ཞིང་ཆེན་སྲིད་གྲོས་ཀྱིས་ཁམས་གསོའི་ཐོན་ལས་དང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་དམིགས་ནས་རྟོག་ཞིབ་སྤེལ།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ4པའི་ཚེས22ཉིན་ནས་ཚེས23ཉིན་བར། ཞིང་ཆེན་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཁག་ཅིག་རྩ་འཛུགས་བྱས་ཏེ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་སོང་ནས་ཁམས་གསོའི་ཐོན་ལས་དང་སྐྱེ་ཁམས་ཡུལ་སྐོར། ཁམས་གསོའི་ཟས་རིགས། སྨན་བཅོས་སོགས་ཀྱི་འབྲེལ་ཡོད་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་ལ་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་རྫོང་གཉིས་ཀྱི་དམངས་གཉེར་ཁེ་ལས་དང་ཐོན་ལས་གླིང་ཁུལ། ཞིང་སྡེའི་ཁམས་གསོའི་དམངས་སྲོལ་མགྲོན་ཁང་སོགས་སུ་སོང་ནས། རྫོང་ཁོངས་ཀྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་མཐོ་སྒང་གི་ཁམས་གསོའི་ཐོན་ལས་གསོ་སྤེལ་གྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། འབྲེལ་ཡོད་གནད་དོན་ཐད་བཞུགས་མོལ་བརྗེ་རེས་བྱས།

རྟོག་ཞིབ་ཚན་ཆུང་གིས་རྨ་ལྷོ་དང་མཚོ་ལྷོ་ཁུལ་གཉིས་ཀྱིས་རང་ངོས་ཀྱི་རིག་གནས་ཁྱད་ཆོས་དང་ཐོན་ཁུངས་ཀྱི་དགེ་མཚན་དང་ཟུང་འབྲེལ་ལེགས་པོ་བྱས་ཤིང་། གལ་ཆེ་བ་དམ་འཛིན་དང་གལ་མི་ཆེ་བ་ཟུར་འཇོག་བྱེད་པ་རྒྱུན་འཁྱོངས། གཅིག་འདོམས་མཐུན་སྦྱོར་དང་ཕྱོགས་བསྡུས་ཇུས་བསྟར་བྱས་ཏེ། དམངས་གཉེར་དཔལ་འབྱོར་ཀྱི་གསོན་ཤུགས་སྐྱེད་པ་དང་། ཁམས་གསོའི་ཐོན་ལས་འཕེལ་རྒྱས་བཏང་སྟེ། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་ལ་རོགས་ཤུགས་བཏོན་པར་འདོད། རྟོག་ཞིབ་ཚན་ཆུང་གིས་ཐོན་ཁུངས་ཀྱི་དགེ་མཚན་ལ་རྐང་འཛུགས་པ་དང་། མི་རིགས་རིག་གནས་དང་སྐྱེ་ཁམས་ཐོན་ཁུངས། ཁམས་གསོའི་ཐོན་ལས་བཅས་ཀྱི་མཉམ་འདྲེས་སྦས་ཤུགས་སྔོན་འདོན་ཟབ་མོ་བྱས་ཏེ། སྐྱེ་ཁམས་ཡུལ་སྐོར་དང་ཁམས་གསོའི་ཟས་རིགས། སྨན་བཅོས་ཞབས་ཞུ་སོགས་ཐོན་ལས་དང་ཁམས་གསོའི་ནུས་པ་གཙོ་བོ་མཐུན་འགྱུར་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་བ་དང་། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཁམས་གསོའི་ཟོང་རྟགས་བསྐྲུན་དགོས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱལ་དམིགས་ནས། ཁེ་ལས་ལ་ཕན་པའི་སྲིད་ཇུས་གནད་འཁེལ་སྒོས་དོན་འཁྱོལ་བྱེད་པ་དང་། དངུལ་འདྲེན་དང་ས་ཞིང་བེད་སྤྱོད་སོགས་ཀྱི་དཀའ་གནད་ཐག་གཅོད་བྱས་ཏེ། སྲིད་གཞུང་དང་ཁེ་ལས་ཀྱི་འབྲེལ་འདྲིས་རྐྱེན་སྲོལ་འཐུས་ཚང་འཛུགས་པ་དང་། དམངས་གཉེར་ཁེ་ལས་ཀྱི་གསར་གཏོད་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་སྐྱེད་ཅིང་། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཞབས་ཞུའི་སྡེབ་སྒྲིག་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཐོན་ལས་ཕྲེང་སྦྲེལ་ཇེ་རིང་དུ་གཏོང་བ། ཞབས་ཞུའི་མི་འདང་ས་ཁ་གསབ་བྱས་ཏེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་མིང་གྲགས་ཚད་དང་ཁྲོམ་རའི་འགྲན་རྩོད་ནུས་པ་མཐོར་འདེགས་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་རྒྱུན་མཐུད་སྒོས་སྟོབས་ནུས་སྩོལ་དགོས་ཞེས་བསྟན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།