སློབ་སྦྱོང་སློབ་གསོ་བྱ་བ་དེ་གཞི་རིམ་དང་དངོས་ཡོད་ལ་བཅར་བའི་ཆེད་དུ། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་ལས་བྱེད་པས“ཡོངས་བརྟོལ་རྣམ་པའི”བརྟག་ཞིབ་དང་སྣེ་ཁྲིད་སྡེ་ཁག་གིས་ཆེད་དོན་བརྟག་ཞིབ་བྱེད་པ། སློབ་སྦྱོང་སློབ་གསོ་བྱ་བའི་ཆེད་དོན་འཛིན་གྲྭས་འབྲེལ་སྣེ་བརྟག་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ཅིང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ8དང་རྫོང་དང་གྲོང་ཁྱེར45། ཁེ་ལས39བཅས་སུ་སོང་ནས། གནད་དོན་རྩད་གཅོད་དང་། གཞི་རིམ་མང་ཚོགས་ཀྱིས་སེམས་ཁུར་བྱེད་སའི་དཀའ་གནད་རྒྱུས་ལོན་བྱས་ཏེ། སློབ་སྦྱོང་སློབ་གསོ་བྱ་བ་ཟབ་འཇུག་ཟབ་སྤེལ་བྱེད་པར་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་།
ཞིང་ཆེན་ཏང་ཨུས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་འགན་འཁྲི་འཁུར་བ་དང་། རིམ་པ་སོ་སོའི་ཏང་ཨུའི(ཏང་ཙུའུ)འགན་འཁུར་བློ་མཐུན་གཙོ་བོས་འགན་འཁུར་པ་དང་པོའི་ལས་འགན་ནན་འཁུར་བྱེད་པའི་བླང་བྱ་གསལ་བོར་བཏོན་ཞིང་། མགོ་ཁྲིད་ཚན་ཆུང་གི་ཁོངས་མིས“ལས་རྐང་གཅིག་ནས་འགན་འཁྲི་གཉིས་འཁུར་དགོས་པའི”བླང་བྱ་ལྟར། ལས་བགོས་དོ་དམ་སྡེ་ཁག་གི་སློབ་སྦྱོང་སློབ་གསོ་བྱ་བ་ལེགས་འཛིན་བྱས། ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པས་གྲོང་གསེབ་དར་སྤེལ་ལ་འབྲེལ་གཏུག་དང་གཙོ་གནད་ཁེ་ལས་བྱ་བའི་བཀོད་སྒྲིག་འགན་ལེན་ལ་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པ35ཡིས་གྲོང་གསེབ་དར་སྤེལ་ལ་ལྟ་སྐུལ་མཛུབ་སྟོན་དང་ཁེ་ལས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་བྱེད་པའི་གོ་རིམ་ཁྲོད། སོ་སོར་རྫོང1(གྲོང་ཁྱེར་དང་ཆུས། སྲིད་ཨུ།)དང་གཙོ་གནད་ཁེ་ལས1ལ་འབྲེལ་གཏུག་དང་མཛུབ་སྟོན་བྱེད་པ་དང་། སློབ་སྦྱོང་སློབ་གསོ་བྱ་བའི་བརྗོད་དོན་ལ་དམིགས་པ། “ཡོངས་བརྟོལ་རྣམ་པའི”བརྟག་ཞིབ་བྱེད་པ། གཞི་རིམ་གྱི་བསམ་འཆར་དང་རེ་ཞུར་ཉན་པ། ས་ཁུལ་དང་ཁེ་ལས་ཀྱིས་གནད་དོན་རྩད་གཅོད་ཞིབ་མོ་བྱེད་པར་མཛུབ་སྟོན་དང་བརྟག་ཞིབ་བྱེད་པ། བསམ་འཆར་དང་བསམ་ཚུལ་སྡུད་ལེན་བྱེད་པ་བཅས་ཀྱིས། སློབ་སྦྱོང་སློབ་གསོ་བྱ་བའི་གནས་ཚུལ་རྒྱུས་ལོན་གང་ལེགས་བྱས།
ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་སློབ་སྦྱོང་སློབ་གསོ་བྱ་བའི་ཆེད་དོན་བརྟག་ཞིབ་ཞིབ་ཚགས་ཀྱིས་ཇུས་འགོད་དང་། འབྲེལ་ཡོད་ལས་རིགས་སྡེ་ཁག་དང་མཐུན་སྦྱོར་བྱེད་པ། འཇོན་མིའི་སྟོབས་ཤུགས་སྐོང་འཐེན་དང་བཀོད་སྒྲིག་བྱེད་པ། བརྟག་ཞིབ་བྱ་བའི་ཚན་ཆུང8རྩ་འཛུགས་བྱས་ཏེ། ཟི་ལིང་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། དེ་མིན་ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་མཐོ་རིམ་སློབ་གྲྭ། སྨན་ཁང་། ཁེ་ལས་སོགས་ཁྱབ་ཁོངས་སུ་ཡུལ་དངོས་བརྟག་ཞིབ་བྱས་པ་དང་། བཞུགས་མོལ་བརྗེ་རེས་བྱེད་ཐབས་ལ་བརྟེན་ནས། སྡེ་བའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་། ཞང་དང་གྲོང་རྡལ་ལས་ཁུངས་ཀྱི་ལས་བྱེད་པ་དཀྱུས་མ། ཏང་ཡོན་དང་མང་ཚོགས། རང་ཁྱབ་ཁོངས་དང་ཁོངས་གཏོགས་ཀྱི་ལས་བཟོ་བ་དཀྱུས་མ། ཞབས་འདེགས་ཞུ་ཡུལ་སོགས་དང་བཞུགས་མོལ་བརྗེ་རེས་ཐེངས11སྤེལ་བར་མ་ཟད། གཞི་རིམ་གྱི་ཏང་ཡོན་མང་ཚོགས600ལྷག་དང་ཁ་བརྡ་བྱས་ལ། བརྟག་ཞིབ་དྲི་ཤོག400བཀྲམ། དེ་ལས་གཞན་ད་དུང་ཁྱབ་ཁོངས་སོ་སོར་གནས་པའི་གནད་དོན་ཚབས་ཆེན་དང་དེའི་ཞིབ་ཕྲའི་མངོན་སྟངས་གཙོ་བོར་བཟུང་ནས་རྒྱུས་ལོན་བྱས་པ་དང་། རིམ་པ་སོ་སོའི་མགོ་ཁྲིད་ཚན་ཆུང་དང་ཏང་ཡོན་ལས་བྱེད་པར་གནས་པའི་གནད་དོན་ཚབས་ཆེན་རྒྱུས་ལོན་རགས་ཙམ་བྱས་ཤིང་། གཞི་རིམ་མང་ཚོགས་ཀྱི་བསམ་ཕྱོགས་དང་རེ་འདུན་རྒྱུས་ལོན་བྱས་ཏེ། སློབ་སྦྱོང་སློབ་གསོའི་བྱ་བ་གཏིང་ཟབ་སྒོས་སྤེལ་བར་གཞི་རིམ་གྱི་ལས་ཡུལ་དང་པོའི་རྒྱུ་ཆ་འདོན་སྤྲོད་བྱས།
