མང་ཚོགས་ཉེ་འགྲམ་གྱི་སྤྱོད་ཚུལ་ངན་པ་དག་ཐེར་ལེགས་བཅོས་དང་རུལ་སུངས་གནད་དོན་གཅིག་བསྡུས་བཅོས་སྐྱོང་བྱེད་པར་ཕན་འབྲས་དངོས་ཐོན་པ་དང་། རྒྱ་ཆེའི་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་དངོས་གནས་སྲུང་སྐྱོང་བྱེད་ཆེད། ཉེ་ཆར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དྲུག་ཆེན་སུམ་མདོ་གྲོང་རྡལ་གྱིས་མང་ཚོགས་ཀྱི་རེ་ཞུ་གོ་གནས་དང་པོར་འཇོག་པའི་ཡིད་ཆེས་བརྟན་པོ་བཅངས་ནས། མང་ཚོགས་ཉེ་འགྲམ་གྱི་སྤྱོད་ཚུལ་ངན་པ་དང་རུལ་སུངས་ཀྱི་གནད་དོན་ལ་ཐད་ཀར་གདོང་གཏད་པ་དང་། མ་མཐའི་འཚོ་བའི་འགན་སྲུང་དང་ལོ་ན་རྒན་པའི་ཁ་གསབ་སོགས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་ཡོད་ཀྱི་དམངས་འཚོའི་འགན་སྲུང་གི་གནད་འགག་ཁྱབ་ཁོངས་སུ། དྲུག་ཆེན་སུམ་མདོ་གྲོང་རྡལ་གྱིས་ཆགས་སྟངས་གནད་ཁེལ་དུ་བཀོད་སྒྲིག་དང་། འབེན་ལ་གཟས་ནས་རྡུང་རྡེག་བཏང་སྟེ། གཅིག་བསྡུས་བཅོས་སྐྱོང་བྱ་བ་གཏིང་ཟབ་ཏུ་སྤེལ། མ་མཐའི་འཚོ་བའི་འགན་སྲུང་གི་འགུལ་རྣམ་ལེགས་སྒྲིག་ནན་འཛིན་བྱས་ཏེ་འགན་སྲུང་སྔར་ལས་གནད་དུ་འཁེལ་བར་བྱས། དམའ་སྲུང་འགུལ་རྣམ་ལེགས་སྒྲིག་བྱེད་པའི་བྱ་བའི་ཁྲོད། དྲུག་ཆེན་སུམ་མདོ་གྲོང་རྡལ་གྱིས“འགན་སྲུང་བྱ་འོས་པར་འགན་སྲུང་བྱེད་ཅི་ཐུབ་དང་། ཕྱིར་འཐེན་བྱ་དགོས་པ་ཕྱིར་འཐེན་བྱེད་ཅི་ཐུབ”ཀྱི་རྩ་དོན་གཞིར་བཟུང་སྟེ། དམངས་སྲིད་ལས་འཛིན་པས་གྲོང་རྡལ་ཡོངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཁྱིམ་ཚང་ལ་ཆད་ལུས་མེད་པར་གྲལ་བཤེར་བྱས། དམངས་སྲིད་ཀྱི་གཞི་གྲངས་ཆེན་མོའི་སྟེགས་བུར་གཤིབ་བསྡུར་དང་ཡུལ་དངོས་འདྲི་གཏུག ཁྱིམ་མཚེས་གཡས་གཡོན་ལ་བརྟག་དཔྱད་བྱེད་པ་བཅས་ཀྱི་བྱེད་ཐབས་བརྒྱུད་དེ། མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་གྱི་འགྱུར་ལྡོག་ལ་གནད་འཁེལ་དུ་ཞིབ་འབེབས་བྱས། ཐེངས་འདིའི་གྲལ་བཤེར་ཁྲོད་མ་མཐའི་འཚོ་བའི་འགན་སྲུང་གི་ཁྱིམ་ཚང་ཡོང་སྒོ་འགན་སྲུང་ཚད་ཐིག་ལས་བརྒལ་ཡོད་པའི་ཁྱིམ་ཚང་གཅིག་ཀྱང་མ་བྱུང་།
