མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5པའི་ཚེས29ཉིན་ནས་ཚེས30ཉིན་བར་ཞིང་ཆེན་སྲིད་གྲོས་ཀྱིས་ཞིང་ཆེན་སྲིད་གྲོས་ཨུ་ཡོན་ཁག་ཅིག་དང་། དམངས་གཙོའི་ཏང་ཤོག་ཞིང་ཆེན་ཨུ་ལྷན་གྱི་འབྲེལ་ཡོད་བློ་མཐུན་དང་དེ་བཞིན་འབྲེལ་ཡོད་ཆེད་མཁས་པ་སོགས་སྒྲིག་འཛུགས་བྱས་ཏེ་མཚོ་སྔོན་སློབ་ཆེན་དང་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་མཐོ་སྒང་གི་སྐྱེ་དངོས་ཞིབ་འཇུག་སུའོ་དུ“ཚན་རྩལ་གྲུབ་འབྲས་གཞན་བསྒྱུར་ཇེ་མགྱོགས་སུ་གཏོང་རྒྱུའི”ཞིབ་འཇུག་བྱ་གཞིར་དམིགས་ནས“མཐིལ་རྟོགས”རྣམ་པའི་བརྟག་དཔྱད་ཞིབ་འཇུག་བྱས།
བརྟག་དཔྱད་ཞིབ་འཇུག་ཚོ་ཆུང་གིས་མཚོ་སྔོན་སློབ་ཆེན་དང་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་མཐོ་སྒང་གི་སྐྱེ་དངོས་ཞིབ་འཇུག་སུའོ་རུ་མཐོ་རིམ་སློབ་གྲྭ་དང་། འབྲེལ་ཡོད་ཐིང་ཅུའུ། ཚན་རིག་ཞིབ་འཇུག་ལས་ཁུངས་བཅས་ཀྱི་འགན་འཁུར་མཁན་གྱི་བྱ་བའི་གནས་ཚུལ་ངོ་སྤྲོད་ཉན་པ་མ་ཟད།ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གྲུབ་འབྲས་གཞན་བསྒྱུར་གྱི་འབྲེལ་ཡོད་ཡིག་ཆ་དང་སྲིད་ཇུས་ལག་བསྟར་དོན་འཁྱོལ་དང་། ས་ཁུལ་དགོས(ལས་ཁུངས)ལ་འཕྲད་པའི་དཀའ་ངལ་དང་བསམ་འཆར་གྲོས་གཞི་སོགས་ཐད་སྤེལ་རེས་དང་གྲོས་སྡུར་གཏིང་ཟབ་བྱས་ཏེ་ངོས་འཛིན་དང་། ད་ལྟའི་གནས་ཚུལ་གླེང་བ། གནད་དོན་བཀོད་པ། རྒྱུ་རྐྱེན་འཚོལ་བ། བྱེད་ཐབས་གླེང་བ། དེ་དང་ཆབས་ཅིག་ཚན་རྩལ་གྲུབ་འབྲས་གཞན་བསྒྱུར་གསར་གཏོད་དང་སྲིད་ཇུས་ཆེད་དོན་གཉིས་ཀྱི་བརྟག་དཔྱད་འདྲི་ཤོག་འགྲེམས་སྤེལ་བྱས་ཏེ་ཚན་རྩལ་གྲུབ་འབྲས་གཞན་བསྒྱུར་གྱི་བརྒྱུད་རིམ་ཁྲོད་ཀྱི་འཇུར་མིག་གནད་དོན་གནད་ལ་འཁེལ་བའི་སྒོ་ནས་“རྩ་འཛིན”གང་ཐུབ་བྱ་རྒྱུ་རེད།
བརྟག་དཔྱད་ཞིབ་འཇུག་ཚོ་ཆུང་གིས་ཚན་རྩལ་གྲུབ་འབྲས་གཞན་བསྒྱུར་ནི་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་ཡར་ཐོན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་ལ། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་འགག་རྩའི་གོ་རིམ་ཤིག་ཀྱང་ཡིན། འབྲེལ་ཡོད་ལས་ཁུངས་ཁག་གིས་ཐེངས་འདིའི་བརྟག་ཞིབ་གོ་སྐབས་སུ་བརྩིས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་བྱས་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་ལག་བསྟར་བྱས་ཏེ། ཚན་རྩལ་གྲུབ་འབྲས་མཁོ་སྤྲོད་ནུས་ལྡན་ཇེ་མང་དུ་གཏོང་བ་དང་། ཚན་རྩལ་གྲུབ་འབྲས་གཞན་བསྒྱུར་གྱི་སྒུལ་ཤུགས་སྐུལ་སྤེལ་བྱེད་པ། ཚན་རྩལ་གྲུབ་འབྲས་གཞན་བསྒྱུར་གྱི་ལམ་སྲོལ་མཐུན་སྦྱོར་བྱེད་པ་སོགས་འགག་རྩའི་གོ་རིམལ་དམ་པོར་དོ་སྣང་བྱས་ཏེ། མ་ལག་གི་འཆར་འགོད་ལ་ཤུགས་སྣོན་བྱེད་པ་དང་། ཞབས་ཞུའི་མ་ལག་གསར་གཏོད་བྱེད་པ། ཚན་རྩལ་གྲུབ་འབྲས་གཞན་བསྒྱུར་གྱི་སྤུས་ཚད་དང་ཕན་ནུས་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ། ཐོན་སྐྱེད་ནུས་ཤུགས་སྤུས་ཀ་གསར་པའི་ཐོག་ནས་མཚོ་སྔོན་ཐོན་ལས་ཀྱི་“གནས་བཞི”འཛུགས་སྐྲུན་ལ་ནུས་པ་འདོན་དགོས།