ཞིང་ཆེན་ཏང་ཨུའི་སློབ་སྦྱོང་སློབ་གསོ་བྱ་བའི་ཆེད་དོན་འཛིན་གྲྭས་རྒྱུ་ཆའི་འགག་རྩའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ལས་རིགས་དང་ཁྱབ་ཁོངས་མི་འདྲ་བའི་ཁྱད་ཆོས་ལ་དམིགས་ཏེ། སྟབས་བསྟུན་སྣ་མང་གི་བྱེད་ཐབས་སྤྱད་དེ་གོ་རིམ་ཡོངས་སུ་སྤེལ་བར་མཛུབ་སྟོན་བྱས། ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པ་མ་སླེབས་པའི་རྫོང(གྲོང་ཁྱེར་དང་ཆུས)ལ་ཆེད་དོན་འཛིན་གྲྭའི་ཚན་ཆུང་སོ་སོའི་ཚན་གཙོ་བཀོད་སྒྲིག་བྱས་ཏེ་འབྲེལ་གཏུག་དང་མཛུབ་སྟོན་བྱས། 《འབྲེལ་གཏུག་མཛུབ་སྟོན་གྱི་འགྲོ་རིམ་པར་རིས》དང《སློབ་སྦྱོང་སློབ་གསོ་བྱ་བའི་སྐུལ་འདེད་རེའུ་མིག》ཞིབ་མོར་སྒྲིག་བཟོ་བྱས་པ་དང་། ཐིང་རིམ་པའི་མགོ་ཁྲིད4ཡིས་སྣེ་ཁྲིད་དེ་མཛུབ་སྟོན་བྱེད་པ། འབྲེལ་གཏུག་པ14ཡིས་རྗེས་འདེད་ལྟ་སྐུལ་བྱས་པར་མ་ཟད། འཕྲེད་དུ་ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་ཁེ་ལས་ལས་དོན་སྡེ་ཁག82དང་། གཞུང་དུ་གྲོང་ཁྱེར་དང་ཁུལ8དང་སྣེ་དང་སྣེ་སྦྲེལ་བའི་མཛུབ་སྟོན་བྱ་བའི་ནང་རྐྱེན་བཙུགས།“ཞིང་ཆེན་རིམ་པའི་ཆེད་དོན་འཛིན་གྲྭ+ལྟ་ཞིབ་ས་ཚིགས་ཀྱི་འབྲེལ་གཏུག་མཛུབ་སྟོན”ནང་རྐྱེན་ལ་བརྟེན་ནས། གཞི་རིམ་གྱི་ལྟ་ཞིབ་ས་ཚིགས15བཀོད་སྒྲིག་བྱེད་པ་དང་། སློབ་སྦྱོང་སློབ་གསོ་བྱ་བའི་ཆེད་དོན་བརྟག་ཞིབ་མཛུབ་སྟོན་དུས་ཐོག་ཏུ་སྤེལ། ཟླ4པའི་ཟླ་དཀྱིལ་བར་དུ། ལྟ་ཞིབ་ས་ཚིགས་ཀྱིས་གནད་དོན་ཁུངས་སྣེ36འདོན་སྤྲོད་བྱས་པ་དང་། དེའི་ཁྲོད་ཀྱི་གནད་དོན31དུས་ཐོག་ཏུ་ལས་སྒྲུབ་བྱས་ལ། གནད་དོན5ནི་གསར་རྙེད་ཁུངས་སྣེ་ཡིན། བྱ་བའི་གསལ་འདེབས་དང་བྱ་བའི་ལན་ལྡོན་བསམ་འཆར་དཔར་འགྲེམས་བྱས་པ་དང་། ཞིང་ཆེན་ཐད་གཏོགས་ལས་རིགས་སོ་སོའི་གཙོ་འགན་སྡེ་ཁག་གིས་ལས་རིགས་གང་དེའི་རང་སྟེང་གི་དགེ་མཚན་འདོན་སྤེལ་བྱེད་པར་བཀོད་སྒྲིག་བྱས་ཏེ། ལས་རིགས་སྡེ་ཁག་རང་ཉིད་ཀྱི་སློབ་སྦྱོང་བགྲོ་གླེང་དང་གནད་དོན་རྩད་གཅོད། གཅིག་བསྡུས་བཅོས་སྐྱོང་། སྒོ་འབྱེད་སློབ་གསོ་བཅས་ཀྱི་གོ་རིམ་ཡོངས་སུ་མཛུབ་སྟོན་དང་ལྟ་ཞིབ་བྱས་པས། ལས་རིགས་སོ་སོ་དང་ཁྱབ་ཁོངས་སོ་སོའི་མཉམ་འགུལ་ནུས་ལྡན་དང་ཐོན་ཁུངས་མཉམ་རོལ། མཉམ་ལས་སྐུལ་འདེད་བཅས་མངོན་འགྱུར་བྱུང་། །