མ་མཐའི་འཚོ་བའི་འགན་སྲུང་གི་ཁོངས་སུ་འཇུག་དགོས་པ་དག་འཇུག་ཅི་ཐུབ་བྱེད་པ་མངོན་འགྱུར་བྱ་ཆེད། དྲུག་ཆེན་སུམ་མདོ་གྲོང་རྡལ་གྱིས་དོ་དམ་བྱེད་ཐབས་སྣ་ཚོགས་མཉམ་སྤྱོད་བྱས། ཕྱོགས་གཅིག་ནས་སྲིད་ཇུས་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་བཏང་བ་སྟེ། དྲིལ་སྒྲོག་ལག་དེབ་བཀྲམ་པ་དང་ཁྱིམ་དུ་སོང་ནས་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། གྲོང་རྡལ་ཡོངས་ཀྱི་སྡེ་བ4རུ་ཟབ་ཞུགས་བྱས་ནས་མ་མཐའི་འཚོ་བའི་འགན་སྲུང་གི་རེ་ཞུའི་ཆ་རྐྱེན་དང་སྒྲུབ་པའི་འགྲོ་ལུགས་སོགས་ཤེས་བྱ་ཁྱབ་གདལ་དུ་བཏང་བ་དང་། དམངས་ཕན་སྲིད་ཇུས་ཁྱིམ་ཚང་ཡོངས་ལ་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བར་བྱས། ཕྱོགས་གཞན་ཞིག་ནས། རང་འགུལ་གྱིས་འགན་སྲུང་བྱ་ཡུལ་ལ་གྲལ་བཤེར་བྱེད་པ་དང་། ནད་དང་དབང་པོ་སྐྱོན་ཅན་། གྱོང་གུན་ཐེབས་པ་སོགས་ཀྱི་དབང་གིས་དབུལ་པོར་གྱུར་པའི་ཁྱིམ་ཚང་གཙིགས་སུ་བཟུང་ནས་དོ་ཁུར་བྱས། མིག་སྔའི་བར་དུ་གྲལ་བཤེར་བྱས་པ་བརྒྱུད་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་ཐིག་དང་མཐུན་པའི་ཁྱིམ་ཚང2གསར་དུ་བསྣན་ཡོད་པ་དང་། དམའ་སྲུང་སྲིད་ཇུས་ཀྱི་ཁེབས་རྒྱ་དངོས་གནས་རྒྱ་བསྐྱེད་དེ། དཀའ་ཁག་མང་ཚོགས་སྔར་ལས་མང་པོར་སྲིད་ཇུས་ཀྱི་ཁེ་བཟང་ལོངས་སུ་སྤྱོད་དུ་བཅུག
དྲུག་ཆེན་སུམ་མདོ་གྲོང་རྡལ་གྱིས་མང་ཚོགས་ཉེ་འགྲམ་གྱི་སྤྱོད་ཚུལ་ངན་པ་དང་རུལ་སུངས་ཀྱི་གནད་དོན་ལ་དམིགས་ཏེ། ལོ་ན་རྒན་པར་ཁ་གསབ་སྟེར་བ་དེ་དོ་དམ་བྱེད་པའི་འཛིན་ལུང་དུ་བཟུང་སྟེ། ལྟ་རྟོག་བྱེད་ཤུགས་ཇེ་དྲག་དང་ཞིབ་བཤེར་གནད་འཁེལ་བྱེད་པ། ཞབས་ཞུ་ལེགས་བསྒྱུར་བྱེད་པ་བཅས་བརྒྱུད་དེ། དམངས་ཕན་མ་དངུལ་གནད་འཁེལ་དུ་གཏོང་སྤྲོད་བྱེད་པ་དང་བདེ་འཇགས་ངང་བཀོལ་སྤྱོད་ཐུབ་པར་ཁག་ཐེག་བྱས། མ་མཐའི་འཚོ་བའི་འགན་སྲུང་ལ་འགུལ་རྣམ་ལེགས་སྒྲིག་དང་དེའི་ཁོངས་སུ་འཇུག་འོས་པ་འཇུག་ཅི་ཐུབ་བྱེད་པ་དང་། ལོ་ན་རྒན་པའི་ཁ་གསབ་སོགས་ཐད་ལ་གཅིག་བསྡུས་བཅོས་སྐྱོང་བྱས་པ་བརྒྱུད། དྲུག་ཆེན་སུམ་མདོ་གྲོང་རྡལ་གྱིས་དམངས་འཚོའི་འགན་སྲུང་ཁྱབ་ཁོངས་ཀྱི་སྤྱོད་ཚུལ་ངན་པ་དང་རུལ་སུངས་ཀྱི་གནད་དོན་ཡོ་བསྲང་ནུས་ལྡན་བྱས་པས། མང་ཚོགས་ཀྱི་ཡིད་ཚིམས་ཚད་མངོན་གསལ་གྱིས་མཐོར་འདེགས་བྱུང་། རྗེས་ཕྱོགས། དག་ཐེར་ལེགས་བཅོས་ཀྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་། ཡུན་ཕན་གྱི་ལྟ་ཞིབ་དོ་དམ་ནང་རྐྱེན་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། དམངས་ཕན་སྲིད་ཇུས་རེ་རེ་གནད་འཁེལ་དུ་དོན་འཁྱོལ་བྱས་ནས་རྒྱ་ཆེའི་མང་ཚོགས་ལ་ཕན་བདེ་བསྐྲུན་རྒྱུ་རེད། །