ཟླ5པའི་ཚེས28ཉིན། གསར་འགོད་པས་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་མཚོ་སྔོན་ཞིང་ཆེན་གྱི་བདེ་ཐང་གྲོང་གསེབ་འཛུགས་སྐྲུན་གནས་ཚུལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འབྲེལ་ཡོད་ལས་ཁུངས22དང་མཉམ་དུ《མཚོ་སྔོན་ཞིང་ཆེན་གྱི་བདེ་ཐང་གྲོང་གསེབ་འཛུགས་སྐྲུན་ལག་བསྟར་ཇུས་གཞི་5》གཏན་འབེབས་དང་པར་འགྲེམས་བྱས་ཏེ། ཞིང་ཆེན་གྱི་བདེ་ཐང་གྲོང་གསེབ་འཛུགས་སྐྲུན་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ།དམངས་འཚོ་ལེགས་སུ་གཏོང་བ་དང་བདེ་ཐང་བདེ་སྐྱིད་ཀུན་ཕན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་མ་ཟད།ཞིང་འབྲོག་པའི་ཡོང་འབབ་འཕར་བའི་ཐབས་ལམ་ཡང་རྒྱ་སྐྱེད་བཏང་སྟེ།གྲོང་གསེབ་དང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྐུལ་སློང་བྱས་ཏེ།འཚོ་གནས་དང་ལས་རིགས་འཚམ་ཞིང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པར་རོགས་རམ་བྱས་ཏེ།གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་བདེ་ཐང་གི་རྨང་གཞི་བརྟན་པོ་བཏིང་ཡོད།
《ཇུས་གཞི》ནང་བདེ་ཐང་གྲོང་གསེབ་འཛུགས་སྐྲུན་གྱི་སྤྱིའི་དམིགས་ཚད་ཁ་གསལ་བཟོས་ནས་གྲོང་གསེབ་ཀྱི་བདེ་ཐང་འཚོ་བ་ཁྱབ་གདལ་གཏོང་བ་དང་།གྲོང་གསེབ་ཀྱི་བདེ་ཐང་ཞབས་ཞུ་ལེགས་སུ་གཏོང་བ།གྲོང་གསེབ་ཀྱི་བདེ་ཐང་འགན་སྲུང་འཐུས་ཚང་དུ་གཏོང་བ།གྲོང་གསེབ་ཀྱི་བདེ་ཐང་ཁོར་ཡུག་འཛུགས་སྐྲུན།གྲོང་གསེབ་ཀྱི་བདེ་ཐང་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་ཕྱོགས་ལྔ་ཡི་གཙོ་གནད་ལས་འགན་བཏོན་ཡོད། དེའི་ནང་ཞིང་ཕྱུགས་ཁུལ་གྱི་གྲོང་མིའི་བསམ་བློའི་འདུ་ཤེས་བསྒྱུར་རྒྱུ་དང་དཔལ་ཡོན་དང་སྐྱོན་བྲལ་གྱི་འཚོ་བ་སྐྱེལ་སྟངས་ཁྱབ་སྤེལ་གཏོང་རྒྱུ་དེ་གྲོང་གསེབ་ཀྱི་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་ནང་དོན་གལ་ཆེན་དུ་བརྩི་དགོས། “དམངས་ཡོངས་ཀྱི་བདེ་ཐང་འཚོ་བ་སྐྱེལ་སྟངས་ཀྱི་བྱ་སྤྱོད”ལག་བསྟར་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་ནས་བདེ་ཐང་ཤེས་བྱ་ཁྱབ་གདལ་གཏོང་དགོས། ཞིང་འབྲོག་པའི་རྒྱུན་གཏན་གྱི་བདེ་ཐང་གནས་ཚུལ་ལ་དོ་ཁུར་བྱས་ཏེ་མི་ཚོགས་གཙོ་གནད་ཀྱི་བདེ་ཐང་དོ་དམ་དང་ལུས་པོའི་ལྗིད་ཚད་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱིས་རང་ཉིད་བདེ་ཐང་གི་འགན་འཁུར་མི་སྣ་དང་པོ་ལེགས་པར་བྱེད་རྒྱུར་ཁྲིད་སྟོན་བྱེད་དགོས། “བདེ་ཐང་ཀྲུང་གོའི་བྱ་སྤྱོད།ཀྲུང་ལུགས་གསོ་རིག་གི་བདེ་ཐང་སྐུལ་འདེད་བྱ་སྤྱོད”མུ་མཐུད་དོན་འཁྱོལ་བྱས་ནས་འཚོ་བ་སྐྱེལ་སྟངས་ལེགས་སུ་གཏོང་བ་དང་ཀྲུང་(བོད)གསོ་རིག་གི་བདེ་སྲུང་དང་བདེ་སྲུང་མཉམ་འདྲེས་བྱས་ཏེ་རོང་འབྲོག་པའི“རང་འགུལ་བདེ་ཐང་”ལ་སྐུལ་འདེད་གཏོང་དགོས།
གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་སྔར་བས་མཐོ་རུ་བཏང་ནས་རྫོང་རིམ་པའི་སྨན་ཁང་གཙོ་བོར་འཛིན་པ་དང་།ལྟེ་བའི་གྲོང་རྡལ་འཕྲོད་བསྟེན་སྨན་ཁང་ཁྱབ་འགྱེད་དུ་བྱེད།སྤྱིར་བཏང་གི་ཞང་དང་གྲོང་རྡལ་འཕྲོད་བསྟེན་སྨན་ཁང་ལྟེ་གནས་སུ་བྱེད།གྲོང་ཚོའི་འཕྲོད་བསྟེན་ཁང་རྨང་གཞིར་བྱེད་པ་བཅས་ཀྱི་ཕྱོགས་བསྡུས་རྣམ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་དགོས། རྫོང་ཁོངས་སྨན་བཅོས་ཐུན་མོང་སྒྲིག་གཞིའི་དྲ་སྦྲེལ་སྨན་ཁང་འཛུགས་སྐྲུན་དང“སྤྲིན་སྨན་ཁང་”ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་དགོས། རྫོང་ཁོངས་སྨན་བཅོས་ཐུན་མོང་སྒྲིག་གཞི་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་།“ཞང་གདན་ཞུའི་གྲོང་སྤྱོད”དོན་འཁྱོལ་བྱས་ཏེ།ཞིང་ཆེན་དང་གྲོང་ཁྱེར་གྱི་སྨན་ཁང་གིས་རོགས་སྐྱོར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་།རིགས་གཅིག་མཁས་ཅན་དམའ་རུ་སྐོར་ཞིབ་བྱེད་པ།གཞི་རིམ་གྱི་ཁྱད་ཆོས་ལྡན་པའི་ཆེད་ལས་ཚན་ཁག་གསོ་སྐྱོང་བཅས་བྱས་ཡོད། སྨན་བཅོས་དང་གསོ་སྐྱོང་ཟུང་འབྲེལ་དང་སྨན་བཅོས་དང་གསོ་སྐྱོང་ཟུང་འབྲེལ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ།“རྒན་པ་གཅིག་དང་བྱིས་པ ་གཅིག”གི་བདེ་ཐང་ལྟ་སྐྱོང་གི་དཀའ་གནད་ཐག་གཅོད་བྱེད་དགོས། བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་གྲོང་གསེབ་ཀྱི་བདེ་ཐང་འགན་སྲུང་ལ་ཤུགས་སྣོན་བརྒྱབ་པ་དང་།སྨན་བཅོས་འགན་སྲུང་སྡེ་ཚན་གྱིས་གཞི་རྩའི་སྨན་བཅོས་འགན་སྲུང་དང་། ནད་ཚབས་ཆེན་གྱི་འགན་སྨན། སྨན་བཅོས་རོགས་སྐྱོབ་བཅས་ཀྱི་འགན་སྲུང་གསུམ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་།ནད་ཀྱི་དབང་གིས་དབུལ་ཕོངས་སུ་འགྱུར་བར་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་བཏང་བ། འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱིས“སྔོན་ལ་སྨན་ཁང་དུ་བསྡད་རྗེས་བསྡོམས་རྩིས་བྱེད་པ”དང“གཅིག་འཐེན་པའི”ཞབས་ཞུ་མུ་མཐུད་དུ་དོན་འཁྱོལ་བྱས་ཏེ།དབུལ་ཕོངས་སྔོན་འགོག་ལྟ་ཞིབ་ཚད་ལེན་གྱི་ལས་དོན་རྒྱུན་ལྡན་ཅན་དུ་སྤེལ། རྫོང་ཁོངས་སྨན་བཅོས་ཐུན་མོང་སྒྲིག་གཞི་དང་སྨན་བཅོས་འགན་སྲུང་བསྡོམས་རྩིས་མ་ལག་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་སྲིད་འཛིན་གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྨན་བཅོས་འགན་སྲུང་གཏན་འཁེལ་ཡོངས་སུ་ཁྱབ་རྒྱུར་སྐུལ་འདེད་གཏོང་དགོས།
ཞིང་ཕྱུགས་ཁུལ་གྱི་ཆུ་མཁོ་འདོན་དང་།ཆུ་ཕྱིར་གཏོང་།གད་སྙིགས་གཙང་སེལ་བཅས་ཀྱི་སྒྲིག་བཀོད་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་འཐུང་ཆུ་བདེ་འཇགས་ཡོང་བ་དང་།བཙོག་ཆུ་ཚད་གཞི་དང་བསྟུན་ནས་ཕྱིར་གཏོང་བྱེད་པ།གད་སྙིགས་དུས་ཐོག་ཏུ་གཙང་སེལ་བཅས་བྱེད་དགོས། ཆུ་མཁོ་འདོན་ལས་གྲྭ་ལེགས་སུ་གཏོང་བ་དང་།ཚན་རིག་དང་མཐུན་པའི་སྒོ་ནས་གསང་སྤྱོད་བཅོས་བསྒྱུར།བཙོག་ཆུ་རིགས་དབྱེ་ནས་བཅོས་སྐྱོང་བྱེད་པ།གྲོང་ཚོ་གཙང་སྦྲའི་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་གྲོང་གསེབ་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་མུ་མཐུད་ལེགས་བཅོས་བྱེད་དགོས། ཁྱད་ཆོས་ལྡན་པའི་བདེ་ཐང་གསོ་སྐྱོང་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་།ས་མཐོའི་ཁྱད་ཆོས་ལྡན་པའི་བདེ་ཐང་ཀྲུང་སྨན་འདེབས་འཛུགས་དང་བཟའ་བཅའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་(བོད)སྨན་ཟས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།བདེ་ཐང་ངལ་ལས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།ས་མཐོའི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་འཁོར་སྐྱོད་དཔལ་འབྱོར་གྱི་རྩ་ཆེའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་དངོས་སྨན་རྫས་ཐོན་ལས་མ་ལག་གཏོད་དགོས།