་གནང་སྟེ། འབྲེལ་ཡོད་སྲིད་ཇུས་ལ་རྒྱུས་མངའ་དང་དངོས་འབེབས་བྱས་པའི་གནས་ཚུལ་རྒྱུས་ལོན་བྱས་ཤིང་བྱེད་ཐབས་བསམ་འཆར་བཏོན།
རྟོག་ཞིབ་ཚོ་ཆུང་གིས་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་དང་། མཚོ་སྔོན་ཀྲུང་ཧྲུའེ་ཧྲུའུ་དབྱི་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་སི་རུ་རྟོག་ཞིབ་ཞིབ་མོ་བྱས་ཏེ་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ལས་དོན་གྱི་ཁྱོན་ཡོངས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་ལ་གསན་ཅིང་། ཡུལ་དངོས་སུ་བསྐྱོད་དེ་ཚོད་ལྟ་ཁང་གཙོ་བོ་ཁ་ཤས་ཀྱིས་ཚན་རྩལ་གསར་གཏོད་དང་། གཞི་ཁྱོན་བར་མའི་ཚོད་ལྟའི་ལག་རྩལ་ར་སྤྲོད་དང་ཐོན་སྐྱེད་ཉེར་སྤྱོད་དུ་བསྒྱུར་བའི་གནས་ཚུལ་སོགས་ལ་རྟོག་ཞིབ་བྱས།
རྟོག་ཞིབ་ཚོ་ཆུང་གིས་ནན་གྱིས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོར་འདེགས་བཏང་ནས། ཁེ་ལས་ཀྱིས་ཚན་རྩལ་གཙོ་གཞིའི་གོ་གནས་ཀྱིས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ལ་དོན་སྙིང་གལ་ཆེན་ཡོད་པར་ངོས་འཛིན་གསལ་བོ་བྱས་ནས། ལྟ་སྐུལ་ལས་དོན་ཀྱི་འཇུག་ངོགས་དང་ཤུགས་འབབ་ས་གསལ་བོར་བཙལ་བ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཆད་ལྷག་ཅི་ཡང་མེད་པའི་སྒོ་ནས་དངོས་འབེབས་ཡོང་བར་ཁག་ཐེག་བྱེད་དགོས། སྔར་ལས་ལྷག་པར་ལྷུ་ཚིགས་གཙོ་བོ་དག་དམིགས་སུ་འཛིན་པ་དང་ཁེ་ལས་ཚན་རྩལ་གསར་གཏོད་ཀྱི་ཐབས་ཇུས་གསར་པའི་ཁྲོད་གཏིང་ཟབ་ཏུ་ཞུགས་ནས་ཁེ་ལས་ཀྱིས་གསར་གཏོད་ཐད་ཀྱི་དངུལ་གཏོང་ཆེར་སྐྱེད་དང་ཁེ་ལས་ཀྱི་ཚན་ཞིབ་རྩ་འཛུགས་ལ་ཤུགས་སྣོན། ཁེ་ལས་ཀྱི་ཚན་རྩལ་གྲུབ་འབྲས་དངོས་བསྒྱུར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་བཅས་མཉམ་སྦྱོར་བྱེད་སྲོལ་འཐུས་ཚང་དུ་བཏང་ནས། སྲིད་གཞུང་འབྲེལ་ཡོད་སྡེ་ཁག་གི་མཐུན་སྦྱོར་བརྗེ་རེས་ལ་ཤུགས་བསྣན་ནས་ཚན་རྩལ་དང་ཐོན་ལས། ནོར་སྲིད། ཁྲལ་བསྡུ། འཇོན་མི། དངུལ་རྩ་སོགས་སྲིད་ཇུས་ཀྱི་འབྲེལ་མཐུད་དོན་ལྡན་དང་མཉམ་སྦྱོར་ནུས་ལྡན་ལ་སྐུལ་འདེད་བཏང་སྟེ་མ་ལག་གཅིག་འདུས་ཀྱི་མཉམ་ཤུགས་ལ་བརྟེན་ནས་ཁེ་ལས་ལ་གསར་གཏོད་ཀྱི་ནུས་སྟོབས་སྦྱིན་པའི་ཁོར་ཡུག་བཟང་པོ་བསྐྲུན་པ་དང་སྤྱི་ཚོགས་ཡོངས་ཀྱིས་གསར་གཏོད་ལ་མཉམ་འཇོག་དང་གསར་གཏོད་ལ་རྒྱབ་སྐྱོར། གསར་གཏོད་ལ་མཉམ་ཞུགས་བྱེད་པའི་ངེས་ཤེས་གཅིག་ཏུ་བསྡུས་ཏེ། རང་རེའི་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་མཐོ་ས་དང་ཐོན་ལས“གནས་བཞི”འཛུགས་སྐྲུན་བྱེད་པར་དམངས་ཆེན་གྱི་ནུས་ཤུགས་འབུལ་དགོས། །