ཟླ5པའི་ཚེས29ཉིན། གསར་འགོད་པས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ནས་རྒྱུས་ལོན་བྱས་པ་ལྟར་ན། 2024ལོར་ཞིང་ཆེན་གྱིས་སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་ལྟ་སྐུལ་དོ་དམ་དང་འཕྲལ་སྡོམ་དོ་དམ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ལོ་ཧྲིལ་པོར་ཁྲིམས་འགལ་ཁེ་ལས་ཐེངས་341ཞིབ་བཤེར་ཐག་གཅོད་བྱས་པ་དང་།སྲིད་འཛིན་ཆད་གཅོད་293བྱས་པ། སྤྱི་བདེ་ལས་ཁུངས་ལ་བརྒྱུད་སྤྲོད་བྱས་པའི་གྱོད་གཞི་10བཅས་བྱས་པ་མ་ཟད།སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་བྱེད་མཁན་5ལ་དོན་དངོས་དང་མཐུན་པའི་མི་སྣ་5ལ་བྱ་དགའ་སྤྲད་པ་དང་ཐེར་འདོན་བྱ་དགའ་སྒོར་12700སྤྲད་ནས་སྤྱི་ཚོགས་ཡོངས་ལྟ་སྐུལ་ལ་ཧུར་ཐག་ཞུགས་རྒྱུར་སྐུལ་མ་གཏོང་བཞིན་ཡོད།
སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་བ་དང་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་རིམ་པ་ཁག་གིས་ཁྱོན་བསྡོམས་ཁེ་ལས་ཐེངས་11847ལ་ཞིབ་བཤེར་བྱས་པ་རེད། རྨ་ཙོང་ཆུ་བོ་དང་རྟ་ཐང་ཆུ་བོ་སོགས་གཙོ་གནད་ཆུ་བོ19གི“ཆུ་བོ་གཅིག ཐབས་ཇུས་གཅིག རི་མོ་གཅིག”གི་འཕྲལ་སྡོམ་ཇུས་གཞི་བཟོ་འགོད་དང་མ་ལག་ལྡན་པའི་སྒོ་ནས་སྙན་སེང་ཞུ་རྒྱུ་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ་དང་།སྦགས་བཙོག་དངོས་པོ་འབུད་པའི་འབྱུང་ཁུངས་ལ་དབྱེ་ཞིབ་དང་དུག་ལྡན་གནོད་ལྡན་རླུང་གཟུགས་དང་།རླུང་ཁམས་ཆེན་པོའི་ལྕགས་རིགས་ལྗིད་གྲས་ཀྱི་སྦགས་བཙོག་དངོས་པོ་སྔོན་བརྡ་དང་ཉེན་བརྡ་གཏོང་བར་ཤུགས་སྣོན་བརྒྱབ་པ་དང་། ལོ་ཧྲིལ་པོར་གློ་བུར་དུ་བྱུང་བའི་སྐྱེ་ཁམས་ཁོར་ཡུག་དོན་རྐྱེན་གལ་ཆེན་ཡན་བྱུང་མེད་པ་དང་། སྐྱེ་ཁམས་ཁོར་ཡུག་བདེ་འཇགས་གནས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོད།
སྐྱེ་ཁམས་སྲུང་སྐྱོང་ལྟ་སྐུལ་དོ་དམ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་།“ལྗང་ཕུབ་”རང་བྱུང་སྲུང་སྐྱོབ་བྱ་ཡུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བའི་ལས་དོན་མུ་མཐུད་སྤེལ་བ།རྒྱལ་ཁབ་ཀྱིས་སྤྲད་པའི་ཁག་4ཡི་རང་བྱུང་སྲུང་སྐྱོབ་བྱ་ཡུལ་60དང་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་གི་རྒྱང་ཚོར་ལྟ་ཞིབ་ཚད་ལེན་གྱི་ཁུངས་སྣེ་ཞིབ་བཤེར་སྒྲིག་འཛུགས་ལེགས་གྲུབ་དང་།ཁག་2ཀྱི་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་21ཡི་སྐྱེ་ཁམས་གཏོར་བརླག་གི་དོགས་གཞི་ཡོད་པའི་གནད་དོན་གྱི་རི་མོ་དང་ཁྲ་ཐིག་ཞིབ་བཤེར་དུས་མཉམ་དུ་ལེགས་གྲུབ་བྱས་པ།རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གནད་ཆེའི་གནད་དོན་44ཚང་མ་ལེགས་བཅོས་ལེགས་གྲུབ་བྱས་པ་རེད། རྒྱལ་ཡོངས་ཀྱི་སྐྱེ་ཁམས་གནས་ཚུལ་འགྱུར་ལྡོག་བརྟག་དཔྱད་དཔྱད་དཔོག་ཐེངས་ལྔ་པ་དང་“བྱང་གསུམ་”ལས་གྲྭ་སོགས་སྐྱེ་ཁམས་ཉམས་གསོ་ལས་གྲྭ་གལ་ཆེན་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་ལ་མུ་མཐུད་སྐུལ་འདེད་བཏང་སྟེ།རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལྔ་དང་ལོ་འཁོར་གྱི་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཕན་འབྲས་ལ་དཔྱད་དཔོག་ལེགས་འགྲུབ་བྱ་དགོས།
ཞིང་ཆེན་ཡོངས་ཀྱི་ལྟ་སྐུལ་གནད་དོན་སྣ་ཚོགས་བཅོས་སྒྲིག་བྱེད་པར་གཞི་གཅིག་ངང་སྐུལ་འདེད་བཏང་སྟེ། རེས་སྐོར་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་གྱི་ཡིག་སྐུར་ཡིག་1192ཐེར་འདོན་ཐག་གཅོད་བྱེད་ཚད99.4%ཡིན་པ་དང་།2023ལོར་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཉེན་བརྡའི་གློག་བརྙན་གྱི་གནད་དོན་13བཅོས་སྒྲིག་ལེགས་གྲུབ་བྱེད་ཚད་90.1%ཟིན་ཡོད། ཞིང་ཆེན་རིམ་པའི་ལྟ་ཞིབ་ཀྱི་རལ་གྲི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕན་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་གད་སྙིགས་དང་བཙོག་ཆུ་སོགས་ཀྱི་གནད་དོན་བཅོས་སྒྲིག་དང་མཐོ་རུ་གཏོང་བའི་ཆེད་དོན་བྱ་སྤྱོད་དང་རྨ་ཆུའི་འབབ་རྒྱུད་ཀྱི་སྦགས་བཙོག་བཅོས་སྒྲིག་གི་ཆེད་དོན་ལྟ་ཞིབ་བྱས་ཏེ།གནད་དོན་བཅོས་སྒྲིག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ཕན་འབྲས་དངོས་ཐོན་དགོས། 《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་མ་ལག་འཁོར་སྐྱོད་ལས་དོན་ལམ་སྲོལ་》བཟོས་པ་དང་།འཁོར་སྐྱོད་ནུས་ལྡན་གྱི་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་མ་ལག་ཆགས་རྒྱུར་སྐུལ་འདེད་བཏང་བ་དང་།སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཁྲིམས་འཛིན་དཔེ་མཚོན་གྱོད་དཔེ་8ཡོངས་བསྒྲགས་ངང་དམར་འདོན་བྱས་པ་དང་།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་འགན་འཁྲི་བདའ་འདེད་གནད་དོན་གྱི་ཁུངས་སྣེ་6བརྒྱུད་སྤྲོད་བྱས།