མཚོ་སྔོན་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤུས་ཚད་མཐོ་བའི་ཞིབ་བཤེར་འགན་ནུས་ཀྱིས་མཐོ་སྒང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་བ་སྒྲུབ་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ5པའི་ཚེས27ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད་འགན་ནུས་ལ་རྐང་བཙུགས་ཏེ། སྐྱེ་ཁམས་ཁོར་ཡུག་དང་། ཐོན་ཁུངས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ལས་སྒྲུབ་ཤུགས་ཚད་ཆེ་རུ་བཏང་བ་དང་། ད་ལྟ་ཁྱོན་སྐྱེ་ཁམས་ཁོར་ཡུག་རིགས་ཀྱི་གྱོད་དོན223ལས་སྒྲུབ་བྱས་ཏེ། མཐོ་སྒང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་རོགས་འདེགས་དང་། མཐོ་སྒང་སྐྱེ་ཁམས་སྲུང་སྐྱོང་གི་ལྗང་མདོག་འཕེལ་རྒྱས་སྐུལ་འདེད་ལ་རོགས་འདེགས་བྱས། 

མུ་མཐུད་ནས་ཁྲིམས་འཛིན་གྱོད་དོན་ལས་སྒྲུབ་ལ་ཤུགས་བསྣོན་བྱེད་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་འགལ་ངང་ས་བརྐོ་རྡོ་སློག་དང་རྩྭ་ས་ཧམ་བཟུང་དང་། ནགས་ར་དང་རྨོ་ཞིང་སླར་གསོ་བྱེད་པ་དང་། འབག་བཙོག་དང་ཁྲིམས་འགལ་ངང་ཆུ་རྐང་བེད་སྤྱོད་གཏོང་བ་སོགས་ལ་ལྟ་སྐུལ་བྱས་ཏེ། སྐྱེ་ཁམས་ལེགས་པོ་སྲུང་སྐྱོང་བྱས། སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་ཞུ་གཏུག་སྐོར་བསྐྱོད་ཞིབ་དཔྱོད་ལ་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་ནས་ཁུངས་སྣེ་རྒྱ་བསྐྱེད་པ། གྱོད་དོན་ལས་སྒྲུབ་ཤུགས་ཚད་ཆེ་རུ་གཏོང་བ། རི་སྐྱེས་སྲོག་ཆགས་གནོད་འཚེའི་སྐྱིན་ཚབ་འགྲོ་འགྲོ་ཕྱིར་བསྡུ་བྱེད་པར་ལྟ་སྐུལ་བྱས་ཏེ།སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་སྤྱི་ཕན་གནོད་འཚེའི་འབུར་ཐོན་གནད་དོན་སྐོར་ཞིག་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་། 

འབྲེལ་ཡོད་ས་ཁུལ་སྡེ་ཁག་གིས་གཙོ་གནད་ཁྱབ་ཁོངས་སུ་སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད་དང་།སྲིད་འཛིན་ཁྲིམས་ལུགས་ལག་བསྟར་སྦྲེལ་མཐུད་སྒྲིག་སྲོལ་སྒྲིག་འཛུགས་བྱས་ཏེ། མཚོ་སྔོན་པོའི་ས་ཁུལ་གྱི་སྲིད་འཛིན་ཁྲིམས་ལུགས་ལག་བསྟར་དང་སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད་མཐུན་འགྲིག་སྒྲིག་སྲོལ་སྒྲིག་འཛུགས་འཚོལ་ཞིབ་བྱས་ནས། ཞིང་ཆེན་དང་ཐད་གཏོགས་སྡེ་ཁག7བར་“‘ཀྲུང་ཧྭའི་ཆུ་མཛོད’སྲུང་སྐྱོང་མཁན+སྤྱི་བའི་ཁེ་ཕན་འཐུས་ཚབ”བར་མཐུན་འགྲིག་སྒྲིག་སྲོལ་སྒྲིག་འཛུགས་བྱས་ཏེ། མི་དང་ཆུ་མཉམ་གཅེས་དང་།འཆམ་མཐུན་མཉམ་གནས་ཀྱི་ཆུའི་སྐྱེ་ཁམས་སྲུང་སྐྱོང་རྣམ་པ་འཛུགས་སྒྲུབ་བྱས། ཧུར་ཐག་གིས་སྐྱེ་དངོས་སྔོ་ལྗང་སླར་གསོ་ཁ་གསབ་དང་། སྐྱེ་ཁམས་ཁོར་ཡུག་གནོད་འཚེའི་གྱོང་གུད་སྐྱིན་ཚབ་འཇལ་བ་སོགས་ཀྱི་སླར་གསོ་རྣམ་པ་བེད་སྤྱོད་དང་། ཁྲིམས་ལྟར་ཁྲིམས་འགལ་བྱ་སྤྱོད་ཀྱི་སྐྱེ་ཁམས་ཁོར་ཡུག་གནོད་འཚེའི་སྐྱིན་ཚབ་འཇལ་བའི་འགན་འཁྲི་རྩད་གཅོད་བྱས་ཏེ། མཚོ་བོད་མཐོ་སྒང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་བྱས། 

སྤྱི་བདེ་དང་ནགས་ལས་སོགས་སྡེ་ཁག་གིས་མི་དང་རི་སྐྱེས་སྲོག་ཆགས་བར་གྱི་འགལ་བ་འགོག་སྲུང་སྲིད་འཛིན་ཁྲིམས་ལུགས་ལག་བསྟར་དང་། སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད་དང་སྦྲེལ་མཐུད་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་མཐུན་འགྲིག་སྒྲིག་སྲོལ་སྒྲིག་འཛུགས་བྱེད་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་མི་དང་གཅན་གཟན་བར་གྱི་འགལ་བ་མགོ་ཁུངས་བཅོས་སྐྱོང་ལ་རོགས་འདེགས་སྐུལ་འདེད་བཏང་། འབྲོང་གི་སྤྱི་ཕན་ཞུ་གཏུག་ཁྲིམས་འཛིན་སྲུང་སྐྱོང་ཆེད་དོན་བྱ་འགུལ་སྤེལ་ཤུགས་ཆེ་རུ་བཏང་ནས། འབྲོང་སོགས་སྲོག་ཆགས་རྩ་ཆེན་དང་། འཇིག་ཉེན་ཆེ་བའི་རི་སྐྱེས་སྲོག་ཆགས་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱས་ནས། འབྲོང་སོགས་འཇིག་ཉེན་ཆེ་བའི་སྲོག་ཆགས་རིགས་སྣའི་ཐོན་ཁུངས་མུ་མཐུད་ནས་སླར་གསོ་འཕར་བསྣོན་ཡོང་བར་བྱས། ། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།